དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལས་འགན་ལྕི་པོ་འཁུར་ནས་གཞི་རིམ་དུ་སྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གྲོང་ཚོར་བཅའ་སྡོད་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ། ལས་བྱེད་མང་ཚོགས་གཅིག་སེམས་གཅིག་ལ་སྦྲེལ།

        —— སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ།

        ཟླ་10ཚེས་13ཉིན་གྱི་སྔ་དྲོ་ཕོ་བྲང་པོ་ཏ་ལའི་བར་སྣང་དུ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ་དང་འཁར་རྔའི་སྒྲས་ཁེངས་ཤིང་། དེ་གར་ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང། དམངས་འཚོར་ཕན་པ་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཐོན་པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས། ཐོན་པའི་མཛད་སྒོ་འཚོགས་ནས་ལྗོངས་ཡོངས་ཀྱི་གྲོང་ཚོ (ཡུལ་མི )ཨུ་ཡོན་ལྷན་ཁང་5451ལ་བཅའ་སྡོད་ཀྱི་ལས་དོན་སྤེལ་འགོ་ཚུགས།

        མཛད་སྒོ་འཚོགས་ཡུལ་དུ་རང་སྐྱོང་ལྗོངས་ཀྱི་ལྗོངས་ཐད་གཏོགས་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་པ་འདོགས་པ་བཅས་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་23གྱི་རུ་མིས་ཐང་ཆེན་དུ་གྲལ་སྟར་བསྒྲིགས་ཤིང “གཞི་རིམ་གྱི་དགོས་མཁོ་ནི་ང་ཚོའི་ལས་འགན་དང་མང་ཚོགས་ཀྱི་དཀའ་ངལ་ནི་ང་ཚོའི་ལས་ཀ་རེད ”ཅེས་དང “ཏང་ཐུགས་བློ་བདེ་པོ་དང་མང་ཚོགས་བློ་ཡིད་ཚིམ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཅིག་བྱ་རྒྱུ་ཡིན ”ཞེས་བྲིས་པའི་ཚོན་ཁྲ་ཅན་གྱི་ཡིག་འབྲུ་གཡོ་བ་དང་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་པ་གསར་འགོད་པས་མཐོང་བྱུང་།

        ཉལ་ཆས་གཅིག་དང་། རྒྱབ་ཁུར་ལྟོ་ཕད་གཅིག སྨྱུ་གུ་གཅིག ཐོ་འགོད་དེབ་གཅིག ......ལྗོངས་ཏང་ཨུད་ཀྱི་རྩ་འཛུགས་པུའུ་དང་། ལྗོངས་སྒྲིག་ཨུད། ལྗོངས་རྩིས་བཤེར་ཐིང་། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་སོགས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་པ་འདོགས་པ་བཅས་ཀྱི་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་དང་པོའི་རུ་མི་ཐོན་ཉེར་ཡོད་པ་དང་ཁོང་ཚོས་དམངས་འཚོ་དང་དམངས་ཀྱི་གནས་ཚུལ་རྟོགས་པར་བྱས་ནས་མང་ཚོགས་ཕྱུག་འགྱུར་ཡོང་རོགས་བྱེད་པ་དང་ཡིད་ཆེས་ཀྱི་སྟོབས་ཤུགས་སྦྱིན་རྒྱུ་རེད།

        མཛད་སྒོར་ཞུགས་མཁན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཁྲོད་དུ “གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་ཡིན ”ཞེས་བྲིས་པའི་སྦྱར་ཚིག་དམར་པོ་ཞིག་ལག་ཏུ་ཐོགས་པའི་རུ་མི་ཞིག་ལ་དོ་སྣང་ཆེན་པོ་བྱུང་། སྟག་རྩེ་རྫོང་ཤིང་ཚང་གྲོང་ཚོར་བཅའ་སྡོད་ལྗོངས་རྩིས་བཤེར་ཐིང་ལས་དོན་རུ་ཁག་གི་རུ་མི་ཏུའུ་ཀོང་ཅིང་གིས “མཛད་སྒོ་མཇུག་འགྲིལ་རྗེས་ང་ཚོ་སྟག་རྩེ་རྫོང་ཤིང་ཚང་གྲོང་ཚོར་སྐྱོད་རྩིས་ཡོད། ཕྱིས་སུ་མི་རིགས་ཁག་གི་མང་ཚོགས་དང་མཉམ་ཟ། མཉམ་སྡོད་དང་། མཉམ་སྦྱོང་། མཉམ་ལས་བཅས་བྱེད་པ་དང་ཞིང་འབྲོག་མང་ཚོགས་དང་གྲོགས་པོ་སྒྲིག་པ་དང་། སྐྱིད་སྡུག་མཉམ་མྱོང་བྱེད་པ། མཉམ་དུ་འབད་འཐབ་བཅས་བྱས་ནས་གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ཤེས་མཁན་དང་། མང་ཚོགས་ཀྱིས་ཡིད་རྟོན་བྱེད་པའི་སྙིང་ཉེ་བ། འཕེལ་རྒྱས་དང་བརྟན་ལྷིང་གི་འཇོན་ཐང་ཅན་བཅས་གང་ཐུབ་བྱེད་ཀྱི་ཡིན ”ཞེས་བཤད།

        སྔ་དྲོའི་ཆུ་ཚོད་10དང་སྐར་མ་20ཡི་ཐོག་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དང་ཞིང་འབྲོག་མང་ཚོགས་ལ་བརྩེ་སེམས་ཟབ་མོ་འཆང་བཞིན་དུ་རླངས་འཁོར་རེ་རེ་བཞིན་དང་བློ་སྟོབས་ཀྱིས་ཁེངས་པའི་ལས་དོན་རུ་ཁག་གི་རུ་མི་རྣམས་ཡངས་ཤིང་རྒྱ་ཆེ་བའི་ཞིང་འབྲོག་ཁུལ་དུ་སྐྱོད་ཅིང་། ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འགོ་ཚུགས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།