དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལམ་བུ་གསར་པ་མཐའ་འཁྱོངས་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ལེའུ་གསར་པ་བརྩམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ།

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་ཚུན་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་དུ་བཅའ་སྡོད་རིམ་ཁག་ལས་དོན་ཚོགས་ཆུང་གིས་དམིགས་ཚད་ལས་འགན་ལ་དམིགས་ཏེ་ལམ་བུ་གསར་པ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་བ། ཏང་གི་དགོངས་དོན་ལག་ལེན་བསྟར་བ། མང་ཚོགས་དང་འབྲེལ་བ་དམ་ཟབ་ཏུ་གཏོང་བ། རྩ་སྲ་རྨང་བརྟན་དང “མཁར་རྫོང ”གི་འཐབ་ནུས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ལེའུ་གསར་པ་བརྩམས་ཡོད།

        གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། བྱེད་སྒོ་སྤེལ་ཚུན་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་གསུམ་ལས་དོན་ཚོགས་ཆུང་གིས་མ་དངུལ་སྒོར་ཁྲི་68591བཏང་སྟེ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་གྲངས་113ལག་བསྟར་བྱས་པ་དང་། རིགས་མི་འདྲ་བའི་ཚན་རྩལ་གཤམ་སྤེལ་བྱེད་སྒོ་ཐེངས་31སྤེལ་བ། རིན་ཐང་སྒོར་ཁྲི་2.38རི་བའི་ཚན་རྩལ་དེབ་དང་འོད་སྡེར་སོགས་ཀྱི་དཔྱད་གཞི་སྤྲད་པ། ས་གནས་དེ་གའི་མང་ཚོགས་མི་ཐེངས་775ལ་ངལ་ནུས་ཕྱིར་གཏོང་བྱེད་རོགས་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ནུས་ལྡན་ངང་རྒྱ་ཆེར་བཏང་ཡོད་པ་རེད།

        ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ཞིང་། རྫ་ཡུལ་རྫོང་དུ་བཅའ་སྡོད་རིམ་ཁག་ལས་དོན་ཚོགས་ཆུང་གིས་མཐུན་སྦྱོར་ལྡན་པའི་གྲོང་གསེབ་སྐྲུན་རྒྱུ་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་དུ་གཏོང་རྒྱུ་དེ་བརྗོད་བྱ་གཙོ་བོར་བྱས་ཏེ་རིག་རྩལ་བྱེད་སྒོ་སྣ་ཚོགས་ཐེངས་210ལྷག་ཙམ་སྤེལ་བ་དང་། སྨན་དང་སྨན་བཅོས་སྐྱེལ་བའི་བྱེད་སྒོ་ཐེངས་17སྤེལ་བ། རིན་ཐང་སྒོར་51770རི་བའི་རྒྱུན་མཁོའི་སྨན་སྣ་ཚོགས་སྤྲད་པ། དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་1080ལ་འཚམས་འདྲི་བྱས་པ། ཉམས་ཞན་ཚོགས་སྤྱིའི་མི་གྲངས་115ལ་རོགས་སྐྱོར་བྱས་ཏེ་རིན་ཐང་སྒོར་ཁྲི་17.4རི་བའི་འཚམས་འདྲིའི་དངུལ་དང་དངོས་པོ་སྤྲད་པ་བཅས་བྱས་ཡོད། མིག་སྔའི་བར་ཞིང་འབྲོག་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་ཁག་146བསྒྲུབས་ཏེ་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་དུ་བཏང་བར་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད།

        གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཚད་བརྒལ་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། རྫ་ཡུལ་རྫོང་དུ་བཅའ་སྡོད་རིམ་ཁག་ལས་དོན་ཚོགས་ཆུང་གིས་འབྲེལ་གཏུགས་ས་ཚིགས་ལ་ཏང་དོན་ཡོངས་བསྒྲགས་དང་། གྲོང་དོན་ཡོངས་བསྒྲགས། གྲོང་སྲོལ་དམངས་ཆིངས་སོགས་ལམ་ལུགས་100ལྷག་ཙམ་བཟོས་པ་དང་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་ཏེ་འབྲེལ་གཏུགས་ས་ཚིགས་ཀྱི་ལས་དོན་ཁག་ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་ཆུ་ཚད་དུ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། མིག་སྔའི་བར་རྫོང་དེ་ཡོངས་ཀྱིས་ཏང་ཡོན་གྱི་ཚོགས་ཆེན་ཐེངས་126འཚོགས་པ་དང་མང་ཚོགས་ཀྱི་ཚོགས་ཆེན་ཐེངས་130ཚོགས་པ་དང་། གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ་31དང་། ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་201 ཏང་ཡོན་གསར་པ་125བཅས་གསོ་སྦྱོང་བྱས་པ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་15གསར་བསྐྲུན་དང་ཉམས་གསོ་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།