དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ལྗོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་གྲོང་ཚོར་བཅའ་སྡོད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གྲོང་ཚོར་བཅའ་སྡོད་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ། ལས་བྱེད་མང་ཚོགས་གཅིག་སེམས་གཅིག་ལ་སྦྲེལ།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ།

        ཟླ་10ཚེས་19ཉིན་གྱི་སྔ་དྲོར་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཐོན་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། འདི་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འགོ་ཁྲིད་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་དར་ཆ་སྤྲོད་པའི་གནས་ཚུལ་ཡིན་པ།

        ཉེ་དུས་རང་ལྗོངས་ཀྱི་རིམ་ཁག་དང་ཚན་པ་ཁག་གིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ཞིབ་ཚགས་དང་ཏན་ཏིག་ངང་སྤེལ་བ་རེད། རང་སྐྱོང་ལྗོངས་བཟོ་ཚོང་ཅུས་དང་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སོགས་ཚན་པ་ཁག་གཅིག་གིས་གྲོང་ཚོར་བཅའ་སྡོད་ལས་ཀའི་དམིགས་ཚད་གསལ་བཟོ་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སྒྲིག་འཛུགས་ཀྱིས་གངས་ལྗོངས་ས་མཐོའི་གཞི་རིམ་དུ་བསྐྱོད་དེ་གཞི་རིམ་གྱི་ཡངས་བའི་ས་གཞིའི་ཁྲོད་གཞི་རིམ་མང་ཚོགས་དང་མཉམ་ཟ་དང་། མཉམ་སྡོད། མཉམ་དུ་སློབ་སྦྱོང་། མཉམ་དུ་ངལ་རྩོལ་བཅས་བྱས་ཐོག་གཞི་རིམ་གྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་རེད།

        ཚེས་18ཉིན་གྱི་སྔ་དྲོ་ཅུས་ཏང་ཨུད་ཀྱི་མངགས་བཅོལ་དང་སྡེ་ཁུལ་མང་ཚོགས་ཀྱི་རེ་སྒུག་ཟབ་མོ་བཅངས་བཞིན་དུ་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་དང་པོའི་ཡན་ལག་རུ་ཁག་དང་པོའི་རུ་མི་5ཡིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་བྱང་ལམ་སྡེ་ཁུལ་གྲོང་མི་ཨུ་ལྷན་དུ་བཅའ་སྡོད་བྱས་ནས་ལས་དོན་སྤེལ་འགོ་ཚུགས་པ་རེད།

        གྲོང་མི་ཨུ་ལྷན་དུ་སླེབས་མ་ཐག་ལམ་ཆས་བསྡུ་གསོག་བརྒྱབ་རྗེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འཕྲལ་མར་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ཚོགས་འདུའི་ཐོག་ལས་དོན་རུ་ཁག་གིས་སྡེ་ཁུལ་མང་ཚོགས་ཀྱི་གཞི་རྩའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། རུ་མི་ཚོས་གྲོང་མི་ཨུ་ལྷན་གྱི་ལས་བྱེད་པ་དང་མང་ཚོགས་དང་སྙིང་གཏམ་ཤོད་རེས་དང་འཕེལ་རྒྱས་དོན་གཉེར་བྱེད་ཚུལ་སྐོར་གླེང་བ། མང་ཚོགས་ཀྱི་རེ་སྒུག་དང་དགའ་སྣང་བྱེད་ཡུལ་ཤེས་རྟོགས་བྱས་པ། བསམ་འཆར་དང་གྲོས་འགོ་ཉན་པ་བཅས་བྱས་པ་རེད།

        སྙིང་ཉེ་བའི་འཚམས་འདྲི་རེ་རེ་དང་དངོས་གནས་དྲང་གནས་ཀྱི་ཁས་ལེན་རེ་རེ་བཞིན་སྟབས་བདེའི་སྤེལ་རེས་བྱེད་བཞིན་དུ་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་འགོ་བཙུགས་པ་དེས་རྔ་ཆེན་བྱང་ལམ་སྡེ་ཁུལ་ལ་དྲོ་སྐྱིད་སྦྱིན་འགོ་ཚུགས།

        རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་འགོ་བཙུགས་ཚུན་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རིམ་པ་བཞིན་ལས་འགན་དོན་འཁྱོལ་བྱེད་པ། ལས་ཀའི་འགན་འཁྲི་གསལ་བཟོ་བྱེད་པ། གྲོང་ཚོར་བཅའ་སྡོད་ཀྱི་ལམ་ལུགས་དང་བྱེད་ཐབས་བཟོ་བ་བཅས་བྱས་པ་རེད།

        ཉིན་ཤས་བསྟུད་མར་ཆབ་མདོ་སྨར་ཁམས་རྫོང་དང་ནག་ཆུ་ཨ་མདོ་རྫོང་གི་གྲོང་ཚོ་5རུ་མངགས་གཏོང་བྱས་པའི་ལས་དོན་རུ་ཁག་གིས་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་ལས་དོན་བདེ་བླག་ངང་སྤེལ་ཆེད་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་གྲོང་ཚོར་བཅའ་སྡོད་མ་བྱས་གོང་གི་གྲ་སྒྲིག་ལས་དོན་ཁག་ཚགས་ཚུད་པོ་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ་རེད།

        ཚེས་19ཉིན་གྱི་སྔ་དྲོ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་རྡོག་ཐོན་བྱེད་པའི་མཛད་སྒོ་འཚོགས་པ་དང་རུ་མི་20ཡིས་གཅིག་རྗེས་གཉིས་མཐུད་ངང་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་དང་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་མགར་མདོ་ཤང་གི་གྲོང་ཚོ་5རུ་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་བར་བསྐྱོད། རྡོག་ཐོན་མཛད་སྒོ་སྤེལ་ཡུལ་དུ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་སྤྱི་ཁྱབ་རྩོམ་སྒྲིག་པ་མོང་ཞའོ་ལིན་གྱིས་རུ་མི་ཚོར་ཁ་བཏགས་གཡོགས་ནས་ཁོང་ཚོར་གཟུགས་པོར་བདག་གཅེས་བྱེད་དགོས་པའི་སྐུལ་ལྕག་གནང་བ་མ་ཟད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དགོངས་དོན་གཞིར་བཟུང “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ས་མཐོའི་ཚགས་པར་ལས་དོན་པའི་དཀའ་སྤྱད་སྙིང་རུས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ཐོག་གྲོང་ཚོར་བཅའ་སྡོད་ལས་དོན་ཏན་ཏིག་ནུས་ལྡན་ངང་སྤེལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།