མང་ཚོགས་ཁྲོད་ནས་ཡོང་བ་དང་། མང་ཚོགས་ཁྲོད་དུ་སྐྱོད་པ།
—— གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་བ།
གཞི་རིམ་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་ཚུན་ཞིབ་དཔྱོད་ཁང་གཞིས་རྩེ་ཡན་ལག་ཁང་གི་བཞད་མཐོང་སྨོན་རྫོང་མདའ་མོ་ཤར་ཤང་གཉན་རྩེ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་བརྟག་དཔྱད་ཞིབ་ནན་བྱེད་པ་དང་དུས་མཚུངས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཆེར་སྤེལ་བས་ཁྱོན་སློབ་གསོར་ཞུགས་མཁན་མི་ཐེངས་900ལྷག་ཙམ་ཟིན་ཡོད་པ་རེད།
ལས་དོན་ཚོགས་ཆུང་གིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཏང་གི་བྱེད་ཕྱོགས་དང་ཞིང་གྲོང་སྟོབས་ཆེར་གཏོང་བ་དང་ཞིང་པར་ཕན་པ་ཐོབ་པའི་སྲིད་ཇུས་དང་། 《རྩ་ཁྲིམས 》དང 《ཉེས་ཁྲིམས 》《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས 》《གཏེར་ཁའི་ཐོན་ཁུངས་ཀྱི་བཅའ་ཁྲིམས 》《བདེ་འཇགས་དོ་དམ་ཉེས་གཅོད་ཁྲིམས་སྲོལ 》བཅས་དང་དེ་བཞིན་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སོགས་ཀྱི་ཁྲིམས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་ཁྱོན་འབྲེལ་ཡོད་དྲིལ་བསྒྲགས་ཀྱི་ལག་དེབ་གྲངས་150ལྷག་ཙམ་དང་དྲིལ་བསྒྲགས་ཤོག་ལྷེ་300ལྷག་ཙམ་སྤྲད་པ་དང་། མང་ཚོགས་ལ་ཁྲིམས་ལུགས་ཞབས་ཞུ་ཁག་5མཁོ་འདོན་བྱས་པ། གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་14ལ་སློབ་གསོ་བཏང་བ་བཅས་བྱས་པ་རེད། ལས་དོན་ཚོགས་ཆུང་གིས་ད་དུང་གྲོང་ཚོ་ཨུ་ལྷན་ནང་ཞིང་གྲོང་སྟོབས་ཆེར་གཏོང་བ་དང་ཞིང་པར་ཕན་པ་ཐོབ་པའི་སྲིད་ཇུས་ཀྱི་དྲིལ་བསྒྲགས་སྒྲོམ་སྟེགས་བཙུགས་ཏེ་མང་ཚོགས་ཀྱིས་དུས་ཐོག་ཏུ་ཀྲུང་དབྱང་དང་། ལྗོངས་ཏང་ཨུད་དང་ས་ཨུད་ཀྱི་དམངས་ཕན་སྲིད་ཇུས་ཤེས་ཐུབ་པ་བྱུང་ནས་དྲིལ་བསྒྲགས་བྱེད་སྒོར་ཕན་འབྲས་མངོན་གསལ་ཐོན་ཞིང་། འདི་ནི་ཁང་དེའི་ལས་དོན་མི་སྣས་ངལ་རྩོལ་བར་གསེང་དུ་མང་ཚོགས་ལ་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་བཞིན་པའི་གནས་ཚུལ་ཡིན་པ།
ལྗོངས་ཡོངས་སུ་གཞི་རིམ་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་རིང་གྲོང་ཚོར་བཅའ་སྡོད་གཞིས་རྩེ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་ཚོགས་ཆུང་གིས་ས་སྐྱ་རྫོང་དགེ་ལྡིང་གྲོང་རྡལ་ཁྲོམ་མདའ་གྲོང་ཚོར་བསྐྱོད་ནས་མ་དངུལ་སྒོར་ཁྲི་31.88བཏང་སྟེ་ས་གནས་དེ་གའི་མི་སེར་ལ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱས་པ་དང་། བྱ་བ་དངོས་བསྒྲུབས་པ། བྱ་བ་བཟང་པོ་བསྒྲུབས་པ་བཅས་བྱས་པས་གྲོང་མི་ཚོའི་གཅིག་གྱུར་གྱི་གདེང་འཇོག་ཡག་པོ་ཐོབ་པ་རེད།
“བདེ་སྐྱིད་ཆུ་འདྲེན་ལྕགས་མདོང ”
ཉེ་ཆར་ས་སྐྱ་རྫོང་དགེ་ལྡིང་གྲོང་རྡལ་ཁྲོམ་མདའ་གྲོང་ཚོའི་མཚུར་ཕུ་ཚོགས་ཆུང་གི་གྲོང་མི་དུད་ཚང་25ལ་ཁོང་ཚོས་ཡུན་རིང་རེ་སྒུག་བྱས་པའི “ཆུ་འདྲེན་ལྕགས་མདོང ”འཁྲིད་ཅིང་། ཁོང་ཚོའི་བསམ་འདུན་དེ་མངོན་འགྱུར་བྱེད་རོགས་བྱེད་མཁན་ནི་ས་སྐྱ་རྫོང་དགེ་ལྡིང་གྲོང་རྡལ་ཁྲོམ་མདའ་གྲོང་ཚོར་བཅའ་སྡོད་གཞིས་རྩེ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་ཚོགས་ཆུང་ཡིན་པ་རེད།
མཚུར་ཕུ་ཚོགས་ཆུང་ནི་ཁྲོམ་མདའ་གྲོང་ཚོའི་རང་བྱུང་གྲོང་ཚོ་ཞིག་ཡིན་ཞིང་། གྲོང་ཚོ་ཧྲིལ་པོ་ཁྲོམ་མདའ་གྲོང་ཚོ་དང་བར་ཐག་སྤྱི་ལེ་5ཡོད་པའི་རི་སྟེང་དུ་གནས་ཡོད། ས་བབ་ཁོར་ཡུག་གི་དམིགས་བསལ་ཁྱད་ཆོས་ཀྱིས་རྐྱེན་པས་ཚོགས་ཆུང་དེར་ཆུ་འདྲེན་རྒྱུར་དཀའ་ངལ་འཕྲད་པ་དང་ལྷག་པར་དུ་འདི་ལོའི་ཟླ་བ་བདུན་པའི་ཟླ་མཇུག་དང་ཟླ་བ་བརྒྱད་པའི་ཟླ་འགོར་ཁྲོམ་མདའ་གྲོང་ཚོའི་རྒྱུད་དུ་ཆུ་ལོག་ཐོན་རྗེས་དེ་སྔོན་གྱི་ཆུ་འདྲེན་ཨར་འདམ་ཆུ་སྦུབས་ཆུས་འཁྱེར་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དཀའ་ངལ་འཕྲད་པ་རེད།
གྲོང་ཚོར་བཅའ་སྡོད་གཞིས་རྩེ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་ཚོགས་ཆུང་གིས་གནས་ཚུལ་དེ་ཤེས་རྗེས་ཕྱོགས་མང་ཐད་དང་འབྲེལ་བ་བྱས་ནས་སྤུན་ཟླའི་འཕྲུལ་ཆས་བཟོ་གྲྭར་ཆེད་མངགས “ཆུ་འདྲེན་ལྕགས་མདོང ”མངགས་བཟོ་བྱས་ནས་ཆུ་འདྲེན་པ་དང་འབྲེལ་བཟོ་གྲྭའི་ལག་རྩལ་པས་ས་ཆ་དངོས་སུ་ཚད་འཇལ་བྱས་ཏེ་རིང་ཚད་སྨི་22ཡོད་པའི་ལྕགས་མདོང་སྒྲིག་སྦྱོར་བྱས་པ་རེད། ཆུ་འདྲེན་ལྕགས་མདོང་སྒྲིག་སྦྱོར་བྱས་རྗེས་མཚུར་ཕུ་ཚོགས་ཆུང་གི་གྲོང་མིས་ལས་དོན་ཚོགས་ཆུང་གི་ཁོངས་མིའི་ལག་ནས་འཇུས་ཏེ་ཁོང་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ “ཆུ་འདྲེན་ལྕགས་མདོང ”དེ “བདེ་སྐྱིད་ཆུ་འདྲེན་ལྕགས་མདོང ”ཞེས་མིང་གྱུར་པ་རེད།
འཚོ་བའི་དགོས་མཁོ་གང་དགོས་ཡོད་པ།
ཟླ་9ཚེས་25ཉིན “གྲོང་ཚོར་བཅའ་སྡོད་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་ཚོགས་ཆུང་གི་རྣམ་གྲངས་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་དང། ཏང་ཨུད་ཀྱི་འབོད་སྐུལ་དང་དུ་བླངས་ནས་དམངས་ལ་བྱ་བ་དངོས་བསྒྲུབས་ཤིང་། གྲོང་ཚོར་བཅའ་སྡོད་མི་དམངས་ཁྲིམས་དཔོན་གྱིས་དམངས་ཀྱི་སེམས་ཁྲལ་སེལ་བ ”ཞེས་པའི་འཕྲེད་འགེལ་ཡི་གེ་སྦྱར་པའི་ཟོག་འདྲེན་རླངས་འཁོར་ཆེ་གྲས་དང་ཟོག་འདྲེན་རླངས་འཁོར་ཆུང་གྲས་གཅིག་ནང་འཚོ་བའི་དངོས་རྫས་སྣ་ཚོགས་བྱུར་བུར་བླུགས་ནས་དགེ་ལྡིང་གྲོང་རྡལ་ཁྲོམ་མདའ་གྲོང་ཚོར་ཡོང་བ་རེད།
ཉིན་དེ་རང་དུ་གྲོང་ཚོར་བཅའ་སྡོད་གཞིས་རྩེ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་ཚོགས་ཆུང་གིས་ཁྲོམ་མདའ་གྲོང་ཚོའི་དམིཌ་བསལ་དཀའ་ངལ་ཡོད་པའི་དུད་ཚང་བརྒྱད་དང་གཞོན་ནུ་ཏང་ཡོན་ལ་གདན་བཀྱག་དང་། ཆ་སྒམ། ཅོག་ཙེ། འབོལ་གདན། ཁ་གདན། སྲིང་བལ་ཕོ་ཁེབས། ཀམ་པ་ལི། ལྕགས་ཐབ། མོག་ཕྲུ་སོགས་འཚོ་བའི་མཁོ་ཆས་སྤྲད་པ་དང་། ཁྲོམ་མདའ་གྲོང་ཚོར་བཪྙན་འཕྲིན་མེད་པའི་ཁྱིམ་ཚང་12ལ་ཚུན་29ཡོད་པའི་ཚོན་ཁྲ་ཅན་གྱི་བཪྙན་འཕྲིན་འཕྲུལ་འཁོར་སྤྲད་པ། ཁྲོམ་མདའ་གྲོང་ཚོར་འབྲུ་རིགས་དཀོན་པའི་དུད་ཚང་དབུལ་པོ་15ལ་འབྲས་དང་། གྲོ་ཞིབ། ཇ་བག་ཆུང་། མར་སོགས་འཚོ་བའི་མཁོ་ཆས་སྤྲད་པ། འཚེམ་བུའི་འཁོར་ལོ་སྤྱོད་ཤེས་ཀྱང་མེད་པའི་གྲོང་མི་གཅིག་ལ་འཚེམ་བུའི་འཁོར་ལོ་སྤྲད་པ་བཅས་བྱས་པ་དང་དུས་མཚུངས་ད་དུང་ཁྲོམ་མདའ་གྲོང་ཚོའི་ཚོགས་ཆུང་གསུམ་པའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་བཪྙན་འཕྲིན་འཕྲུལ་འཁོར་གྱི་སྒྲོམ་དང་། བཪྙན་འཕྲིན་འཕྲུལ་འཁོར། བཪྙན་སྟོན་འཕྲུལ་འཁོར། སྒྲ་བསྐྱེད་གློག་དུང་། སྒྲ་བསྐྱེད་འཕྲུལ་འཁོར། སྐད་དུང་། ལྕགས་སྐུད་ཨང་བརྒྱད་པ། དཔེ་སྒྲོམ། དཔེ་དེབ་སོགས་དངོས་རྫས་སྤྲད་པ་རེད།
སྤྲད་པའི་བཪྙན་འཕྲིན་དང་སྒྲ་བསྐྱེད་འཕྲུལ་འཁོར་དང་དེ་བཞིན་འབྲེལ་ཡོད་སྒྲིག་བཀོད་ལ་དམིགས་ནས་གྲོང་ཚོར་བཅའ་སྡོད་གཞིས་རྩེ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་ཚོགས་ཆུང་གིས་ད་དུང་ལག་རྩལ་མི་སྣ་དུད་ཚང་ཚང་མར་སྒྲིག་སྦྱོར་དང་སྙོམས་སྒྲིག་ཚོད་ལྟ་བྱེད་པར་གདན་ཞུ་བྱས་ནས་གྲོང་མི་ཚང་མར་བེད་སྤྱོད་ཐུབ་པ་བྱས་པ་རེད།