དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • “བུད་མེད་ཀྱི་ཁྱིམ”ལས་གཞིས་རྩེའི་བུད་མེད་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་བོད་ལྗོངས་གཞིས་རྩེ་ས་ཁུལ་འབྲོང་པ་རྫོང་བླ་རང་ཤང་དྭངས་ཤེལ་གྲོང་ཚོ་དང་། ས་དགའ་རྫོང་སྐྱ་སྐྱ་གྲོང་རྡལ་སྐྱ་ཕུག་གྲོང་ཚོ། ངམ་རིང་རྫོང་གད་ཁ་གྲོང་རྡལ་གད་ཁ་གྲོང་ཚོ། ལྷ་རྩེ་རྫོང་གྲའུ་ཤང་སྣེ་བཞི་གྲོང་ཚོ་བཅས་སོ་སོས “བུད་མེད་ཀྱི་ཁྱིམ ”བཙུགས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བཙུགས་པའི “བུད་མེད་ཀྱི་ཁྱིམ ”བཞི་དེ་ནི་གཞིས་རྩེ་ས་ཁུལ་གྱིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཟབ་ཏུ་གཏོང་བའི་བྱེད་སྒོའི་ཁྲོད་གཡུལ་སའི་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་བུད་མེད་རྩ་འཛུགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང། ཏང་དང་མང་ཚོགས་རྩ་འཛུགས་ཐུན་མོང་ཐོག་འཛུགས་སྐྱོང་བྱེད་པ་བཅས་ཀྱི་བྱ་ཐབས་གལ་ཆེན་གཞན་ཞིག་རེད། “བུད་མེད་ཀྱི་ཁྱིམ ”ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱ་ཕྱིར་རང་སྐྱོང་ལྗོངས་དང་གཞིས་རྩེ་ས་ཁུལ་གྱི་རིམ་གཉིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་གྲོང་ཚོ་རེར་བྱེད་སྒོའི་འགྲོ་གྲོན་སྒོར་3000ཐག་གཅོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།