དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • མཐའ་མཚམས་གྲོང་ཚོར་ཏང་དར་དམར་མདངས་བཀྲ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གངས་ལྗོངས་ས་མཐོར་ཏང་དར་གཡོ།

        ས་དགའ་རྫོང་ཁྲང་སྒོ་ཤང་གྲོང་ཚོ་དང་པོ་ནི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་བའི་མཐའ་མཚམས་གྲོང་ཚོ་ཞིག་ཡིན་པ་དང་ནེ་པ་ལ་དང་ས་འབྲེལ་ཡིན་ཞིང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5375ཡོད་པ་དང་གྲོང་ཚོ་དེ་ཡོངས་སུ་དུད་ཚང་89དང་མི་གྲངས་386ཡོད་པའི་ནང་ཏང་ཡོན་13ཡོད། ཉེ་བའི་ལོ་ཤས་རིང་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་དང་འབྲོག་པ་མང་ཚོགས་ཀྱི་སྣེ་འཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་པའི་ཐད་ཁྲང་སྒོ་ཤང་གྲོང་ཚོ་དང་པོའི་ཏང་ཀྲི་པུའུ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་དང་གྲོང་ཚོ་དང་པོའི་ཏང་ཀྲི་པུའུ་ལ་2010ལོར་རང་སྐྱོང་ལྗོངས་ཀྱིས “སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས ”ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

        ཚན་ཁག་ལ་ཤུགས་སྣོན་རྒྱག་པ་དང་ལམ་སྲོལ་བཙུགས་ཏེ་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་ཆེ་རུ་བཏང་བ།

        གྲོང་ཚོ་དང་པོའི་ཏང་ཀྲི་པུས་རང་ངོས་འཛུགས་སྐྱོང་བྱེད་པའི་ཐད་སེམས་པ་དྲང་པོ་དང་། སྤྱོད་པ་རྣམ་དག གཞུང་དྲང་བཅས་བྱེད་ཐུབ་པ་བྱས་ཤིང་། སེམས་པ་དྲང་པོ་ནི་སྒེར་སེམས་བསྒྲུབ་རྒྱུ་བློ་ལ་མི་འཆང་བ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱོད་པ་རྣམ་དག་ནི་གྲོང་མིས་སྒྲུབ་དགོས་པའི་རེ་བ་བཏོན་པ་རྣམས་ཚན་ཁག་གི་ཁོངས་མིས་སྔོན་ལ་སྒྲུབ་ཐུབ་པ་བྱེད་པ་དང་གྲོང་མིས་སྒྲུབ་མི་ཆོག་པའི་རེ་བ་བཏོན་པ་རྣམས་ཚན་ཁག་གི་ཁོངས་མིས་མཐའ་གཅིག་ཏུ་མི་སྒྲུབ་པ། གཞུང་དྲང་ནི་བྱ་བ་ཐམས་ཅད་སྲིད་ཇུས་ཁྲིམས་སྲོལ་དང་སྒྲིག་སྲོལ་ལམ་ལུགས་ལྟར་སྒྲུབ་པ་བཅས་ཡིན་པ་དང་། ལས་དོན་ཏན་ཏིག་དང་། སྤྱོད་ཚུལ་ཏན་ཏིག ཕན་འབྲས་དངོས་ཐོན་བཅས་བྱེད་ཐུབ་པ་བྱས་ཤིང་། ལས་དོན་ཏན་ཏིག་ནི་ཐམས་ཅད་དོན་དངོས་ནས་འགོ་བཙུགས་ཏེ་ཕུགས་ལ་མི་ཕན་པའི་ཐབས་ཇུས་མི་འདིང་བ་དང་། སྤྱོད་ཚུལ་ཏན་ཏིག་ནི་རྟག་ཏུ་མང་ཚོགས་ཁྲོད་བསྐྱོད་དེ་མང་ཚོགས་ཀྱི་ལམ་ཕྱོགས་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། ཕན་འབྲས་དངོས་ཐོན་ནི་ལས་དོན་ཐད་དངོས་ཐོག་བདེན་འཚོལ་བྱས་ནས་དྲང་པོ་དྲང་གཞག་བྱེད་པ་བཅས་ཡིན་པ་རེད།

        གྲོང་ཚོ་དང་པོའི་ཏང་ཀྲི་པུས་རྒྱུན་གཏན་ལས་དོན་ཁྲོད “མཐའ་འཁྱོངས་བཞི ”བྱེད་ཐུབ་པ་བྱས་ཤིང་། གྲོང་དོན་དང་ནོར་དོན་གཉིས་ཡོངས་བསྒྲགས་བྱ་རྒྱུ་དང་མང་ཚོགས་ཀྱི་ལྟ་སྐུལ་རྒྱ་ཁྱབ་ངང་དང་ལེན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་ཁེ་ཕན་བསྒྲུབ་རྒྱུ་ནས་འགོ་བཙུགས་ཏེ་བྱ་བ་ཐམས་ཅད་རྒྱ་ཆེའི་མང་ཚོགས་ཚོས་ཁས་ལེན་བྱེད་མིན་དང་བློ་ཡིད་ཚིམ་མིན་ལ་བརྟེན་པའི་རྩ་དོན་མཐའ་འཁྱོངས་བྱེད་པ། ཏང་ཡོན་གྱི་འགན་འཁྲིའི་ཁུལ་དང་ཏང་ཡོན་འབྲེལ་གཏུག་དུད་ཚང་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པ། ཁྲོམ་རའི་དཔལ་འབྱོར་གྱི་འདུ་ཤེས་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཚན་ཁག་གི་ཁོངས་མིས་སྣེ་འཁྲིད་དེ་ཁྲོམ་ར་གཉེར་སྐྱོང་དང་ཞིང་འབྲོག་ལས་ཀྱི་ཉེར་སྤྱོད་ལག་རྩལ་སོགས་ཀྱི་ཤེས་བྱ་སློབ་སྦྱོང་བྱས་ནས་ཁྲོམ་ར་འཁོར་སྐྱོད་རྒྱུས་མངའ་ཡོད་མཁན་དང་། གཉེར་སྐྱོང་བྱེད་ཤེས་མཁན། དོ་དམ་བྱེད་མཁས་པ་བཅས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པར་ཧུར་ཐག་འགྱུར་བ་བྱེད་པ་བཅས་རེད།

        གྲོང་ཚོ་དང་པོའི་ཏང་ཀྲི་པུས་ད་དུང་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དམངས་གཙོར་བརྟེན་ཏེ་ནོར་དོན་ལ་དོ་དམ་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་མཉམ་སྡེབ་ཀྱི་གཏོང་ཡོང་གོ་རིམ་ཚད་ལྡན་དུ་བཏང་ནས་མཉམ་སྡེབ་ཀྱི་རྒྱུ་ནོར་སྤྱོད་པ་དང་མ་དངུལ་གྲབས་གསོག་བྱེད་སྐབས་ལམ་ལུགས་དང་གོ་རིམ་ལ་ནན་པོར་གཞིགས་ནས་བྱ་བ་བསྒྲུབས་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་རྒྱ་ཁྱབ་བྱས་པ་རེད།

        གཞི་རྟེན་ལ་དམ་འཛིན་དང་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་ནུས་པ་འདོན་སྤེལ་དང་གཟུགས་བཪྙན་བཏོད་པ།

        གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག་2003ལོར་གྲོང་ཚོ་དང་པོས་ཏང་ཡོན་10ཡིས་རྐང་འཛིན་དུ་བྱེད་པ་དང་འབྲོག་པ་མང་ཚོགས་30ལས་གྲུབ་པའི་མཐའ་མཚམས་སྲུང་སྐྱོང་རུ་ཁག་དངོས་སུ་བཙུགས་ནས་ཁྲང་སྒོ་ཤང་མཐའ་སྲུང་མངགས་གཏོང་ཁང་གི་དཔོན་དམག་ཚོར་མཐའ་མཚམས་སྲུང་སྐྱོང་གི་སྐོར་གཡེང་ལས་དོན་སྒྲུབ་རོགས་བྱས་ཡོད་པ་དང་དེའི་ནང་ཏང་ཡོན་ལོ་ན་ཆེ་ཤོས་ནི་47དང་ཆུང་ཤོས་ནི་18ཡིན་པ་དང་གང་དུ་གནས་ཚུལ་ཐོན་ཚེ་དེ་གར་ཏང་ཡོན་ཚོས་ལས་དོན་སྒྲུབ་པ་མཐོང་རྒྱུ་ཡོད།

        མངགས་གཏོང་ཁང་ལ་མཐའ་མཚམས་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྒྲུབ་རོགས་བྱེད་ཆེད་གྲོང་ཚོ་དང་པོའི་ཏང་ཀྲི་པུའི་ཏང་ཡོན་ཚོས་རང་མི་སྒེར་གྱི་ཐོབ་ཤོར་ལ་མི་བལྟོས་པར་རང་གིས་དངུལ་བཏོན་ནས་སྦག་སྦག་འཁོར་ལོ་ཉོས་ཏེ་སྦག་སྦག་འཁོར་ལོ་21ལས་གྲུབ་པའི་མཐའ་མཚམས་སྲུང་སྐྱོང་ཡན་ལག་རུ་ཁག་བཙུགས་ནས་མཐའ་མཚམས་ཀྱི་ས་ཁོངས་ཕྱི་དང་འབྲེལ་བའི་ལ་ཁར་རྒྱུན་གཏན་རང་བཞིན་གྱི་སྐོར་གཡེང་བྱས་པས་མཐའ་མཚམས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་སྟོབས་ཤུགས་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། མཐའ་མཚམས་སྲུང་སྐྱོང་རུ་ཁག་ལ་རྒྱང་ཤེལ་མེད་པ་དང་རུ་མི་ཚེ་རིང་གིས་འབྲི་གཡག་བཙོངས་པ་ལས་བྱུང་བའི་སྒོར་5000སྤྱད་དེ་རྒྱང་ཤེལ་རྩེ་གྲ་གཅིག་ཉོས་ཡོད་པ་དང་། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། སྐོར་གཡེང་དང་སྔོན་འགོག་གི་ལས་དོན་སྤེལ་ཐེངས་400ལྷག་ཙམ་ནང་སྦག་སྦག་འཁོར་ལོའི་མཐའ་མཚམས་སྲུང་སྐྱོང་ཡན་ལག་རུ་ཁག་ཞུགས་ཡོད་པ་དང་ལམ་ཐག་སྤྱི་ལེ་ཁྲི་13ལྷག་ཙམ་ཟིན་ཡོད།

        ཁྲང་སྒོ་ཤང་གྲོང་ཚོ་དང་པོ་དེ་རྒྱ་མཚོའི་ངོས་ལས་ས་བབ་མཐོ་བ་དང་། བྱེ་རླུང་ལྡང་ཆེ་བ། གནམ་གཤིས་གྲང་བ་བཅས་ཡོད་པས་མཚན་མོའི་དུས་སུ་སྐབས་རེ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ལྷག་ཙམ་དུ་སླེབས་པ་དང་གང་ཞིག་གི་དུས་སུ་ཡིན་རུང་ལས་འགན་ཡོད་ཚེ་གྲོང་ཚོའི་ཏང་ཀྲི་པུའི་ཚན་ཁག་གཅིག་གི་མི་ཚང་མས་མཐའ་མཚམས་སྲུང་སྐྱོང་རུ་མིའི་སྣེ་འཁྲིད་དེ་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་ངང་འཕྲལ་དུ་ལས་འགན་སྒྲུབ་ཡུལ་དུ་སྐྱོད་ཀྱི་ཡོད་པ་རེད།

          འཕེལ་རྒྱས་དོན་གཉེར་བྱེད་པ་དང་དམངས་འཚོར་ཕན་པ་ཐོབ་པ་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་བྱ་བ་དངོས་བསྒྲུབས་པ།

        མི་གཅིག་ཕྱུག་པོར་གྱུར་པ་ནི་ཕྱུག་པོ་མིན་པ་དང་ཚང་མ་ཕྱུག་པོར་གྱུར་ཚེ་གཞི་ནས་ཕྱུག་པོ་ཡིན་པ་དེ་ནི་གྲོང་ཚོ་དང་པོའི་ཏང་ཀྲི་པུའི་ཚན་ཁག་གི་ཁོངས་མིས་གསལ་པོར་རྟོགས་ཐུབ་ཀྱི་ཡོད། གྲོང་མིས་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་བརྩོན་སེམས་ཆེ་རུ་གཏོང་ཆེད་ཀྲི་པུའུ་ཧྲུའུ་ཅི་ཟླ་བ་དང་ཧྲུའུ་ཅི་གཞོན་པ་ཕུན་ཚོགས་ཀྱིས་སྣེ་འཁྲིད་དེ་ཁུལ་དཀར་ར་80ནང་འདྲེན་བྱས་ནས་གསོ་ཚགས་གཞི་ཁྱོན་ཆེ་རུ་བཏང་བ་དང་ཏང་ཡོན་གྱིས་སྣེ་ཁྲིད་བྱས་པ་བརྒྱུད་གྲོང་མི་ཚོས་ཕན་པ་མཐོང་བས་གཅིག་རྗེས་གཉིས་མཐུད་ངང་ཁུལ་དཀར་ར་གསོ་ཚགས་བྱེད་འགོ་ཚུགས་ཤིང་། 2010ལོའི་ལོ་མཇུག་བར་གྲོང་ཚོ་དང་པོའི་ཕྱུགས་ཟོག་མགོ་གྲངས་ཁྱོན་10395ཟིན་ཡོད།

        མང་ཚོགས་ཁ་ཤས་ལ་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཐོན་པའི་དཀའ་ངལ་དངོས་ལ་དམིགས་ནས་ཏང་ཀྲི་པུའི་ཁོངས་མིས་སྣེ་འཁྲིད་དེ་སྒོར་5000ལྷག་ཙམ་གྱི་ཞལ་འདེབས་བརྒྱབ་པ་དང་འབྲེལ་རོགས་སྐྱོར་མ་དངུལ་དང་དངོས་ཟོག་སྒོར་ཁྲི་8ཙམ་གོང་རིམ་ནས་བརྩོན་ལེན་ཧུར་ཐག་བྱས་པ་དང་། བདེ་སྡོད་ལས་གྲྭའི་སྲིད་ཇུས་བཟང་པོར་བརྟེན་ནས་སྡོད་ཁང་མེད་པའི་དུད་ཚང་ལ་ཁང་པ་གསར་པ་བསྐྲུན་ནས་ཁོང་ཚོའི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱས་པ། ཏང་ཡོན་ཡོངས་སྒྲིག་འཛུགས་བྱས་ནས་འོས་འགན་ངང་འགྲོ་ལམ་སྤྱི་ལེ་30ལྷག་ཙམ་བསྐྲུན་ནས་མང་ཚོགས་ཀྱི་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ། ཀྲི་པུའི་ཁོངས་མི་སྒྲིག་འཛུགས་བྱས་ནས་དཀའ་ངལ་ཡོད་པའི་སློབ་མར་དངུལ་དང་དངོས་པོའི་ཞལ་འདེབས་བརྒྱབ་སྟེ་སློབ་མཚམས་ཆད་མཁན་སློབ་མའི་ཁྱིམ་བདག་ལ་བསམ་བློའི་ལས་དོན་ཡག་པོ་བསྒྲུབས་ནས་སློབ་མཚམས་ཆད་པའི་སློབ་མ་སློབ་གྲྭར་ཕྱིར་ལོག་ཐུབ་པ་བྱས་པ་བཅས་རེད།

        གྲོང་ཚོ་དང་པོའི་ཏང་ཀྲི་པུས་བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་སྣེ་འཁྲིད་དེ་ཐོན་སྐྱེད་འཕེལ་རྒྱས་བཏང་བ་དང་མང་ཚོགས་ལ་ཏན་ཏན་ཏིག་ཏིག་ངང་བྱ་བ་དངོས་བསྒྲུབས་པས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་ཡོད། གྲོང་མི་ཚོས “གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག་ང་ཚོའི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན ”ཞེས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།