དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གངས་ཅན་གྲོང་ཚོར“ཐུགས་ཁུར་མཚོན་པར”བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལས་བྱེད་ཆིག་ཁྲི་གྲོང་ཚོ་སྟོང་དུ་བསྐྱོད། ལས་བྱེད་མང་ཚོགས་སེམས་པ་གཅིག་ཏུ་སྦྲེལ།

        —— གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ།

        གྲོང་ཚོར་བསྡད་པ་ནས་བཟུང་བྲག་ཞུགས་ཤང་གངས་ཅན་གྲོང་ཚོར་བཅའ་སྡོད་ས་སྐྱ་རྫོང་གི་ལས་དོན་ཚོགས་ཆུང་གིས་ཏང་གི་དམངས་ཕྱུག་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུ་དེ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་ལས་འགན་གཙོ་བོར་བརྩིས་ནས་སྔ་ཕྱི་བར་གསུམ་དུ་དམ་འཛིན་བྱས་པ་དང་དུས་མཚུངས་དམངས་ཀྱི་ཆེད་དུ་བྱ་བ་དངོས་ཏན་ཏིག་སྒྲུབ་པ་དང་དཀའ་གནད་སེལ་སྟབས་མང་ཚོཌ་ཀྱི་བསྔགས་བརྗོད་ཐོབ་པ་རེད།

        ས་སྐྱ་རྫོང་བྲག་ཞུགས་ཤང་གངས་ཅན་གྲོང་ཚོའི་རང་བྱུང་གི་ཆ་རྐྱེན་ཧ་ཅང་ཞན་བར་བརྟེན་དུས་ཡུན་རིང་པོའི་ནང་ཆུ་དང་གློག་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཧ་ཅང་རྗེས་ལུས་ཐེབས་ཡོད་ཅིང་། ལས་དོན་ཚོགས་ཆུང་གིས་གནས་ཚུལ་དེ་ཤེས་རྗེས་གྲོང་ཚོ་དེའི་ཆུ་དཀོན་པའི་དཀའ་ངལ་ཐག་གཅོད་བྱས་པ་མ་ཟད། ནུས་སྲི་གློག་སྒྲོན་ཡང་སྤྲད་པ་རེད། དུས་མཚུངས་སུ་བཅའ་སྡོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་ལས་དོན་ཚོགས་ཆུང་གིས་གྲོང་ཚོ་དེར་ཤིང་སོན་རག་པ་བྱས་ནས་མང་ཚོགས་དང་མཉམ་དུ་ཤིང་འཛུགས་པ་དང་། ཞིང་པའི་དཔེ་དེབ་ཁང་ལེགས་སྒྲིག་བྱེད་པ། འགལ་བ་དང་རྩོད་གཞི་24སེལ་བ་བཅས་བྱས་པ་རེད།

        གཞི་རིམ་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་ཚུན་ཞིབ་དཔྱོད་ཁང་གཞིས་རྩེ་ཡན་ལག་ཁང་གི་བཞད་མཐོང་སྨོན་རྫོང་མདའ་མོ་ཤར་ཤང་དུ་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་རྟོག་ཞིབ་བྱེད་པ་དང་དུས་མཚུངས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་7སྤེལ་བ་དང་སློབ་གསོའི་ནང་ཞུགས་ཚད་མི་གྲངས་900ལྷག་ཙམ་ཟིན་པས་ཁུལ་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཐོབ་ཅིང་། འདི་ནི་ཁང་དེའི་ཏང་ཡོན་ལས་བྱེད་པ་ཚོས་ངལ་རྩོལ་གྱི་བར་གསེང་དུ་མང་ཚོགས་ལ་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།