དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཨ་མདོ་རྫོང་གིས“ལྔ་བསྡུར་ལྔ་བལྟ”ལ་བརྟེན་ནས་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་ནུས་ལྡན་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        སྔོན་གཏོད་ལེགས་བརྩོན་དང་རྨང་གཞི་བརྟན་དུ་གཏོང་བ་དང་དམངས་འཚོར་ཕན་གདོགས་པའི་བྱེད་སྒོ་ཁུངས་འཁྱོལ་ཙམ་དང་རྣམ་པ་ཙམ་དུ་མི་འགྱུར་བར་འགན་ལེན་བྱེད་པ་དང་བྱེད་སྒོ་ཏན་ཏིག་དང་ནུས་ལྡན་ངང་སྤེལ་ཆེད་ཨ་མདོ་རྫོང་གིས “ལྔ་བསྡུར་ལྔ་བལྟའི ”བྱེད་སྒོ་སྔོན་གཏོད་ལེགས་བརྩོན་དང་རྨང་གཞི་བརྟན་དུ་གཏོང་བ་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོའི་ཁྲོད་ཁྱབ་པ་བྱས་ཏེ་ལས་དོན་རུ་ཁག་ཁག་དང་། ཤང་གྲོང་ཁག རུ་མི་ཁག རྫོང་རིམ་པའི་ལས་བྱེད་པ་ཁག་བཅས་ཀྱི་ལས་དོན་བསྒྲུབ་བསམ་པ་དང་། ལས་དོན་བསྒྲུབ་པ། ལས་དོན་བསྒྲུབ་ཐུབ་པ་བཅས་ཀྱི་སྤྲོ་སེམས་འཕེལ་བ་བྱས་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། ཨ་མདོ་རྫོང་གིས་རྫོང་དེ་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་74དང་། ཤང་གྲོང་13 ལས་དོན་རུ་མི་200ལྷག་ཙམ། ཤང་གྲོང་གི་ལྟ་སྐུལ་སློབ་སྟོན་བྱེད་མཁན་རྫོང་རིམ་པའི་ལས་བྱེད་པ་13བཅས་ཀྱི་ཁྲོད “ལྔ་བསྡུར་ལྔ་བལྟའི ”བྱེད་སྒོ་སྤེལ་བ་རེད། “ལྔ་བསྡུར་ལྔ་བལྟའི ”བྱེད་སྒོར་བརྟེན་ནས་ལས་དོན་རུ་ཁག་ཁག་དང་། ཤང་གྲོང་ཁག རུ་མི་ཁག རྫོང་རིམ་པའི་འགོ་ཁྲིད་ཁག་བཅས་ཀྱི་དབར་ཕན་ཚུན་ལྟ་སྐུལ་དང་། ཕན་ཚུན་སྐུལ་འདེད། ཐུན་མོང་ཐོག་ལས་ཀའི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།