ལས་བྱེད་ཆིག་ཁྲི་གྲོང་ཚོ་སྟོང་དུ་བསྐྱོད། ལས་བྱེད་མང་ཚོགས་སེམས་པ་གཅིག་ཏུ་སྦྲེལ།
—— གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ།
སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་རིང་གྲོང་ཚོར་བཅའ་སྡོད་ས་སྐྱ་རྫོང་གི་ལས་དོན་ཚོགས་ཆུང་གིས་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུས་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་གཞི་རིམ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁྲོད “ལས་དོན་པ་ཁག་ལྔ ”ཡག་པོ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཚོའི་དོགས་གནད་སེལ་རོགས་ཧུར་ཐག་བྱས་པས་ཞིང་འབྲོག་ལས་ཐོན་སྐྱེད་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད་པ་རེད།
གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་འདོད་བློའི་བརྟག་ཞིབ་པ་བྱས་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་འཚོར་བརྟག་དཔྱད་བྱས་ཤིང་། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་དམིགས་སའི་རང་བཞིན་ཆེ་རུ་ཏན་ཏིག་གཏོང་ཆེད་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་ཡོངས་ཁྱབ་ངང་བརྟག་དཔྱད་དང་གཙོ་གནད་ཟུར་བཤེར་བྱ་རྒྱུ་ཕན་ཚུན་ཟུང་འབྲེལ་དང་། ངོ་འཕྲད་གདོང་ཐུག་ངང་སྤེལ་རེས་དང་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱ་རྒྱུ་ཕན་ཚུན་ཟུང་འབྲེལ། ས་གནས་ས་ཐོག་ཏུ་གནས་ཚུལ་ཤེས་རྟོགས་བྱེད་པ་དང་ཐབས་ཇུས་དམངས་ལ་འདྲི་བ་དང་དགོས་མཁོ་དམངས་ལ་འདྲི་རྒྱུ་ཕན་ཚུན་ཟུང་འབྲེལ་བཅས “ཟུང་འབྲེལ་གསུམ ”གྱི་བྱ་ཐབས་སྤྱད་དེ་བཅའ་སྡོད་བྱ་ཡུལ་གྲོང་ཚོ་དང་ཚོགས་ཆུང་ལ་མཐིལ་རྟོགས་བརྟག་དཔྱད་བྱས་ནས་ཁྱོན་དམངས་ཕན་ཁ་གསབ་དང་། “ཨུ་ལྷན་གཉིས ”ཀྱི་ཚན་ཁག དམངས་ཀྱི་དགོས་མཁོ་དང་། འགལ་ཟླ། རྩོད་གླེང་སོགས་ཀྱིས་ནང་དོན་གཙོ་བོར་བྱས་པའི་གནད་དོན་ཁག་32ལེགས་སྒྲིག་བྱས་ཡོད་པ་རེད།
སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་པ་བྱས་ནས་སྲིད་ཇུས་དང་ཕན་པ་དངོས་དྲིལ་བསྒྲགས་བྱས་ཤིང་། གྲོང་ཚོར་བཅའ་སྡོད་བྱེད་མཁན་ལས་བྱེད་པས་མང་ཚོགས་རང་ཉིད་ཀྱིས “ཕན་པ་གང་ནས་བྱུང་བ་དང་སུ་ལ་ཕན་པ་ཐོབ་པ ”ཚོར་ཐུབ་ཆེད་མང་ཚོགས་ཚོར་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་དེ་བཞིན 《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས 》དང་། 《གཉེན་སྒྲིག་བཅའ་ཁྲིམས 》སོགས་དྲིལ་བསྒྲགས་བྱས་པས་ཞིང་འབྲོག་མང་ཚོགས་ཚོའི་ཁྲིམས་ལུགས་ཀྱི་འདུ་ཤེས་ཆེ་རུ་ཕྱིན་ཡོད།
རྩ་འཛུགས་འཛུགས་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་པ་ནས་ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་སྟོབས་ཆེར་བཏང་ཞིང་། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ཁག་གཅིག་ནུས་མེད་ཟབ་ཟོབ་ཡིན་པའི་ད་ཡོད་གནས་ཚུལ་ལ་དམིགས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་མང་ཚོགས་ཁྲོད་བསྐྱོད་ནས་འགོ་ཁྲིད་ཚན་ཁག་དང་གླེང་མོལ་བྱེད་པ་དང་། ཞིང་འབྲོག་མང་ཚོགས་དང་སྙིང་གཏམ་ཤོད་རེས་བྱེད་པའི་བྱེད་ཐབས་དང་མཐིལ་རྟོགས་དང་། བརྟག་དཔྱད། གླེང་མོལ། བཅོས་སྒྲིག འཛུགས་སྐྱོང་བཅས་ཀྱི་ལས་ཀའི་བྱ་ཐབས་སྤྱད་དེ་གཞི་རིམ་རྩ་འཛུགས་ཀྱི་ཁོངས་མི་ལེགས་འདེམས་བསྐོ་གཞག་བྱས་པ་རེད།
དཔལ་འབྱོར་འཕེལ་རྒྱས་ཀྱི་འཚོལ་ཞིབ་པ་བྱས་ནས་ལེགས་ཆ་འཚོལ་བ་དང་འཕེལ་རྒྱས་དོན་གཉེར་བྱས་ཤིང་། གྲོང་ཚོར་བཅའ་སྡོད་བཀྲ་ཤིས་སྒང་ཤང་ལས་དོན་ཚོགས་ཆུང་གིས་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་འདེབས་འཛུགས་ཀྱི་ལེགས་ཆ་སྤྱད་དེ་རྫོང་ཞིང་འབྲོག་ཅུས་དང་ཚན་རྩལ་ཅུས་ཀྱི་ལག་རྩལ་མི་སྣ་གདན་ཞུ་བྱས་ཏེ་གྲོང་གསེབ་ཏུ་གནས་སྡོད་ཀྱིས་ཚན་རྩལ་རྒྱུད་ཁྲིད་དང་ངོ་ཐུག་གདོང་འཕྲད་ཀྱི་ཐོག་ནས་འདེབས་འཛུགས་ལག་རྩལ་ཞིང་འབྲོག་མང་ཚོགས་ཚོར་དམར་ཁྲིད་བྱས་ཡོད། གྲོང་ཚོར་བཅའ་སྡོད་བྲག་གཞུག་ཤང་ལས་དོན་ཚོགས་ཆུང་གིས་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་སྤྱད་དེ་རྫོང་ངལ་རྩོལ་ཅུས་དང་འབྲེལ་གཏུག་བྱས་ནས་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ཀྱིས་ཐང་ག་བཞེངས་པ་དང་། ཤིང་བཟོ། ཟ་ཁང་གི་ཞབས་ཞུ་སོགས་ཀྱི་གསོ་སྦྱོང་ནང་ཞུགས་སུ་བཅུག་པ་རེད།
དམངས་འཚོ་འགན་ལེན་གྱི་ཞབས་ཞུ་བ་ཞིག་བྱས་ནས་དམངས་དོན་བསྒྲུབས་པ་དང་དམངས་ཀྱི་སེམས་ཁྲལ་སེལ་ཞིང་། རྨ་བྱ་ཤང་ཕུ་དམར་གྲོང་ཚོར་བཅའ་སྡོད་བྱས་རྗེས་གྲོང་ཚོར་བཅའ་སྡོད་ལས་དོན་ཚོཌ་ཆུང་གི་ཁོངས་མིས་རང་རྟོཌ་ངང་བུ་རྒྱལ་དང་བཟང་མོ་མི་ཧྲེང་རྒན་རྒོན་གཉིས་ཀྱི་འཚོ་བར་ལྟ་རྟོག་བྱེད་པ་དང་། རྫོང་སློབ་གསོ་ཅུས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་ཚོཌ་ཆུང་གིས་བརྟག་ཞིབ་དང་ཁོང་དུ་ཆུད་པའི་གནས་ཚུལ་ལ་གཞིཌ་ནས་རྫོང་ནོར་སྲིད་ཅུས་དང་མཉམ་འབྲེལ་ཐོག་མང་ཚོཌ་ཚོར་ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར་4ཉོ་རོཌ་བྱས་པ་དང་ཆུ་སྒམ་4སྲ་བརྟན་དུ་བཏང་བ། སྒོར་93000བཏང་ནས་གཞོང་སྨད་ཤང་དང་། ཚ་རོང་ཤང་། བྲག་གཞུག་ཤང་། ལ་ལྷོ་ཤང་བཅས་ཀྱི་ལྟེ་བའི་སློབ་ཆུང་4ཡི་དགེ་སློབ་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ།