བྱེད་སྒོ་དེ་ཏན་ཏན་ཏིག་ཏིག་ངང་དམ་འཛིན་ནན་པོ་དང་ལེགས་པར་བྱེད་པ།
གྲོང་ཚོར་བཅའ་སྡོད་ལས་དོན་གྲོང་ཚོ་ཡོངས་ལ་ཁྱབ། མང་ཚོགས་ལས་བྱེད་གཅིག་སེམས་གཅིག་ལ་སྦྲེལ།
སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ།
བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་འབྱོར་བའི་གནས་ཚུལ་ཕྱོགས་བསྡུས། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གིས་ཀྲུང་དབྱང་གི་དགོངས་དོན་ལག་ལེན་བསྟར་བ་དང་རང་ལྗོངས་ཀྱི་དོན་དངོས་ལ་གཞིགས་ཏེ་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་གཙོ་བོར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བ། དམངས་འཚོ་ལེགས་གཏོང་འགན་ལེན་བྱེད་པ་བཅས་ཀྱི་ཐད་ཀྱི་གལ་ཆེན་ཐབས་ཇུས་ཀྱི་བཀོད་སྒྲིག་ཅིག་རེད། བྱེད་སྒོ་སྤེལ་འགོ་ཚུགས་ཚུན་རང་ལྗོངས་ཀྱི་ས་ཁུལ (གྲོང་ཁྱེར )ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལྟར་མྱུར་དུ་བྱ་སྤྱོད་སྤེལ་བ་དང་སྐུལ་སློང་ཧུར་ཐག་བྱས་ཏེ་ས་ཁུལ་དེ་ག་དང་སྡེ་ཚན་དེ་གས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་ནས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་ཏན་ཏིག་ངང་གཏིང་ཟབ་སྤེལ་རྒྱུ་དམ་འཛིན་ཤུགས་ཆེན་དང་ལེགས་པར་བྱས་ཡོད།
ཚེས་12ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་སྐུལ་སློང་ཚོགས་ཆེན་འཚོགས་ཏེ་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐུལ་སློང་བྱས་ཤིང་། ཚོགས་འདུའི་ཐོག་ཏང་ཡོན་ལས་བྱེད་པ་ཚོར་ལྗོངས་ཏང་ཨུད་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ནང་འཚང་ཁ་ཤིག་ཤིག་ངང་ཞུགས་པ་དང་རང་འགུལ་གྱི་ཐོག་ནས་གཞི་རིམ་དང་མང་ཚོགས་ཁྲོད་ཟབ་འཇུག་བྱེད་ལ་གཞི་རིམ་འཛུགས་སྐྲུན་དང་། གཞི་རིམ་འཕེལ་རྒྱས། གཞི་རིམ་སྲ་བརྟན་བཅས་དང་མང་ཚོགས་དང་འབྲེལ་བ་བྱེད་པ་དང་། མང་ཚོགས་སྒྲིག་འཛུགས་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལག་ལེན་ཁྲོད་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བ་བྱེད་པ་དང་། རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་ལས་དོན་གྱི་སྲིད་ཇུས་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས་ད་རེས་ཀྱི་བྱེད་སྒོ་དེ་བསམ་བློའི་ཆུ་ཚད་དང་ལས་ཀའི་སྤྱོད་ཚུལ་ལ་ཞིབ་བཤེར་བྱེད་པའི་མེ་ལོང་ཞིག་དང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པའི་གོ་སྐབས་ཤིག་ལ་བརྩི་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ཚོགས་འདུའི་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱེད་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར་བསམ་བློ་གཅིག་གྱུར་དང་། ངོས་འཛིན་གཅིག་གྱུར། གོམ་སྟབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཀྱིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་ཏན་ཏིག་ངང་གཏིང་ཟབ་སྤེལ་རྒྱུ་དམ་འཛིན་ཤུགས་ཆེན་དང་ལེགས་པར་བྱེད་དགོས་པའི་ནན་བཤད་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ཏེ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཁྱོན་བསྡོམས་ལས་དོན་ཚོགས་ཆུང་6གཏོང་རྒྱུ་ཡིན་པ་དེ་ཟླ་10ཚེས་20གོང་ཚང་མ་ལས་དོན་ས་ཚིགས་སུ་བཅའ་སྡོད་བྱེད་ཐུབ་པ་བྱ་རྒྱུ་རེད།
གསར་འགོད་པས་ཟླ་10ཚེས་10ཉིན་འཚོགས་པའི་མངའ་རིས་ས་ཁུལ་གྱི་སྐུལ་སློང་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱས་གསལ། མངའ་རིས་ས་ཁུལ་གྱིས་ལས་དོན་ཚོགས་ཆུང་140སྒྲིག་འཛུགས་བྱས་ཏེ་ས་ཁུལ་དེ་ཡོངས་ཀྱི་གྲོང་ཚོ་དང་གྲོང་ལྷན་ཡོངས་སུ་བཅའ་སྡོད་ཀྱིས་གཅིག་ཀྱང་མ་ལུས་པར་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་ཡིན་ཞིང་། མངའ་རིས་ས་ཁུལ་གྱི་ལས་དོན་ཚོགས་ཆུང་140ཡི་ཁྲོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ཚོགས་ཆུང་30དང་། ས་ཁུལ་གྱི་ལས་དོན་ཚོགས་ཆུང་49 རྫོང་ཁག་གི་ལས་དོན་ཚོགས་ཆུང་61བཅས་ཡོད་པ་དང་ལས་དོན་ཚོགས་ཆུང་རེར་ཁོངས་མི་4ལས་ཉུང་རྒྱུ་མེད་པ་དང་ལོ་འདིར་སློབ་ཆེན་ནས་གསར་དུ་བསྡུས་པའི་གཞུང་ལས་པ་ཚང་མ་རྩ་དོན་ཐོག་ལས་དོན་ཚོགས་ཆུང་ནང་ཞུགས་རྒྱུ་རེད། ལས་དོན་ཚོགས་ཆུང་བཀོད་སྒྲིག་བྱེད་སྟངས་ཐད་མངའ་རིས་ས་ཁུལ་གྱིས་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་དང་ཟུང་འབྲེལ་བྱ་རྒྱུར་བསམ་བློ་གང་ཡོད་བཏང་སྟེ་ད་ལོ་བཀོད་སྒྲིག་བྱས་པའི་ཚན་པ་ཁག་གིས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་འབྲེལ་གཏུག་ས་ཚིགས་ཀྱི་དགོས་མཁོར་གཞིགས་ཏེ་ལེགས་སྒྲིག་བྱ་རྒྱུ་དང་ས་ཁུལ་ལས་དོན་ཚོགས་ཆུང་གི་འབྲེལ་གཏུག་ས་ཚིགས་བགོ་འགྲེམས་ཀྱི་གཙོ་གནད་དེ་སྒེར་རྩེ་རྫོང་ལ་ཕྱོགས་རྒྱུ་རེད། རང་སྐྱོང་ལྗོངས་ཀྱིས་ལས་དོན་ཚོགས་ཆུང་རེར་བཀོད་སྒྲིག་བྱས་པའི་སྒོར་ཁྲི་10ཡི་བྱ་བ་དངོས་སྒྲུབ་རྒྱུའི་འགྲོ་གྲོན་ཕུད་ས་ཁུལ་དང་རྫོང་ནོར་སྲིད་ཀྱིས་ཀྱང་ལས་དོན་ཚོགས་ཆུང་རེ་ལོ་ལྟར་བྱ་བ་དངོས་སྒྲུབ་རྒྱུའི་འགྲོ་གྲོན་སྒོར་ཁྲི་3བཀོད་སྒྲིག་བྱས་ཡོད་པ་རེད།
ཟླ་10ཚེས་12ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་སྐུལ་སློང་ཚོགས་ཆེན་འཚོགས་ཏེ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་རྒྱུར་བསམ་འཆར་བཏོན་པ་དང་ཚོགས་འདུའི་ཐོག་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ལ་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གྲོང་ཚོ་དང་གྲོང་ལྷན་གྱི་འགན་ནུས་ལེགས་པར་བཏོན་ནས་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་དང་མང་ཚོགས་ལ་རོགས་རམ་དང་སྣེ་ཁྲིད་ཀྱིས་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཧུར་བརྩོན་ཆེན་པོས་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་འབད་བརྩོན་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་རྣམ་གྲངས་བརྩོན་ལེན་བྱེད་པ་དང་མ་དངུལ་གྲབས་གསོག་བྱེད་པ། འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། མང་ཚོགས་ཁྲོད་རྟག་ཏུ་སྐྱོད་དེ་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་དང་མང་ཚོགས་ཀྱི་འདོད་ཚུལ་ཉན་ཏེ་འགལ་བ་དང་རྩོད་གཞི་ཁག་དུས་ཐོག་ཏུ་གྲལ་བཤེར་དང་ཐག་གཅོད་ཡག་པོ་བྱས་ནས་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པ་དང་ལས་དོན་རེ་རེ་བཞིན་དོན་འཁྱོལ་ཡོང་རྒྱུ་དམ་འཛིན་ཡག་པོ་བྱེད་པ། ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་དུ་གཏོང་བའི་བྱེད་སྤྱོད་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་བྱེད་པ་དང་། མང་ཚོགས་ཀྱི་ལས་དོན་གཏིང་ཟབ་ལ་ཞིབ་ཚགས་སྒྲུབ་པ། ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ་དགོན་པའི་དོ་དམ་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
ཚེས་12ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཐིང་གིས་སྐུལ་སློང་ཚོགས་ཆེན་འཚོགས་ཏེ་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཁོངས་གཏོགས་ཀྱིས་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཁབ་ས་ཆའི་ཐོན་ཁུངས་མ་ལག་གི་ཚན་པ་དང་སྡེ་ཚན་ཁག་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ཁོངས་མི་ཚང་མ་བཅས་ལ་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་ལེགས་པར་བྱེད་པ་དང་བཅའ་སྡོད་གྲོང་ཚོ་དང་ས་ཚིགས་སུ་གང་མགྱོགས་སྐྱོད་དེ་ལས་དོན་སྒྲུབ་པ་དང་ས་གནས་དེ་གའི་སྲིད་གཞུང་དང་གྲོང་ལྷན་དང་འབྲེལ་བ་དང་ཐུག་འཕྲད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བཅའ་སྡོད་གྲོང་ཚོའི་གནས་ཚུལ་གང་མགྱོགས་ཤེས་རྟོགས་ཀྱིས “ཏང་གི་བཀའ་དྲིན་དྲན་པ་དང་། ཕྱུག་པོར་འགྱུར་ལུགས་བསམས་པ། བརྟན་ལྷིང་དགོས་གལ་ཆེ་བ། འཕེལ་རྒྱས་བརྩོན་ལེན་བྱེད་པ ”བཅས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོ་གཏིང་ཟབ་གཏོང་བ་དང་ཆབས་ཅིག་ས་གནས་དེ་གའི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཕྱུག་འགྱུར་གྱི་ཐབས་བཟང་འཚོལ་བ་དང་དམངས་ཕན་གྱི་བྱ་ཐབས་སྤྱད་དེ་མང་ཚོགས་ཆེད་ཏན་ཏིག་ངང་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། ལས་བཟང་སྒྲུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
ཚེས་12ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་བཟོ་ཡོངས་ཀྱི་ཚོགས་ཆེན་འཚོགས་ཏེ་རང་སྐྱོང་ལྗོངས་ཀྱིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་བྱས་ཏེ་བྱེད་སྒོ་ཡག་པོ་སྤེལ་རྒྱུའི་འགན་འཁྲིའི་བསམ་པ་དང་དགོས་གལ་ཆེ་བའི་བསམ་པ་དངོས་འབྲེལ་ཆེ་རུ་གཏོང་བ་དང་བྱེད་སྒོའི་གལ་ཆེའི་དོན་སྙིང་ནན་བཤད་བྱས་ཤིང་། གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཚོགས་ཆུང་ལ་རང་ངོས་ཀྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་གཤམ་སྐྱོད་ཀྱི་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་བྱེད་དགོས། གྲོང་ཚོར་བཅའ་སྡོད་བྱེད་རིང་ལས་དོན་ཚོགས་ཆུང་གིས་ལས་དོན་གྱི་སྒྲིག་ལམ་ཁག་སྲུང་བ་དང་ཆབས་ཅིག་གྲོང་ཚོ་རིམ་པར “བུད་མེད་ཀྱི་ཁྱིམ་ཚང ”བཙུགས་ཏེ་གཞི་རིམ་བུད་མེད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་གཞི་རིམ་བུད་མེད་ལ་ཞབས་འདེགས་ལེགས་པར་ཞུ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ཚོགས་འདུའི་ཐོག་གཤམ་སྐྱོད་བྱེད་ཉེར་ཡོད་པའི་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཚོགས་ཆུང་གི་འཐུས་མིས་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་པར་སྒྲུབ་སྟེ་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་གྱིས་ས་གནས་དེ་གའི་བུད་མེད་ཚོས་བྱ་གཞག་གསར་གཏོད་བྱ་ཕྱིར་སྔར་ལས་རྒྱ་ཆེ་བའི་ཐབས་ལམ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།
ཚེས་12ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་ཐིང་ལས་ཁུངས་ཀྱི་ལས་བཟོའི་ཚོགས་ཆེན་འཚོགས་ཏེ་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐུལ་སློང་དང་བཀོད་སྒྲིག་བྱས་ཤིང་། ཚོགས་འདུའི་ཐོག་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ལ་གྲོང་ཚོར་བཅའ་སྡོད་ལས་དོན་ས་ཚིགས་གྲོ་མོ་རྫོང་གྲོ་མོ་སྟོད་ཤང་གི་གྲོང་ཚོ་གསུམ་པའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་ཡོམ་བརྒྱབ་རྗེས་ཀྱི་གེགས་སེལ་ལས་དོན་དེ་བྱེད་སྒོ་སྤེལ་བའི་གལ་ཆེའི་ནང་དོན་ལ་བརྩིས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ནུས་པ་ཧུར་ཐག་འདོན་པ་དང་ས་གནས་དེ་གའི་མང་ཚོགས་ཚོ་དཀའ་གནད་ལས་སྒྲོལ་རྒྱུ་དང་མཛེས་སྡུག་ལྡན་པའི་ཕ་ཡུལ་བསྐྱར་སྐྲུན་བྱ་རྒྱུར་རོགས་རམ་ཧུར་ཐག་བྱེད་པ་དང་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མང་ཚོགས་ཚོར་ཕྱུག་འགྱུར་ཐབས་ལམ་འཚོལ་རྒྱུར་རོགས་རམ་བྱ་རྒྱུ་དེ་བྱེད་སྒོ་སྤེལ་བའི་ཁྱད་ཆོས་དང་བཀྲག་མདངས་འཚེར་སར་བྱས་ནས་གྲོང་ཚོ་གསུམ་པར་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་དང་ལག་བསྟར་ཧུར་ཐག་བྱས་ཐོག་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། ཕྱུག་འགྱུར་སྣེ་ཁྲིད་པ་དང་ཕྱུག་འགྱུར་འཇོན་ཐང་ཅན་གསོ་སྐྱོང་ཧུར་ཐག་བྱེད་པ། གྲོང་མིའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་མིའི་འབབ་འཕར་གྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣