དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གོང་དཀར་རྫོང་གིས་ནུས་ཤུགས་ཡོད་རྒུས་ཕྱོགས་མིའི་ཏང་ཡོན་ལ་ལས་གཏོད་སྟེགས་བུ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འདི་ལོ་ཚུན་ཕྱོགས་མིའི་ཏང་ཡོན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ཐད་གོང་དཀར་རྫོང་གིས “ཞབས་ཞུ་སྔོན་ལ་བྱེད་པ་དང་། སློབ་གསོ་མཉམ་དུ་སྤེལ་བ། དོ་དམ་མཉམ་འཛིན་བྱེད་པ ”བཅས་འདུ་ཤེས་སུ་བྱས་ཏེ་དུས་བསྟུན་མདུན་སྐྱོད་དང་གསར་འབྱེད་གསར་གཏོད་ཀྱིས་དོ་དམ་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐུགས་ཁུར་བྱེད་ཚད་ཟབ་ཏུ་གཏོང་བ། སློབ་གསོ་གཏོང་སྟངས་ལེགས་སུ་གཏོང་བ། ལས་གཏོད་སྟེགས་བུ་སྐྲུན་པ་བཅས་བྱས་ནས་ཕྱོགས་མིའི་ཏང་ཡོན་ལ་ཚན་རིག་ཅན་གྱི་དོ་དམ་ལམ་བུ་ཞིག་བཏོད་པ་རེད།

        དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། འདི་ལོའི་ལོ་འགོར་གོང་དཀར་རྫོང་ཨུད་རྩ་འཛུགས་པུས་ཕྱོགས་མིའི་ཏང་ཡོན་ལ་དོ་དམ་བྱ་རྒྱུ་དེ་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་བཀོད་སྒྲིག་བྱས་པ་དང་འབྲེལ་ཕྱོགས་མིའི་ཏང་ཡོན་གྱི་དོ་དམ་ལས་དོན་ཅུང་ལེགས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལས་ཡུལ་དངོས་སུ་སྤེལ་རེས་གཏམ་བཤད་བྱེད་དུ་བཅུག་སྟེ་རྫོང་དེ་ཡོངས་ཀྱི་ཕྱོགས་མིའི་ཏང་ཡོན་གྱི་དོ་དམ་ལས་དོན་ཐད་མིག་དཔེ་ཞིག་བཏོད་པ་རེད། རྫོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཝུའེ་ཡིས་མིག་སྔར་རྫོང་དེ་ཡོངས་སུ་ཕྱོགས་མིའི་ཏང་ཡོན་གྱི་མི་གྲངས་དང་རྩིས་ཁྲ་41བཟོས་པ་དང་ཕྱོགས་མིའི་ཏང་ཡོན་གྱི་ལག་ཁྱེར་108སྤྲད་པས་རྫོང་དེ་ཡོངས་ཀྱི་ཕྱོགས་མིའི་ཏང་ཡོན་གྱི་གྲངས་ཀ་གསལ་བ་དང་གནས་ཚུལ་གསལ་པོ་ཡོང་རྒྱུ་འགན་ལེན་བྱུང་ཡོད་ཅེས་བཤད། ཕྱོགས་མིའི་ཏང་ཡོན་ལ་ཞབས་ཞུ་དེ་བས་ལེགས་པ་ཞུ་ཆེད་རྫོང་དེས་རྫོང་དང་། ཤང་། གྲོང་ཚོ་བཅས་སུ་ཕྱོགས་མིའི་ཏང་ཡོན་གྱི་ཞབས་ཞུའི་ཁ་པར་བཙུགས་པ་དང་འབྲེལ་རྫོང་དེ་ཡོངས་ཀྱི་ཕྱོགས་མིའི་ཏང་ཡོན་གྱི་ཞབས་ཞུའི་ཁ་པར་50དང་འགན་ཁུར་བའི་མིང་ཐོ་བཟོས་ཏེ་ཕྱོགས་མིའི་ཏང་ཡོན་ཡོངས་ལ་སྤྲད་ནས་ཕྱོགས་མིའི་ཏང་ཡོན་གྱི་དཀའ་ངལ་དང་བློ་འདྲི་དུས་ཐོག་ཏུ་ཐག་གཅོད་ཐུབ་རྒྱུའི་འགན་ལེན་བྱས་ཡོད་པ་རེད།

        ཐུགས་ཁུར་ཇེ་ཟབ་ཏུ་བཏང་ཞིང་། ཏང་ནང་གི་སྐུལ་ལྕག་རོགས་སྐྱོར་མ་དངུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དུས་ཐོག་ཏུ་ཕྱོགས་མིའི་ཏང་ཡོན་གྱི་དཀའ་ངལ་སེལ་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་གོང་དཀར་རྫོང་གིས་བསྡོམས་རྩིས་བརྒྱབ་ན་ཕྱོགས་མིའི་ཏང་ཡོན་ལ་བྱ་བ་དངོས་12བསྒྲུབས་པ་དང་འབྲུ་རིགས་དང་གྱོན་གོས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་3ལྷག་ཙམ་སྤྲད་པ་རེད། ལག་རྩལ་མི་ཤེས་པའི་ཕྱོགས་མིའི་ཏང་ཡོན་ལ་དམིགས་ཏེ་རྫོང་ཨུད་རྩ་འཛུགས་པུས་དུས་ཐོག་ཏུ་རྫོང་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱས་ནས་ཕྱོགས་མིའི་ཏང་ཡོན་རིགས་ཁག་གི་ལག་རྩལ་གསོ་སྦྱོང་ནང་ཞུགས་རྒྱུ་སྔོན་ལ་བཀོད་སྒྲིག་བྱས་ཏེ་ཕྱོགས་མིའི་ཏང་ཡོན་ལ་འབབ་འཕར་གྱི་ཐབས་ལམ་གཏོད་རྒྱུའི་འགན་ལེན་བྱས་པ་རེད། མིག་སྔར་རྫོང་དེ་ཡོངས་སུ་ལག་རྩལ་སྣེ་གཅིག་ཡན་ཤེས་ནས་ཕ་ཡུལ་དུ་ཕྱིར་ལོག་བྱས་པའི་ཕྱོགས་མིའི་ཏང་ཡོན་36ཟིན་ཡོད་པ་རེད།

        སློབ་གསོ་གཏོང་ཐབས་ལེགས་སུ་བཏང་ཞིང་། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་རྫོང་དེའི་གཞི་རིམ་ཏང་རྩ་འཛུགས་ཁག་གིས་ཕྱོགས་མིའི་ཏང་ཡོན་ལ་དོ་དམ་བྱ་རྒྱུར་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ་ཁོང་ཚོར་ཁྲིད་སྟོན་གྱིས་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཕྱོགས་མིའི་ཏང་ཡོན་རྣམས་ཕ་ཡུལ་ནས་ཁ་འབྲལ་ཡང་ཏང་དང་ཁ་མི་འབྲལ་བའི་འགན་ལེན་བྱས་པ་རེད། ཀྲང་ཝུའེ་ཡིས་འདི་ལོ་ཚུན་རྫོང་ཡོངས་སུ་སྔོན་གཏོད་ལེགས་བརྩོན་བྱེད་སྒོའི་ནང་ཞུགས་མཁན་ཕྱོགས་མིའི་ཏང་ཡོན་བསྡོམས་112ཡོད་པ་རེད། “གཅིག་གིས་གཅིག་ལ་རོཌ་རམ ”དང “མང་པོས་གཅིག་ལ་རོགས་རམ ”“གཅིག་གིས་མང་པོར་རོགས་རམ ”བྱེད་པ་སོགས་ཀྱི་བྱེད་སྟངས་གཞིར་བཟུང་སློབ་རོགས་ཆ་འགྲིག་24དང་ལས་མིའི་རོགས་རེས་ཚོགས་ཆུང་8བཙུགས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག་རྫོང་དེ་ཡོངས་ཀྱི་ཕྱོགས་མིའི་ཏང་ཡོན་22ཀྱིས་གྲོང་ཚོ་དེ་གའི་མང་ཚོགས་སྣེ་ཁྲིད་དེ་ཕྱིར་ལས་ཀ་འཚོལ་བ་དང་ལག་རྩལ་སྦྱོང་བ་སོགས་བྱས་པས་མང་ཚོགས་15དབུལ་སྒྲོལ་ཕྱུག་འགྱུར་བྱུང་ཡོད་ཅེས་བཤད།

        ལས་གཏོད་སྟེགས་བུ་བསྐྲུན་ཞིང་། ཕྱོགས་མིའི་ཏང་ཡོན་མང་ཆེ་བར་ལས་གནས་མེད་པའི་དོན་དངོས་ལ་དམིགས་ཏེ་གོང་དཀར་རྫོང་གིས་ཁོང་ཚོའི་ཁྲོད “ལས་གནས་དང་འགན་འཁྲི་གཏན་འཁེལ ”གྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཕྱོགས་མིའི་ཏང་ཡོན་ཁྲོད་ཚོང་འགུགས་མ་འདྲེན་དང་། ངལ་ནུས་ཕྱིར་གཏོང་། བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས། ཕྱུག་འགྱུར་ཆ་འཕྲིན། དཀའ་སེལ་སྐྱོ་རོགས། ལག་རྩལ་ཟུར་ཁྲིད། དཔེ་སྟོན་གཉེར་སྐྱོང་། ཐབས་འདོན་དང་ཇུས་འདོན། ཡུལ་ལོག་ལས་གཏོད་སོགས་ཀྱི་ལས་གནས་འཛུགས་རྒྱུར་ཁྲིད་སྟོན་བྱས་པ་རེད། མིག་སྔར་རྫོང་དེ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་41གིས་ཕྱོགས་མིའི་ཏང་ཡོན་གྱི་གདོང་ལེན་ལས་གནས་12གཏན་འཁེལ་བྱས་པ་དང་ཕྱོགས་མིའི་ཏང་ཡོན་64ལ “ལས་གནས་དང་འགན་འཁྲི་གཏན་འཁེལ ”བཟོས་ནས་ལས་གནས་གཏན་འཁེལ་བྱེད་ཚད་59%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།