དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གྲོང་ཚོར་བཅའ་སྡོད་ལྷ་རི་རྫོང་ཞིབ་དཔྱོད་ཁང་གི་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་རེས་དང་འདེམས་བསྐོའི་ལས་ཀར་མཛུབ་ཁྲིད་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལྷ་རི་རྫོང་ཞིབ་དཔྱོད་ཁང་གི་ལས་དོན་རུ་ཁག་གྲོང་ཚོར་སྐྱོད་མ་ཐག་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་རོགས་བྱས་ནས་གཞི་རིམ་དུ་མགྱོགས་མྱུར་གནས་ཐུབ་པ་བྱེད་ཅིང་། ཉེ་ཆར་གྲོང་ཚོར་བཅའ་སྡོད་ལྷ་རི་རྫོང་ཞིབ་དཔྱོད་ཁང་གི་ལས་དོན་རུ་ཁག་གི་ཤུགས་ཆེའི་མཛུབ་ཁྲིད་དང་གཞོགས་འདེགས་འོག་ལྷ་རི་རྫོང་ཤར་མ་ཤང་གྲོང་ཚོ་13གྱི་སྐབས་བརྗེ་རེས་དང་འདེམས་བསྐོའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང་གསར་དུ་བདམས་པའི་འགོ་ཁྲིད་ཁོངས་མིའི་ནང་བུད་མེད་ཀྱང་ཡོད་པ་རེད།

        གྲོང་ཚོ “ཨུ་ལྷན་གཉིས ”ཀྱི་སྐབས་བརྗེ་རེས་ལས་དོན་ལ་མཛུབ་ཁྲིད་བྱེད་རིང་གྲོང་ཚོར་བཅའ་སྡོད་ལྷ་རི་རྫོང་ཞིབ་དཔྱོད་ཁང་གི་ལས་དོན་ཚོགས་ཆུང་གིས་རིག་གནས་དང་འགན་འཁྲི་ཡོད་པའི་ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་པ་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པ་དང་། མཐུན་སྦྱོར་ལ་གཙིགས་ཆེན་བྱེད་པ། འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་ཀྱི་འདུ་ཤེས་ཡོད་དགོས་པ་དང་། བློ་གཅིག་སེམས་གཅིག་ངང་ཏང་གི་རྗེས་སུ་འབྲངས་པ་དང་། དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། སྐད་གྲགས་དང་ནུས་པ་ཡོད་མཁན་འགོ་ཁྲིད་ཚན་ཁག་ནང་བདམས་ཏེ་ཏང་ཡོན་དཔུང་ཁག་སྟོབས་ཆེར་གཏོང་བ་དང་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་འཛུགས་སྐྱོང་བྱེད་པ། བུད་མེད་བློ་མཐུན་གསོ་སྦྱོང་ཤུགས་ཆེན་བྱས་ནས་རྒྱ་ཆེའི་བུད་མེད་མང་ཚོགས་ས་གནས་འདི་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་སུ་འཇུག་པ། གསར་དུ་བདམས་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་བསམ་བློ་སློབ་གསོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་དཀའ་བ་སྤྱོད་ཐུབ་པ་དང་མང་ཚོགས་ཕྱུག་འགྱུར་ལམ་དུ་འཁྲིད་ཐུབ་པ། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་གཤིས་བཟང་འཇགས་ཐུབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།