དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལོ་རབས་བརྒྱད་ཅུ་པའི་ནང་སྐྱེས་པའི་གྲོང་དཔོན་བདེ་སྐྱིད་གསལ་སྒྲོན། གྲོང་གསེབ་ཏུ་རབ་ཏུ་བཞད་པའི་གནོང་འགྱོད་མེད་པའི་ལང་ཚོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བདེ་སྐྱིད་གསལ་སྒྲོན་ལོ 27ལ་སླེབས་ཡོད་པ་དང་2008ལོར་པེ་ཅིང་ཡིག་ཟམ་གློག་འཕྲིན་སློབ་ཆེན་ནས་ཐོན་རྗེས་རང་ཉིད་ཀྱི་ཕ་ཡུལ་དུ་ཕྱིར་ལོག་པ་དང་། གཞུང་ལས་པར་རྒྱུགས་འཕྲོད་རྗེས་བདེ་སྐྱིད་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་སེར་མ་གྲོང་ཚོའི་གྲོང་དཔོན་ཞིག་ཏུ་གྱུར་བ་དང་ཁོང་གི་ལས་གནས་ནི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིའི་ལས་རོགས་ཡིན།

        སྟོད་ལུང་བདེ་ཆེན་རྫོང་དང་ལྷ་ས་གྲོང་ཁུལ་བར་རླངས་འཁོར་དུ་བསྡད་ཚེ་ཆུ་ཚོད་ཕྱེད་ཀ་ཙམ་འགོར་གྱི་ཡོད་པ་དང་ཉེ་བའི་ལོ་ཤས་རིང་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པའི་རྐྱེན་གྱིས་དུས་ཐུང་ལོ་ཁ་ཤས་རིང་རྫོང་དེའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བདེ་སྐྱིད་གྲོང་ཚོ་དེར་སླེབས་སྐབས་ས་གནས་དེའི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་འགྲོ་བཞིན་པའི་སྒང་ཡིན།

        བདེ་སྐྱིད་ནི་ངོ་ཚ་སྨིན་པོ་ཞིག་ཡོད་རུང་གད་མོ་དགོད་རྒྱུར་དགའ་བའི་བུ་མོ་ཞིག་ཡིན་ཞིང་། ཁོང་ལ་གྲོང་ཚོ་དེར་སླེབས་མ་ཐག་པའི་སྐབས་ཀྱི་གནས་ཚུལ་འདྲི་སྐབས་འཚེར་སྣང་ཆེན་པོའི་ངང “ཕ་མས་ང་རང་གྲོང་ཚོ་དེར་བསྐྱལ་ནས་ལས་དོན་སྒྲུབ་འགོ་འཛུགས་སྐབས་དངོས་གནས་བློ་ཕམ་ཅུང་ཙམ་བྱུང་བ་དང་གྲོང་ཚོའི་ཁོར་ཡུག་ནི་ང་རང་གིས་བསམ་ཚོད་བྱས་པ་དང་ཧེ་བག་ཅུང་ཙམ་ཡོད། འོན་ཀྱང་ཕ་མས་ང་ལ་ལས་དོན་ཡག་པོ་བསྒྲུབ་དང་། ས་གང་རུང་ཞིག་ནས་ཀྱང་གྲུབ་འབྲས་ཐོབ་སྲིད་ཅེས་བཤད་བྱུང ”ཞེས་བརྗོད་པ་དང་དེ་ནས་བཟུང་བདེ་སྐྱིད་ཀྱིས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིའི་ལས་རོགས་ཀྱི་ལས་འགན་འཁུར་ཡོད།

        བདེ་སྐྱིད་ཀྱིས “གྲོང་ཚོའི་གནས་ཚུལ་ལ་ཤེས་རྟོགས་མེད་པས་ལས་དོན་ཐོག་མར་སྒྲུབ་སྐབས་རང་ཉིད་ཀྱིས་གང་ཞིག་སྒྲུབ་ཐུབ་པ་མ་ཤེས་པ་དང་རང་ཉིད་ཀྱི་ངེས་གནས་ཀྱང་ཪྙེད་མ་བྱུང་། རྗེས་སུ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིའི་ས་ནས་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ངས་ནུས་པས་གང་ལྕོགས་ཀྱིས་བྱ་བ་བསྒྲུབ་རྒྱུ་ནས་འགོ་བརྩམས་པ་ཡིན ”ཞེས་ལས་ཀར་ཞུགས་མ་ཐག་པའི་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་དུ་བརྗོད་བྱུང་།

        རྒྱུན་གཏན་གྱི་བསྡོམས་རྩིས་དང་གཞུང་ཡིག་སོགས་རྨང་གཞིའི་རང་བཞིན་གྱི་ལས་དོན་ཁྲོད་བདེ་སྐྱིད་ལ་ལས་ཀའི་འགོ་འཛུགས་ས་དལ་བུར་ཤེས་རྟོགས་བྱུང་ཡོད། གྲོང་ཚོའི་ནང་ལས་ཀ་མེད་པའི་གཞོན་ནུ་མང་པོ་ཞིག་ཡོད་པ་དང་ཁོང་གིས་དང་ཐོག་བསམ་བློ་གཏོང་ཡུལ་ནི་ཁོང་ཚོར་ལས་ཀ་འཚོལ་རོགས་བྱ་རྒྱུ་དེ་ཡིན།

        བདེ་སྐྱིད་ཀྱིས་ངོ་སྤྲོད་དང་འབྲེལ་གཏུག་བྱས་པ་བརྒྱུད་གྲོང་ཚོའི་ནང་གི་གཞོན་ནུ་ཚོས་ག་ལེར་བསམ་བློར་འགྱུར་ལྡོག་གཏོང་འགོ་བཙུགས་ཡོད། བདེ་སྐྱིད་རང་ངོ་མས་ཁོང་ཚོའི་སྣེ་འཁྲིད་དེ་ལྷ་སའི་མི་སྤྱོད་ཚན་པར་ངོ་འཕྲད་རྒྱུགས་ལེན་བྱེད་པར་བསྐྱོད་པ་དང་ད་ཆ་སྐབས་དེ་དུས་ལས་ཀ་མེད་པར་ཁྱིམ་དུ་སྡོད་མཁན་གཞོན་ནུ་འགའ་རེ་ཉེན་རྟོག་པར་ཞབས་ཞུ་དང་ལ་ལ་གཟན་ཆག་བཟོ་གྲྭར་ལས་ཀ་བྱེད་ཀྱི་ཡོད་པ་དང་ཁོང་ཚོ་ཚང་མར་བལྟོས་བཅས་བརྟན་ལྷིང་ཡིན་པའི་ལས་ཀ་དང་འཚོ་བ་སྐྱེལ་རྒྱུ་ཡོད་པས་བདེ་སྐྱིད་ལའང་སེམས་གཏིང་ནས་དགའ་ཚོར་ཆེན་པོ་བྱུང་ཡོད།

        སློབ་ཆེན་དུ་སློབ་སྦྱོང་བྱེད་སྐབས་སྦྱངས་པ་ནི་ཟོག་འགྲེམས་ལས་གྲྭའི་ཆེད་ལས་ཡིན་པ་དང་སྟོད་ལུང་བདེ་ཆེན་རྫོང་དུ་ཉེ་བའི་ལོ་ཤས་རིང་མཚོ་བོད་ལྕགས་ལམ་རང་གི་སྒོ་འགྲམ་བར་བསྐྲུན་ཡོད་པའི་དབང་གིས་སྐྱེལ་འདྲེན་ལས་རིགས་ཡར་ངོའི་ཟླ་ལྟར་གོང་འཕེལ་བྱུང་བས་བདེ་སྐྱིད་ཀྱིས་རང་གི་ཆེད་ལས་བེད་སྤྱོད་བྱེད་འགོ་བཙུགས་ཡོད།

        གྲོང་ཚོའི་ནང་སེར་མ་གྲོང་ཚོའི་ཀྲེན་ཐུང་ཟོག་འགྲེམས་མ་རྐང་ཚད་ཡོད་ཀུང་སི་བཙུགས་རྗེས་སྔ་ཕྱི་བར་གསུམ་དུ་ཀུང་སིའི་དོ་དམ་དང་གཉེར་སྐྱོང་གི་གནད་དོན་ཐག་གཅོད་བྱེད་པའི་ལམ་བུ་འཚོལ་ཞིབ་བྱེད་བཞིན་པ་དང་ཛ་དྲག་ཆེ་བའི་ཁྲོམ་རའི་འགྲན་རྩོད་འོག་གྲོང་ཚོའི་ནང་གི་སྐྱེལ་འདྲེན་ཀུང་སིར་གནོན་ཤུགས་ཆེན་པོ་འཕྲད་ཡོད་ལ་ཐོབ་པར་དཀའ་བའི་ཁྲོམ་རའི་གོ་སྐབས་ཀྱང་འཕྲད་ཡོད། སེར་མ་གྲོང་ཚོས་ཡུལ་དེ་གའི་ལེགས་ཆ་དང་ཡུལ་མི་ཚོའི་འབད་འབུངས་ཆེར་བསྐྱེད་ཀྱི་ལས་དོན་སྒྲུབ་ཤུགས་ལ་བརྟེན་ཚེ་སེར་མ་གྲོང་ཚོའི་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་ཐད་འོད་སྟོང་འཕྲོ་བའི་མདུན་ལམ་ཞིག་ཡོད་ངེས་ཡིན།

        མིག་སྔར་སེར་མ་གྲོང་ཚོར་སྐྱེལ་འདྲེན་ཀུང་སི་ཆེ་ཆུང་སྣ་ཚོགས་བཙུགས་ཡོད་པ་སྟེ། འདི་གར་བཅའ་སྡོད་བྱེད་མཁན་ཟི་ལིང་དང་ཤིན་ཅང་སོགས་ཀྱི་སྐྱེལ་འདྲེན་ཀུང་སི་ཡོད་ལ་ས་གནས་དེ་གའི་ཞིང་པས་རང་ཤུགས་སུ་སྒྲིག་འཛུགས་བྱས་པའི་སྐྱེལ་འདྲེན་ཀུང་སིའང་ཡོད་པ་དང་སེར་མ་གྲོང་ཚོའི་གྲོང་གསེབ་ཀྱི་འགྲོ་ལམ་ཐོག་སྐྱེལ་འདྲེན་རླངས་འཁོར་བྲེལ་འཚུབ་ཆེན་པོས་ཡར་འགྲོ་མར་འགྲོ་བྱེད་ཀྱི་ཡོད། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་ནུབ་འདབས་ཟོག་སྐྱེལ་ས་ཚིགས་དང་འབྲེལ་བའི་ས་ཁམས་ཀྱི་ལེགས་ཆས་སེར་མ་གྲོང་ཚོར་འབྱུང་འགྱུར་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་ཐད་ཐོབ་པར་དཀའ་བའི་ཆ་རྐྱེན་བསྐྲུན་ཡོད་ཅིང་། བདེ་སྐྱིད་ཀྱིས “ང་ཚོར་ད་དུང་ཐག་གཅོད་བྱེད་དགོས་པའི་གནད་དོན་དང་དཀའ་ངལ་མང་པོ་ཡོད་རུང་ང་ཚོའི་སྐྱེལ་འདྲེན་ལས་རིགས་དེ་གྲོང་ཚོའི་ཀ་རྟེན་ལྟ་བུའི་ཐོན་ལས་ཤིག་ཏུ་འགྱུར་ངེས་ཡིན་པའི་ཡིད་ཆེས་སྔར་བཞིན་ཡོད ”ཅེས་བློ་རྩ་བརྟན་པོའི་ངང་བརྗོད་བྱུང་།

        tuཟླ་6ཚེས་18ཉིན་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་ཆེད་གོང་དཀར་རྫོང་རྒྱ་དྲུག་གླིང་གྲོང་རྡལ་འཇུན་པ་གྲོང་ཚོའི་གྲོང་མིས་ཀོ་རྩེད་ནང་སྦྱོང་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།