དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཉིང་ཁྲི་རྫོང་གི་སྔོན་གཏོད་ལེགས་བརྩོན་བྱེད་སྒོར་བཀྲག་མདངས་འཚེར་ས་བསྟུད་མར་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་བའི་ལོ་གཉིས་རིང་ཉིང་ཁྲི་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་རིང་ཏང་གི་སྔོན་ཐོན་རང་བཞིན་འཛུགས་སྐྱོང་བྱ་རྒྱུ་དེ་སྲོག་ཤིང་དུ་བརྩི་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང “རིམ་གསུམ་མཉམ་གཏོད ”གཞི་རྟེན་དུ་བྱས་ཏེ་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བཅས་དམ་འཛིན་ཤུགས་ཆེན་བྱས་ནས་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་འབད་བརྩོན་བྱེད་པ་དང་ནུས་ཤུགས་བཏོན་པ་དང་སྔོན་གཏོད་ལེགས་བརྩོན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟབས་ཏང་འཛུགས་སྐྱོང་ལས་དོན་ཐད་ཁྱད་ཆོས་མངོན་གསལ་དོད་པ་དང་བཀྲག་མདངས་འཚེར་ས་མུ་མཐུད་མངོན་པའི་མི་རྣམས་དགའ་འོས་པའི་རྣམ་པ་ཐོན་པར་ཀྲུང་དབྱང་གི་འབྲེལ་ཡོད་དབུ་ཁྲིད་དང་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་གཙོ་བོས་གདེང་འཇོག་གང་ལེགས་གནང་ཡོད།

        ཉིང་ཁྲི་རྫོང་ལ་ཁྱོན་བསྡོམས་ཤང་གྲོང་གི་ཏང་ཨུད་7དང་། གྲོང་ཚོ (སྡེ་ཁུལ )ཏང་ཀྲི་པུའུ་69 ཏང་ཡོན་2085བཅས་ཡོད། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་རིང་ཉིང་ཁྲི་རྫོང་གིས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་བཀོད་སྒྲིག་ཏན་ཏིག་བྱས་པ་དང་ཆབས་ཅིག་གཞི་རྟེན་གསར་གཏོད་དང་གནད་དོན་ཐག་གཅོད་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་རྫོང་གིས་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་རིང་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་96.39བཏང་སྟེ་མང་ཚོགས་ལ་དངོས་ཡོད་དཀའ་ངལ་ཐག་གཅོད་དང་བྱ་བ་120ལྷག་ཙམ་བསྒྲུབས་པ་མ་ཟད་ཏང་ཡོན་གྱི་གདོང་ལེན་ལས་གནས་20བཙུགས་པ་དང་མང་ཚོགས་ལ་ལས་བཟང་20བྱས་པ་དང་འབྲེལ་ཏང་ཡོན་760ཡིས་རང་ཉིད་ཀྱིས་མ་དངུལ་གྲབས་གསོག་བྱས་ཏེ་ཐོན་སྐྱེད་དང་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་378ལ་རོགས་སྐྱོར་བྱས་ཡོད་པ་རེད།

        ཉིང་ཁྲི་རྫོང་གི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྔོན་གཏོད་ལེགས་བརྩོན་བྱེད་སྒོའི་ཞིབ་ཕྲའི་བླང་བྱ་ཞིབ་ཕྲའི་ལས་དོན་ནང་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་རིང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་མ་གཏོང་རྒྱུའི་གཙོ་གནད་དེ་དམ་བཟུང་གིས་ཚན་ཁག་གི་ཁོངས་མིའི་རྣམ་གྲངས་བགོ་བ་དང་དམ་འཛིན་འགན་གཙང་བྱེད་པའི་ལས་ཀའི་ལམ་སྲོལ་རྒྱུན་འཁྱོངས་བྱས་ཏེ་ལས་དོན་དང་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱས་པ་དང་ཆབས་ཅིག་ཤང་གྲོང་ཁག་གི་ཏང་ཨུད་ཀྱིས་ད་དུང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་གཏོང་རྒྱུ་དེ་དེང་རབས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ་དང་། གྲོང་གསེབ་གསར་པ་བསྐྲུན་རྒྱུ། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་མ་གཏོང་རྒྱུ་བཅས་ཀྱི་འགག་རྩར་བརྩིས་ཏེ་སྣེ་ཁྲིད་ཧུར་ཐག་བྱེད་པ་དང་། སྐུལ་འདེད་ལ་ཤུགས་སྣོན་རྒྱག་པ། ཞབས་འདེགས་ལེགས་པར་ཞུ་བ་བཅས་བྱས་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་སྐྱོན་བྲལ་དང་མྱུར་པོའི་ངང་འཕེལ་རྒྱས་འགྲོ་ཐུབ་པ་བྱུང་ཞིང་ད་བར་ཉིང་ཁྲི་རྫོང་གིས་ཆེད་ལས་མཉམ་ལས་ཁང་ཁག་14སྒྲིག་འཛུགས་བྱས་པ་དང་བཙུགས་ཏེ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དངོས་ཚན་486དང་ཞིང་འབྲོག་ཁུལ་གྱི་བར་ཁེ་བ་127འཕེལ་རྒྱས་བཏང་བ་དང་ཁེ་ལས་དང་དཔལ་འབྱོར་མཉམ་ལས་རྩ་འཛུགས་མཐུན་ཚོགས་བཅས་ནང་ཞིང་འབྲོག་པ་ཞུགས་པའི་ཐོན་སྐྱེད་གཉེར་སྐྱོང་དུད་ཚང་1200ལྷག་ཙམ་ཟིན་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ནུས་ལྡན་ངང་འཕར་བ་དང་སྔོན་ཐོན་ཏང་རྩ་འཛུགས་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཁག་གཅིག་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།