དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གླུ་ལེན་གར་འཁྲབ་ཀྱིས་གཉེན་ཉེར་ཕེབས་བསུ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        “ཟླ་10ཚེས་18ཉིན་གྱི་ཞོགས་པ་སྔ་པོ་ནས་གྲ་ནང་རྫོང་དཀྱིལ་རུ་ཤང་རོག་གྲོང་ཚོའི་མང་ཚོགས་40ལྷག་ཙམ་གྱིས་ལས་ཀ་བྱེད་མཚམས་བཞག་སྟེ་གཟབ་མཆོར་སྤྲས་པ་དང་། དཀར་གཙང་ཁ་བཏགས་དང་། གྲོ་སོ་ཕྱེ་མར། མངར་སིལ་ལྡན་པའི་ཆང་བཅས་འཁྱེར་ཏེ་གཟབ་རྒྱས་ཆེ་ལ་བབ་ཆགས་པའི་གུས་ལུགས་ཀྱི་ཐོག་ནས་ཁོང་ཚོའི་སེམས་ནང་གི “དམངས་ཕན་ལས་དོན་རུ་ཁག ”རོག་གྲོང་ཚོར་བཅའ་སྡོད་ལྷོ་ཁ་ས་ཁུལ་སྤུས་བཤེར་ཅུས་ཀྱི་ལས་དོན་རུ་ཁག་ལ་ཕེབས་བསུ་ཞུས་པ་རེད།

        “དེ་རིང་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་ཞིང་། ལས་དོན་རུ་ཁག་གིས་ང་ཚོར་འཕེལ་རྒྱས་གསར་པ་མངོན་འགྱུར་ཡོང་རོགས་གནང་རྒྱུའི་རེ་བ་ཡོད། ཁོང་རྣམ་པས་ང་ཚོའི་གྲོང་ཚོར་རྣམ་པ་གསར་རྐྱང་ཞིག་སྦྱིན་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད ” དགའ་བསུ་ཞུ་བར་མཉམ་དུ་ཡོང་མཁན་ཨ་མ་ཆོས་སྒྲོན་གྱིས་ལས་དོན་རུ་ཁག་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད་པ་རེད།

        ལས་དོན་རུ་ཁག་འབྲེལ་གཏུག་ས་ཚིགས་སུ་འབྱོར་མ་ཐག་སྐུལ་སློང་དང་དྲིལ་བསྒྲགས་ཚོགས་འདུ་འཕྲལ་མར་སྒྲིག་འཛུགས་བྱས་ཤིང་། “ང་ཚོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ས་ཁུལ་གྱི་རིམ་པ་གཉིས་པའི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་ལ་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་བའི་བླང་བྱ་ལྟར་སྤུས་འབོར་གཉིས་ལྡན་གྱིས་ལས་དོན་ཁག་ལེགས་པར་བསྒྲུབས་ནས་སློབ་སྦྱོང་དང་ལས་ཀའི་སྒྲིག་ལམ་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དེ་རོག་གྲོང་ཚོར་ནམ་ཡང་གནས་ཐུབ་པའི་དཔུང་ཁག་གཅིག་ཏུ་འགྱུར་བ་བྱ་རྒྱུ་ཡིན ”ཞེས་ས་ཁུལ་སྤུས་བཤེར་ཅུས་ཀྱི་ཅུས་ཀྲང་ཚེ་རིང་སྒྲོལ་དཀར་གྱིས་བཤད།

        ལས་དོན་རུ་ཁག་གི་ཁོངས་མི་ཆོས་སྒྲོན་གྱིས་ང་ཚོས་ངེས་པར་དུ་ཅུས་ཏང་ཙུའུ་ཡི་མངགས་བཅོལ་ཟབ་མོ་དང་མི་དམངས་མང་ཚོགས་ཀྱི་རེ་བ་ནན་པོ་ཆུད་ཟོས་སུ་མི་གཏོང་བར་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ཐག་གཅོད་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གནས་བབ་དང་པོར་བཞག་སྟེ་གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་སྤེལ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།