དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གོང་དཀར་རྫོང་གིས་ལས་བགོས་ཞིབ་ཕྲ་དབྱེ་ནས་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་ལས་དོན་ལ་ཞབས་འདེཌ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་བསྟུད་མར་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཆེད་གོང་དཀར་རྫོང་གིས་ཆེ་སར་དམིགས་པ་དང་ཞིབ་ཕྲར་གཞི་ཚུགས་ནས་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་པ་རེད།

        ཤེས་རྟོགས་བྱུང་གསལ། གོང་དཀར་རྫོང་གི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་་འདོགས་པ་བཅས་ཀྱི་བྱེད་སྒོ་ཚོགས་ཆུང་3དུ་དབྱེ་ནས་ཞིབ་ཕྲའི་འགན་འཁུར་ཏེ་ལག་བསྟར་བྱས་ཤིང་། ཕྱོགས་བསྡུས་ཚོགས་ཆུང་གིས་ཕྱོགས་ཡོངས་ནས་འགན་ལེན་བྱས་ནས་སྐུལ་སློང་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཧུར་ཐག་བསྒྲུབས་པ་དང་ ལྟ་ཞིབ་ཚོགས་ཆུང་གིས་ལྟ་སྐུལ་སློབ་སྟོན་ཚོགས་ཆུང་གི་ལས་ཀའི་འགན་འཁྲི་དང་ལས་འགན་བཟོས་ནས་ལྟ་ཞིབ་ལས་ཀའི་ལམ་སྲོལ་དང་གདེང་འཇོག་དཔྱད་དཔོག་གི་བྱེད་ཐབས་འཐུས་ཚང་དུ་བཏང་བ་བཅས་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།