དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཉིང་ཁྲི་ས་ཁུལ་གྱིས་གཞི་རིམ་གྱི་སྲིད་དབང་འཛུཌ་སྐྱོང་ལ་ཤུཌ་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་བའི་ལོ་ཤས་་རིང་ཉིང་ཁྲི་ས་ཁུལ་གྱིས་ཞིང་འབྲོག་ཁུལ་གྱི་ལེ་ལག་ཚང་བའི་རྩ་འཛུགས་དང་སྒྲིག་གཞི་རིམ་གྱིས་འཐུས་ཚང་དུ་བཏང་བ་དང་གྲོང་ཚོ་རིམ་པའི་དམངས་གཙོའི་རང་སྐྱོང་འཛུགས་སྐྱོང་བྱེད་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ནས་གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ལེགས་སུ་བཏང་བས་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་བྱེད་རྒྱུར་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་ཡོད་པ་རེད།

        ཉིང་ཁྲི་ས་ཁུལ་རྩ་འཛུགས་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ས་ཁུལ་དེ་ཡོངས་ཀྱི་ཤང་གྲོང་54ཚང་མར་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་བཅས་དང་དེ་བཞིན་གུང་གཞོན་སྡེ་ཚོགས་དང་། བུད་མེད། ཡུལ་དམག་སོགས་རྩ་འཛུགས་ཡོད་པ་དང་སྲིད་འཛིན་གྲོང་ཚོ་489རུ “ཨུ་ལྷན་གཉིས ”དང་། གུང་གཞོན་སྡེ་ཚོགས། འདུམ་འགྲིག་ཨུ་ལྷན་སོགས་རྩ་འཛུགས་ཚང་མ་བཙུགས་ཡོད་པ་དང་འབྲེལ་ཤང (གྲོང་རྡལ )ཏང་ཨུད་དང་གྲོང་ཚོའི་ཏང་ཀྲི་པུས་སྲོག་ཤིང་དུ་བྱས་པའི་ཞིང་འབྲོག་ཁུལ་གྱི་ལེ་ལག་ཚང་བའི་རྩ་འཛུགས་རིམ་གྱིས་བཙུགས་ཡོད། ཤང་(གྲོང་རྡལ )ཏང་ཨུད་ཀྱིས་གྲོང་ཚོར་ཏང་ཡོན་གྱིས་མང་ཚོགས་དང་འབྲེལ་གཏུག་བྱེད་པ་དང་། གྲོང་ཚོའི་འཐུས་མིས་དུད་ཚང་དང་འབྲེལ་གཏུག་བྱེད་པ། དམངས་གཙོའི་ལྟ་སྐུལ་བྱེད་པ་བཅས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས “ཚོགས་འདུ་བཞི་དང་ཡོངས་བསྒྲགས་གཉིས ”ཀྱི་ལས་དོན་སྒྲུབ་སྟངས་དང་འབྲེལ་ཡོད་ལམ་ལུགས་སོགས་པང་ལེབ་ཐོག་བསྒྲིགས་ནས་བྱེད་སྒོའི་ནང་འགེལ་རྒྱུ་ཁྱབ་སྤེལ་བཏང་ནས་གྲོང་ཚོ་རིམ་པའི་རྩ་འཛུཌ་ཀྱིས་དཔྱད་ཞིབ་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད།

        གཞི་རིམ་གྱི་སྲིད་ཁྲིམས་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱས་པ་དང་དུས་མཚུངས་ཉིང་ཁྲི་ས་ཁུལ་གྱིས་ད་དུང་གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཟམ་མི་ཆད་པར་བྱེད་ལེགས་སུ་བཏང་ཡོད་ཅིང་། 2010ལོའི་ལོ་མཇུག་བར་ས་ཁུལ་དེ་ཡོངས་སུ་ཁྱོན་ཤང (གྲོང་རྡལ )33དུ་གཞུང་དོན་ཐོག་བརྩེགས་ཁང་ཆེན་དང་སྡོད་ཁང་གསར་སྐྲུན་བྱས་ཡོད་པ་དང་ཤང (གྲོང་རྡལ )21གི་གཞུང་དོན་ཐོག་བརྩེགས་ཁང་ཆེན་དང་སྡོད་ཁང་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་པར་འཛུགས་སྐྲུན་རྒྱ་ཁྱོན་བསྡོམས་འབོར་སྨི་ངོས་གྲུ་55584.16ཟིན་པ་དེས་གཞི་རིམ་གྱི་གཞུང་དོན་སྒྲུབ་པའི་ཆ་རྐྱེན་ཞན་པ་དང་སྡོད་ཁང་མི་འདང་བའི་སྣང་ཚུལ་ལེགས་སུ་ནུས་ལྡན་སོང་ཡོད་པ་དང་། གྲོང་ཚོ་176གི་ཨར་འདམ་འགྲོ་ལམ་འཛུགས་སྐྲུན་དང་གྲོང་ཚོ་དང་ཡུལ་མི་ཨུ་ལྷན་489ཡི་ཚད་ལྡན་ཅན་གྱི་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་བྱེད་པའི་ལས་འགན་ལེགས་སྒྲུབ་བྱས་པས་གྲོང་ཚོ་ཚང་མར་བྱེད་སྒོ་སྤེལ་ཡུལ་ཡོད་པ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།