དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཉིང་ཁྲིའི་མཉམ་འབྲེལ་ལས་དོན་རུ་ཁག་གིས“ཚིག་གསུམ་མན་ངག”དེར་བརྟེན་ནས་ལས་དོན་ཡག་པོ་སྒྲུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བཅའ་སྡོད་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ། ལས་བྱེད་མང་ཚོགས་གཅིག་སེམས་གཅིག་ལ་སྦྲེལ།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བའི་ཐབས་ཇུས་བཀོད་སྒྲིག་བྱས་རྗེས་ཉིང་ཁྲི་ས་ཁུལ་སྨན་རྫས་ལྟ་སྐུལ་ཅུས་དང་། བདེ་འཇགས་ལྟ་སྐུལ་ཅུས། སློབ་གསོ་ཅུས་བཅས་ལས་སྒྲུབ་པའི་མཉམ་འབྲེལ་ལས་དོན་རུ་ཁག་གཉིས་པ་དང་ས་ཁུལ་ཚོང་དོན་ཅུས་དང་ཚན་རྩལ་ཅུས་ལས་སྒྲུབ་པའི་མཉམ་འབྲེལ་ལས་དོན་རུ་ཁག་གསུམ་པས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་མགྱོགས་ཡག་ནན་བཅས་ཀྱི་བླང་བྱ་གཞིར་བཟུང་དུས་འགོའི་གྲ་སྒྲིག་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་བྱེད་སྒོ་བདེ་བླག་ངང་སྤེལ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

        བསམ་བློའི་སྐུལ་སློང “མགྱོགས ”པ། ལྗོངས་ཏང་ཨུད་དང་ཉིང་ཁྲི་ས་ཨུད་ཀྱིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་སློང་བྱེད་པའི་བཪྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་རྗེས་ཉིང་ཁྲི་ས་ཁུལ་གྱི་ས་ཁུལ་ཐད་གཏོགས་མཉམ་འབྲེལ་ལས་དོན་རུ་ཁག་གཉིས་པ་དང་གསུམ་པས་དུས་ཐོག་ཏུ་རུ་མི་ཡོངས་བསྡུ་རུབ་བྱས་ནས་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་ནན་ཏན་བྱས་པས་རུ་མི་ཡོངས་ཀྱིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་བའི་དོན་སྙིང་གལ་ཆེན་དང་། མཛུབ་ཁྲིད་བསམ་བློ། སྤྱིའི་དམིགས་ཡུལ་བཅས་ལ་ངོས་འཛིན་གཏིང་ཟབ་ཅིག་བྱུང་ཡོད་པ་རེད། ཁོང་ཚོས་གཅིག་རྗེས་གཉིས་མཐུད་ངང་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པའི་མཐོ་ཚད་ཀྱི་ཐོག་ནས་ལྗོངས་ཏང་ཨུད་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ་རྩ་འཛུགས་ཀྱི་བླང་བྱ་གཞིར་བཟུང་གཞི་རིམ་དུ་སྐྱོད་པ་དང་མང་ཚོགས་ལ་དགོས་མཁོ་ཆེ་ཤོས་ཀྱི་ས་ཁུལ་དུ་བསྐྱོད་དེ་བསམ་བློའི་རྣམ་པ་ཡག་པོ་དང་ལས་ཀའི་སྤྱོད་ཚུལ་ཏན་ཏིག་གི་ཐོག་ནས་གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་འདོད་བློ་རྟོགས་མཁན་དང་། མང་ཚོགས་ཀྱིས་ཡིད་ཆེས་བྱེད་པའི་གྲོགས་པོ་བློ་ཐུབ། འཕེལ་རྒྱས་དང་བརྟན་ལྷིང་ལ་ཕན་ཐོགས་པའི་མི་བཅས་བྱེད་ཀྱི་ཡིན་ཞེས་བཤད་པ་རེད། དུས་འགོའི་གྲ་སྒྲིག “ཡག ”པ། ས་ཁུལ་གྱི་ཐད་གཏོགས་མཉམ་འབྲེལ་ལས་དོན་རུ་ཁག་གཉིས་པ་དང་གསུམ་པས 《ཉིང་ཁྲི་ས་ཁུལ་གྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་ལག་བསྟར་ཇུས་གཞིར 》གཞིགས་ནས་གཞི་རིམ་གྱི་རྩ་འཛུགས་སྟོབས་ལྡན་ཞིག་འཛུགས་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྤེལ་བ། ཕྱུག་འགྱུར་གྱི་ལམ་བུ་འཚོལ་བ། བཀའ་དྲིན་དྲན་པའི་སློབ་གསོ་རྒྱག་པ། ལས་དོན་དངོས་སྒྲུབ་པ་དང་དཀའ་ངལ་ཐག་གཅོད་བྱེད་པ་སོགས་ཀྱི “ལས་འགན་ལྔར ”གཙོ་གནད་དུ་དམིགས་ཏེ་གྲོས་བསྡུར་དང་ཞིབ་འཇུག་ནན་ཏན་བྱས་པ་དང་རང་འགུལ་ངང་ས་ཁུལ་དང་རྫོང་གི་བྱེད་སྒོའི་གཞུང་ལས་ཁང་དང་དེ་བཞིན་བཅའ་སྡོད་གྲོང་ཚོའི་གྲོང་ལྷན་དང་འབྲེལ་གཏུག་བྱས་ནས་གནས་ཚུལ་ཤེས་རྟོགས་བྱེད་པ་དང་ལས་ཀའི་བསམ་ཕྱོགས་གསལ་པོ་བཟོ་ཡི་ཡོད་པ་རེད། དུས་མཚུངས་རང་སོ་སོའི་ཚན་པའི་ལས་སྒོའི་ངོ་བོ་དང་ཟུང་འབྲེལ་བྱས་ནས་ལས་ཀར་སྤྱོད་རྒྱུའི་རླངས་འཁོར་དང་བཟའ་སྡོད་གྲ་སྒྲིག་སོགས་ལས་བགོས་བརྒྱབ་སྟེ་བརྟག་ཞིབ་དང་། འཚམས་འདྲི། སློབ་སྦྱོང་དྲིལ་བསྒྲགས་སོགས་ཀྱི་ལས་ཀའི་ཇུས་གཞི་རགས་ཙམ་བཟོས་ཡོད་པ་རེད།

        ལས་ཀའི་སྒྲིག་ཁྲིམས “ནན ”པ། ས་ཁུལ་གྱི་ཐད་གཏོགས་མཉམ་འབྲེལ་རུ་ཁག་གཉིས་པ་དང་གསུམ་པས་བཅའ་སྡོད་གྲོང་ཚོའི་ལས་ཀའི་ནང་ཞུགས་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་སྦྱོང་བརྡར་བྱེད་པའི་གོ་སྐབས་དཀོན་པོ་ཞིག་ཏུ་བརྩིས་ཏེ་གྲོང་ཚོར་བཅའ་སྡོད་ཀྱི་ལས་ཀའི་ལམ་ལུགས་དང་། ལས་ཞུགས་ཞིབ་བཤེར་ལམ་ལུགས། དགོངས་ཞུ་དང་དགོངས་དུས་ཐིམ་ཞུའི་ལམ་ལུགས་བཅས་བཟོས་པ་དང “བྱེད་མི་ཆོག་པ་བདུན ”དང “མཐའ་འཁྱོངས་དགུ ”བཏོན་ཏེ་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ངལ་རྩོལ་བཅས་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་གཟུགས་བཪྙན་ཡག་པོ་གཏོད་རྒྱུ་སོགས་སྒྲིག་ཁྲིམས་ཀྱི་བླང་བྱ་དང་ལས་ཀའི་བླང་བྱ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།