དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སུའུ་གྲོང་ཚོར“ཕྱུག་འགྱུར་ཟམ་པ”བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལས་བྱེད་ཆིག་ཁྲི་གྲོང་ཚོ་སྟོང་དུ་བསྐྱོད། ལས་བྱེད་མང་ཚོགས་སེམས་པ་གཅིག་ཏུ་སྦྲེལ།

        —— གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ།

        ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་སུའུ་གྲོང་ཚོའི་མང་ཚོགས་ཕྱིར་སྐྱོད་དཀའ་བའི་གནད་དོན་མཐའ་གཅིག་ཏུ་ཐག་གཅོད་བྱ་ཆེད་གྲོང་ཚོར་བཅའ་སྡོད་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་ལས་དོན་ཚོགས་ཆུང་གིས་རང་སྐྱོང་ལྗོངས་བྱེད་སྒོའི་གཞུང་དོན་ཁང་ཕྱོགས་བསྡུས་མཐོན་སྦྱོར་ཚོགས་ཆུང་དང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་སོགས་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་སུའུ་གྲོང་ཚོར་ཟམ་པ་སྐྲུན་པའི་རྣམ་གྲངས་བརྩོན་ལེན་བྱས་ཤིང་། མིག་སྔར་རྣམ་གྲངས་དེ་བཙུགས་ནས་ཨར་ལས་འཛུགས་སྐྲུན་བྱེད་རྩིས་ཡོད། གཞིས་རྩེ་ས་ཁུལ་འགྲིམ་འགྲུལ་ཅུས་ཀྱི་མཆན་བཀོད་བཀའ་ལན་གཞིར་བཟུང་སུའུ་གྲོང་ཚོའི་ཟམ་པ་དེ་གཞུང་ལམ་རིམ་པ་གཉིས་པའི་ཚད་གཞིར་སླེབས་རྒྱུ་དང་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་58ལྷག་ཙམ་འདོན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།