དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • “ཉི་གློག”ཁྱིམ་དུ་བསྐྱལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འདི་ནི་འབྲོག་པ་ཚོས་ཉི་འོད་ནུས་པའི་སྒྲིག་བཀོད་ཀུང་སིའི་ལག་རྩལ་མི་སྣས་སྒྲིག་བཀོད་ཀྱི་ནུས་པ་འགྲེལ་བཤད་རྒྱག་པར་ཉན་ཞོར་སྒྲིག་བཀོད་བསྒར་སྟངས་སྦྱོང་བའི་གནས་ཚུལ་ཡིན་པ།

        ཟླ་10ཚེས་18ཉིན་གྱི་ཞོགས་པ་སྔ་པོར་གསར་འགོད་པ་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་བློ་མཐུན་བསོད་ཚེ་དང་མཉམ་དུ་རླངས་འཁོར་བསྡད་དེ་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོར་བསྐྱོད་པ་ཡིན། ཉིན་དེར་གྲོང་ཚོར་བཅའ་སྡོད་རྩ་འཛུགས་པུའི་ལས་དོན་རུ་ཁག་གིས་ས་གནས་དེ་གའི་མང་ཚོགས་ལ་འོད་ཤུགས་ཉི་ནུས་སྒྲིག་ཆས་སྤྲད་པ་དང་འབྲེལ་དེ་བེད་སྤྱོད་དང་བསྒར་སྟངས་བསླབས་སོང་།

        ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོར་བཅའ་སྡོད་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་དོན་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་ནས་གྲོང་ཚོ་དེའི་ཚོགས་ཆུང་གཉིས་ཀྱི་ཁྱིམ་དུད་58ཀྱི་འབྲོག་པ་རྣམས་ས་བབ་མཐོ་ཞིང་ཆུ་གློག་ལམ་གསུམ་ཤར་གཏོང་དཀའ་བའི་རི་ཁུལ་དུ་སྡོད་རིང་རྒྱུན་གཏན་འཚོ་བ་དཀའ་ངལ་ཆེ་བ་དང་ལྷག་པར་དུ་གློག་མེད་པའི་དཀའ་གནད་ཤེས་རྗེས་དུད་ཁྱིམ་58ལ་སྒོར་ཁྲི་59ལྷག་ཙམ་རི་བའི་གློག་ཤུགས་ཆེ་བའི་ཉི་ནུས་སྒྲིག་ཆས་ཤིག་ཉོས་པ་རེད།

        འབྲོག་པ་རྣམས་ལ་ཁེ་ཕན་ཐོབ་རྒྱུ་གཅིག་པུ་མིན་པར་ཁོང་ཚོར་ཉེར་སྤྱོད་ལག་རྩལ་ཤེས་སུ་འཇུག་ཆེད་འགྲེལ་བཤད་བརྒྱབ་པ་དང་འབྲེལ་ལག་རྩལ་པས་འབྲོག་པ་ཚོར་སོ་སོ་རང་ཉིད་ཀྱིས་བསྒར་བ་དང་ཚོད་ལྟ་སྙོམས་སྒྲིག་བྱེད་དུ་བཅུག་ནས་སྒྲིག་ཆས་བསྒར་རྒྱུ་དང་བེད་སྤྱོད་རྒྱུ་ཤེས་པས་གཞི་རིམ་དུ་སྒྲིག་ཆས་དང་ལག་རྩལ་སྐྱེལ་ཐུབ་པ་བྱུང་ཡོད།

        ཉི་ནུས་ཐབ་བླུགས་པའི་རླངས་འཁོར་སླེབས་མ་ཐག་དེར་སྔ་ས་ནས་བསྒུགས་བསྡད་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་འབྲོག་པ་ཚོས་འཚང་ཁ་ཤིག་ཤིག་ངང་ཉི་ཐབ་རྣམས་རླངས་འཁོར་ནས་ཕབ་པ་རེད།

        ཉི་ནུས་ཐབ་རག་པ་དང་བསྒར་སྟངས་ཀྱང་ཤེས་པའི་ཙི་ཙི་རོང་གྲོང་ཚོའི་ཚོགས་ཆུང་གི་ཙུའུ་ཀྲང་བློ་རྡོར་གྱིས “སྒྲིག་ཆས་དེ་དག་ཡོད་པས་ཡུལ་མི་ཚོར་ཕྱིན་འབྱུང་གློག་མེད་པའི་སེམས་ཁྲལ་དགོས་དོན་མི་འདུག་ལ་ང་ཚོའི་འཚོ་བའང་སྟབས་བདེ ”ཞེས་དགའ་སྤྲོའི་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།