དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གཞི་རིམ་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བཅའ་སྡོད་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ། ལས་བྱེད་མང་ཚོགས་གཅིག་སེམས་གཅིག་ལ་སྦྲེལ།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ།

        ཚེས་19ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ལས་ཐིང་གིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་དགའ་སྐྱེལ་བྱེད་པའི་མཛད་སྒོ་སྤེལ་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་39ལྷོ་ཁ་ས་ཁུལ་གྱི་འཕྱོངས་རྒྱས་རྫོང་དང་གཞིས་རྩེ་ས་ཁུལ་གྱི་རྣམ་གླིང་རྫོང་གི་བཅའ་སྡོད་བྱ་ཡུལ་གྲོང་ཚོ་དགུར་བསྐྱོད་རྒྱུར་དགའ་སྐྱེལ་བྱས་པ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ལས་ཐིང་གིས་བྱེད་སྒོའི་དམིགས་ཚད་ལས་འགན་ལ་དམིགས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་བཏོན་གནང་བའི “གསལ་པོ་ལྔའི ”བླང་བྱ་གཞིར་བཟུང་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་འབྲེལ་ཡོད་འཆར་གཞི་མགྱོགས་མྱུར་བཀོད་སྒྲིག་བྱས་པ་རེད། གཞུང་ལས་ཐིང་གི་བློ་མཐུན་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པའི་ཐོག་ནས་རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གཞི་རིམ་དུ་དྲིལ་བསྒྲགས་དང་དོན་འཁྱོལ་བྱེད་པ་དང་། རྒྱ་ཆེ་བའི་བསམ་ཕྱོགས་དང་མཐོང་རྒྱ་ཡངས་པའི་ཐོག་ནས་གཞི་རིམ་གྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་བྱེད་པ་དང་། འཕེལ་རྒྱས་ཀྱི་ལམ་བུ་འཕྱུགས་མེད་ངང་བཙལ་འཚོལ་བྱེད་པ། འཕེལ་རྒྱས་ཀྱི་འཆར་འགོད་འཐུས་ཚང་དུ་གཏོང་བ་བཅས་བྱེད་པར་རོགས་རམ་བྱས་ནས་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་སྲུང་སྐྱོང་ཡག་པོ་དང་། མངོན་འགྱུར་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་པ། ཏན་ཏིག་གི་ལས་ཀའི་སྤྱོད་ཚུལ་་ཐོག་ནས་དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་གཞི་རིམ་གྱི་རྨང་གཞིའི་ལས་ཀ་བརྟན་དུ་གཏོང་བ་བཅས་བྱས་ནས་ཕུགས་འཕེལ་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་འབད་བརྩོན་ཆེན་པོས་བརྟན་ལྷིང་འགན་ལེན་བྱེད་པ་དང་མཐུན་སྦྱོར་ལ་སྐུལ་མ་གཏོང་བའི་ཕུགས་ཕན་ལམ་སྲོལ་ཞིག་བསྐྲུན་རྒྱུའི་སེམས་ཐག་བཅད་པ་རེད།

        ལས་དོན་རུ་ཁག་གི་རུ་མི་ཚོས་གཞི་རིམ་གྱི་གྲོང་གསེབ་ཏུ་དཀའ་སྤྱད་ངང་ལས་ཀ་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད། སླད་ཕྱིན་གྲོང་ཚོར་བཅའ་སྡོད་བྱེད་རིང་ས་གནས་དེ་གའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས་གཞི་རིམ་གྱི་ཡངས་ཤིང་རྒྱ་ཆེ་བའི་གནམ་སར་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་པ་དང་དུས་མཚུངས་རང་ཉིད་ཀྱི་ལས་ནུས་ལ་སྦྱོང་བརྡར་ཡང་ཐེབས་པ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

        ཚེས་17ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་སྲིབ་མདའ་ཤང་གད་རྫོང་གྲོང་ཚོར་སྐྱོད་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་ཚུན་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་བ་དང་དུས་ཐོག་ཏུ་སྐུལ་སློང་ཚོགས་འདུ་སྐོང་ཚོགས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གིས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་ལས་འགན་དང་བླང་བྱ་ཁ་གསལ་ངང་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་བཀོད་སྒྲིག་བྱས་ནས་བྱེད་སྒོའི་ཚད་གཞི་མཐོ་བ་དང་། སྐུལ་མ་ཏན་ཏིག་ཐེབས་པ། དངོས་ཕན་ཐོབ་པ་བཅས་ཀྱི་འགན་ལེན་བྱེད་ཀྱི་ཡོད་པ་རེད།

        ལྗོངས་གནམ་གཤིས་ཅུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་མཐོ་རིམ་བཟོ་བཀོད་པ་ཨ་མགོན་གྱིས་གསར་འགོད་པར་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་དེ་ནི་མི་སེར་ལ་ཁེ་ཕན་སྐྲུན་པའི་འདུ་འགོད་ཆེན་པོ་ཞིག་རེད། ང་ཚོས་སྤྲོ་སེམས་ཆེན་པོའི་ངང་བྱེད་སྒོའི་ཁྲོད་ཞུགས་ཏེ་ལས་ཀའི་བརྗོད་བྱ་གཙོ་བོ་ཁོང་དུ་ཆུད་པ་བྱེད་པ་དང་དམིགས་ཚད་དང་ལས་འགན་མངོན་གསལ་དུ་འཛིན་ནས་གནམ་གཤིས་ལས་ཀའི་ཁྱད་ཆོས་དང་དོན་དངོས་དང་ཟུང་འབྲེལ་གྱིས་གསར་གཏོད་རང་བཞིན་ངང་ལས་ཀ་བྱེད་པ་དང་ཏན་ཏན་ཏིག་ཏིག་ངང་མང་ཚོགས་ཆེད་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རོགས་རོམ་བྱེད་པ། མང་ཚོགས་ལ་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱེད་པ། གཞི་རིམ་རྩ་འཛུཌ་འཛུཌ་སྐྱོང་ལ་ཤུགས་སྣོན་རྒྱག་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད། ཟླ་10ཚེས་16ཉིན་གྲོང་ཚོར་བཅའ་སྡོད་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ལས་དོན་རུ་ཁག་དང་བཅས་པ་ཀོན་ཀྲང་གཞོན་པ་ཆབ་སྲིད་པུའི་ཀྲུའུ་རེན་ཝང་ཏན་ཤིང་གི་སྣེ་ཁྲིད་འོག་གཉའ་ལམ་རྫོང་ཕོང་རོང་ཤང་དགྲ་ཆེན་གྲོང་ཚོ་དང་། ཟུར་མཚོ་ཤང་དཀར་ཆུང་གྲོང་ཚོ། རྣམ་གསར་གླིང་གྲོང་ཚོ་བཅས་བཅའ་སྡོད་བྱ་ཡུལ་གསུམ་ལ་བསྐྱོད་ནས་གཅིག་རྗེས་གཉིས་མཐུད་ངང་བརྟག་ཞིབ་དང་དངོས་ཟོག་ཞལ་འདེབས་འབུལ་བའི་ལས་དོན་སྤེལ་འགོ་ཚུགས་པ་རེད།

        གྲོང་ཚོར་བཅའ་སྡོད་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ལས་དོན་རུ་ཁག་བཅའ་སྡོད་གྲོང་ཚོར་སླེབས་རྗེས་འཕྲལ་མར་བརྟག་ཞིབ་བྱེད་པ་དང་གཞི་རིམ་གྱི་གནས་ཚུལ་ཤེས་རྟོགས་ཐུབ་པ་བྱས་ཏེ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ལས་བྱེད་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། མང་ཚོགས་ལ་འཚམས་འདྲི་ཞུས་པ། ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ་སོགས་ཀྱི་རྣམ་པ་བརྒྱུད་བརྟག་ཞིབ་བྱེད་སྒོ་གཏིང་ཟབ་ངང་སྤེལ་བ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་ས་ཚིགས་ཁག་གི་ཞིང་འབྲོག་པའི་འཚོ་བ་དང་། ཞིང་འབྲོག་ཐོན་སྐྱེད། སྨན་བཅོས་འཕྲོད་བསྟེན། རིག་གནས་དང་སློབ་གསོའི་བྱ་གཞག སྤྱི་ཚོགས་འགན་ལེན་ལམ་ལུགས་དོན་འཁྱོལ། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ནས་གོམ་སྟབས་རྗེས་མར་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་ཡག་པོ་སྤེལ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།

        གཉའ་ལམ་རྫོང་ཕོང་རོང་ཤང་དགྲ་ཆེན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ད་དུང་མང་ཚོགས་ལ་སྤྱིའི་རིན་ཐང་སྒོར་ཁྲི་13རི་བའི་ཉི་ནུས་ཁྱིམ་སྤྱོད་གློག་ཆས་དང་། ཧྲ་ཧྥ། སྒྲོག་ཙེ། བཟའ་བཅའ་སོགས་འཚོ་བའི་མཁོ་ཆས་ཞལ་འདེབས་ཕུལ་བ་རེད། ཟུར་མཚོ་ཤང་དཀར་ཆུང་གྲོང་ཚོ་དང་རྣམ་གསར་གླིང་གྲོང་ཚོར་བཪྙན་འཕྲིན་དང་གྱོན་ཆས་སོགས་དབུལ་སྐྱོར་དངོས་ཟོག་ཞལ་འདེབས་ཕུལ་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་ཏན་ཏིག་བྱེད་རོགས་བྱས་པ་རེད།

        གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གྲོང་ཚོར་སླེབས་རྗེས་མགྱོགས་མྱུར་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱེད་པ་དང་། དམངས་ཀྱི་ཆེད་དུ་ལས་དོན་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱེད་ཅིང་། ལས་དོན་རུ་ཁག་གིས་གཞི་རིམ་དང་། མང་ཚོགས་ཁྲོད། འཐབ་ས་མདུན་མ་བཅས་སུ་བསྐྱོད་ནས་གཙོ་གནད་ཐོག་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ཡིན་པའི་ཟུར་མཚོ་ཤང་བྱེ་སྔོག་ར་བ་འཛུགས་སྐྲུན་བྱེད་ཚུལ་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་རེད། རྟོག་ཞིབ་བྱས་པ་བརྒྱུད་རྣམ་གྲངས་དེར་གནས་པའི་གནད་དོན་ལེགས་བཅོས་བྱ་རྒྱུའི་བླང་བྱ་དང་འཕེལ་རྒྱས་གཏོང་རྒྱུའི་ཐོག་མའི་འཆར་འགོད་བཏོན་པ་མ་ཟད། ཆེད་དོན་མ་དངུལ་བཏང་ནས་བྱེ་སྔོག་ར་བའི་དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་ཆ་རྐྱེན་བཟང་པོ་ཞིག་གཏོད་རྒྱུའི་འཆར་གཞི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།