དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ལྗོངས་ཀྱི་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་གི་བྱེད་སྒོར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཏང་འཛུགས་སྐྱོང་བྱས་ཚུལ་ལ་སྐོར་ལྟ་བྱེད།  

        སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་ཚུན་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས 《ལྗོངས་ཡོངས་ཀྱི་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར 》(གཤམ་དུ 《བསམ་འཆར 》ཞེས་བརྗོད་རྒྱུ )སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ལྗོངས་ཡོངས་ཀྱི་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་གི་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་དང་བླང་བྱ་ལྟར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་གྱིས་མཛུབ་ཁྲིད་དུ་བྱས་ནས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་མཐར་ལས་དོན་དངོས་ལ་སྐུལ་འདེད་གཏོང་བའི་ཐོག་མངོན་པར་བྱས་པས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་གི་བྱེད་སྒོར་གྲུབ་འབྲས་དངོས་ཐོབ་པའི་འགན་ལེན་ཏན་ཏིག་བྱུང་ཡོད་པ་རེད།

        གསར་གཏོད་ཀྱི་དམ་འཛིན་བྱེད་གཞི་ཕུན་སུམ་ཚོགས་སུ་དང་འཐུས་ཚང་དུ་གཏོང་བ་དང་ཕན་ནུས་ལྡན་པའི་སློབ་སྦྱོང་བྱེད་ཐབས་དང་སྣ་མང་ཕུན་སུམ་ཚོགས་པའི་སློབ་སྦྱོང་བྱེད་སྟངས་འཚོལ་ཞིབ་བྱས་ནས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པའི་ཡིད་དབང་འགུགས་ནུས་ཆེ་རུ་བཏང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས “འདུ་ཤེས་བཞི ”འཛུགས་རྒྱུ་མཐའ་འཁྱོངས་བྱས་ནས “སློབ་སྦྱོང་བྱེད་ཐབས་ལྔ ”སྒོ་ཀུན་ནས་ཁྱབ་གདལ་གཏོང་བ་དང་བྱེད་སྒོའི་གཞི་རྟེན་ཞིབ་ཚགས་ངང་བཀོད་སྒྲིག་བྱས་ནས་ཐིང་ལས་ཁུངས་ཀྱི་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་གི་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད། ཉིང་ཁྲི་ས་ཁུལ་གྱིས “དཔེ་དེབ་མང་ཙམ་བལྟ་བ་དང་དཔེ་དེབ་ལེགས་པོ་བལྟ་བའི ”བྱེད་སྒོ་ཧུར་ཐག་སྤེལ་ནས་ཏང་ཡོན་ཁྲོད་དཔེ་དེབ་བལྟ་བའི་ཚ་རླབས་ཤིག་འཕྱུར་བ་བྱས་པ་རེད། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུ་དེ་གོ་སྐབས་སུ་བྱས་ནས་ཚན་ཁག་ལ་དམ་འཛིན་བྱེད་པ་དང་། དཔུང་ཁག་ལ་སྣེ་ཁྲིད་བྱེད་པ། རྨང་གཞི་འདིང་བ་བཅས་བྱས་ནས་བོད་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་བཅས་ཀྱི་ལས་དོན་གྱི་སྤྱིའི་བསམ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་དང་གཙོ་སྣེར་དམིགས་ནས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དམ་འཛིན་བྱེད་པར་ཁྲིད་སྟོན་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་འཛུགས་རྒྱུར་གླེང་ཕྱོགས་ཀྱི་རྣམ་པ་ལེགས་པོ་ཞིག་བཏོད་པ་རེད། ལྷོ་ཁ་དང་གཞིས་རྩེ་ས་ཁུལ་གྱིས་གསར་འགྱུར་སྨྱན་སྦྱོར་བེད་སྤྱོད་གང་ལེགས་བྱས་ནས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས་བསམ་བློའི་སྐུལ་སློང་དང་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབས་པ་རེད།

        ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ས་གནས་དེ་གའི་ཁྱད་ཆོས་དང་འཚམ་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་འགན་ལེན་བྱས་ཤིང་། ཆབ་མདོ་དང་། ནག་ཆུ། ལྷོ་ཁ་སོགས་ས་ཁུལ་གྱིས་མཉམ་སྡེབ་སློབ་སྦྱོང་དང་། མི་སྒེར་གྱིས་རང་སྦྱོང་། བརྟག་དཔྱད་ཞིབ་འཇུག བརྗོད་བྱ་གཙོ་བོ་སློབ་གསོ། སློབ་སྦྱོང་དཔྱད་ཞིབ་སོགས་ཀྱི་ལམ་ལུགས་ཐད་སྔར་བས་འཐུས་ཚང་དུ་བཏང་ནས་གཏན་འབེབས་དང་བླང་བྱ་གསལ་པོ་བཏོན་པ་རེད། ལྷ་ས་དང་། གཞིས་རྩེ། ཉིང་ཁྲི་སོགས་ས་ཁུལ་གྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས་གཞིར་བཟུང་ནས་དུས་བཀག་ལྟར་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པར་སློབ་སྦྱོང་དཔེ་དེབ་ཀྱི་དཀར་ཆག་འོས་སྦྱོར་བྱེད་པའི་ལས་དོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་བ་རེད། མངའ་རིས་ས་ཁུལ་གྱིས་སྐུལ་འདེད་དང་ཞིབ་བཤེར་གྱི་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་ནས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་གྱི་ཞིབ་བཤེར་དང་ལྟ་སྐུལ་སློབ་སྟོན་ཚོགས་ཆུང་བཙུགས་པ་བརྒྱུད་ས་ཁུལ་དེ་ཡོངས་ཀྱི་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱས་ཚུལ་ལ་དུས་ཐོག་ཏུ་སྐུལ་འདེད་དང་ཞིབ་བཤེར་བྱས་ཏེ་དཔེ་མཚོན་རང་བཞིན་གྱི་ཉམས་མྱོང་དུས་ཐོག་ཏུ་ཁྱབ་གདལ་བཏང་ནས་གནས་པའི་གནད་དོན་ཐད་དག་ཐེར་བསམ་འཆར་བཏོན་པ་རེད།

        དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་བསྒྲུབས་ནས་མང་ཚོགས་དབར “སེམས་སྦྲེལ་ཟམ་པ ”ཞིག་བཙུགས་ཏེ་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་གི་བྱེད་སྒོ་དེ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི “དམངས་ཀྱི་སེམས་ཁྲལ་སེལ་བ་དང་། དམངས་ཀྱི་དཀའ་གནད་སེལ་བ་། འབྲེལ་གཏུག་ལ་སྐུལ་མ་གཏོང་བ། མཐུན་སྦྱོར་ཟབ་ཏུ་གཏོང་བ ”བཅས་བྱེད་པའི་བྱ་སྤྱོད་ནུས་ལྡན་ཞིག་ཏུ་འགྱུར་བ་བྱས་པ་རེད། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་བུད་མེད་དང་བྱིས་པ་དང་འབྲེལ་བ་ཡོད་པའི་དམངས་འཚོའི་རྣམ་གྲངས་ཁག་གཅིག་ཡག་པོ་བསྒྲུབས་ཏེ “ཚེ་སྲོག་ལ་གཅེས་སྤྲས་དང་བདེ་ཐང་ལ་དོ་སྣང་བྱེད་པ ”ཞེས་པའི་སྨན་རིན་མི་དགོས་པའི་ཞིབ་བཤེར་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བུད་མེད་600ལྷག་ཙམ་ལ་སྨན་རིན་མི་དགོས་པར་མོ་ནད་ཚན་ཁག་གི་ཞིབ་བཤེར་བྱས་པ་དང་མི་2600ལ་སྨན་རིན་མི་དགོས་པར་འོས་འགན་སྨན་བཅོས་བྱས་པ་རེད། གཞན་ཡང་ཞིང་འབྲོག་པའི་བུད་མེད་ལ་རྩལ་ནུས་གསོ་སྦྱོང་བྱེད་པའི་གྲོན་དངུལ་སྒོར་ཁྲི་200ཙམ་བརྩོན་ལེན་ཧུར་ཐག་བྱས་ནས་ས་ཁུལ་དང་གྲོང་ཁྱེར་དང་རྫོང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་བརྟེན་ནས་འདེབས་འཛུགས་དང་། གསོ་ཚགས། ཚོས་རྒྱག འཁལ་འཐག དངུལ་ཆས་ལས་སྣོན། བཟའ་བཏུང་། ཁྱིམ་ལས་ཞབས་ཞུ་སོགས་ཀྱི་རྩལ་ནུས་གསོ་སྦྱོང་རྒྱ་ཁྱབ་ངང་བྱས་ནས་ཞིང་འབྲོག་ཁུལ་གྱི་བུད་མེད་ཁྲི་2ལྷག་ཙམ་ལ་ལས་ཞུགས་བྱེད་པར་རྩལ་ནུས་ལྡན་པ་དང་འབབ་འཕར་ཡོང་རྒྱུའི་མདུན་ལམ་ཡོད་པ་བྱས་པ་རེད། ལྷ་ས་དང་མངའ་རིས་སོགས་ས་ཁུལ་གྱིས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་ཞིང་འབྲོག་པ་དང་གཞི་རིམ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་སློབ་ཁང་དེ་གཞི་རིམ་དུ་སྤོས་ནས་གནད་དོན་དངོས་ཐག་གཅོད་བྱེད་པའི་ཁྲོད་འཇོན་ཐང་ཆེ་རུ་དང་མཐོང་རྒྱ་ཆེ་རུ་བཏང་སྟེ་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་བརྟེན་ནས་དམངས་འཚོ་ལེགས་སུ་གཏོང་བར་སྐུལ་མ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།