དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ལྗོངས་ཀྱི་ས་ཁུལ་ཁག་གིས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ།

        ལྗོངས་ཡོངས་སུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་ཚུན་གྲོང་ཚོར་བཅའ་སྡོད་རིམ་ཁག་ལས་དོན་ཚོགས་ཆུང་གིས་དོན་དངོས་ལ་དམ་པོར་དམིགས་པ་དང་སེམས་ནུས་ཡོད་རྒུས་རོགས་སྐྱོར་བྱས་པ་དང་རང་སྐྱོང་ལྗོངས་ཀྱི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་སྤྱིའི་བླང་བྱ་དང་ཞིབ་ཕྲའི་བཀོད་སྒྲིག་གཞིར་བཟུང་གྲོང་ཚོར་བཅའ་སྡོད་ལས་དོན་ཁག་ཏན་ཏིག་སྤེལ་བ་དང་འཚམས་འདྲི་དང་རྟོག་ཞིབ་བྱས་ནས་རོགས་སྐྱོར་འཆར་གཞི་ནན་ཏན་བཟོས་ཏེ་མང་ཚོགས་ཚོའི་དཀའ་ངལ་དངོས་སེལ་རོགས་བྱས་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་བསྔགས་བརྗོད་ཡོངས་ཁྱབ་ངང་ཐོབ་ཡོད་པ་རེད།

        གྲོང་ཚོར་བཅའ་སྡོད་ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚོགས་ཆུང་ཤན་རྩ་རྫོང་དར་དམར་ཤང་གྲོང་ཚོ་8པར་བསྡད་ཚུན་དབུལ་སྐྱོར་དང་དྲོ་སྐྱིད་སྦྱིན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ས་གནས་དེ་གའི་མང་ཚོགས་ཚོས་ཏང་གི་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་བྱས་ཤིང་། ལས་དོན་ཚོགས་ཆུང་གིས་ལྗོངས་ཏང་ཨུད་གཞུང་ལས་ཐིང་དང་ལྗོངས་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ལས་བཟོ་ཚོས་གྲོང་ཚོ་8པའི་མང་ཚོགས་ཚོར་དངུལ་དང་དངོས་པོ་ཞལ་འདེབས་འབུལ་རྒྱུའི་སྐུལ་སློང་བྱས་ནས་དངུལ་སྒོར་ཁྲི་5ལྷག་ཙམ་བསྡུ་རུབ་བྱས་པ་དང་། མང་ཚོགས་དུད་ཚང་21ལ་ཉི་འོད་ནུས་པའི་གློག་སྒྲོན་གྱི་སྒྲིག་ཆས་ཉོས་པ། དཀའ་ངལ་ཡོད་པའི་དུད་ཚང་19ལ་སྒོར་5000རི་བའི་འཚོ་བའི་དངོས་པོ་སྤྲད་པ། ལྗོངས་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཙོ་བོ་གྲོང་ཚོ་8པར་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་པར་ཡོང་ནས་མང་ཚོགས་དུད་ཚང་15ལ་འཚམས་འདྲིའི་དངུལ་སྒོར་4500སྤྲད་པ་རེད།

        ཉི་རི་གཞུང་ཤང་སྒོ་ཡང་གྲོང་ཚོར་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་ལས་དོན་ཚོགས་ཆུང་གིས “དམངས་ཀྱི་གནས་ཚུལ་ལ་བཅར་འདྲི་བྱེད་པ་དང་། བྱ་བ་དངོས་བསྒྲུབ་པ། དྲོ་སྐྱིད་སྦྱིན་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་བཟའ་འབྲུ་རྒྱ་མ་ཁྲི་1ཐག་གཅོད་བྱེད་པ་དང་། ནས་སོན་རྒྱ་མ་11000ཐག་གཅོད་བྱེད་པ། གྲོང་ཚོ་རིམ་པའི་སྨན་བཅོས་ཁང་1འཛུགས་པ། རིན་མེད་འོས་འགན་སྨན་བཅོས་བྱེད་སྒོ་ཐེངས་གཅིག་སྤེལ་བ། ཏང་ཞུགས་ཧུར་བརྩོན་ཅན་ཁག་གཅིག་གསོ་སྐྱོང་བྱེད་པ། ཆུ་བེད་ཆུ་འདྲེན་སྒྲིག་ཆས་གཅིག་གཏོད་པ་བཅས “གཅིག་རེ་དྲུག ”གི་རོགས་སྐྱོར་བྱེད་ཐབས་བརྒྱུད་མང་ཚོགས་ལ་དཀའ་ངལ་དངོས་སེལ་རོགས་བྱས་པ་དང་མིག་སྔར་རོགས་སྐྱོར་ལས་དོན་ཁག་རྦད་དེ་དོན་འཁྱོལ་བྱུང་ཞིང་། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་ད་དུང་མི་སྒེར་གྱིས་དངུལ་དང་དངོས་ཟོག་ཞལ་འདེབས་ཕུལ་བའི་བྱེད་ཐབས་ལ་བརྟེན་ནས་ཁྱོན་གྲོང་མིར་སྒོར་ཁྲི་1.58རི་བའི་འཚམས་འདྲིའི་དངོས་པོ་སྤྲད་པ་རེད།

        མཚོ་སྨད་རྫོང་གནས་བཞི་ཤང་དཔའ་མདའ་གྲོང་ཚོར་བཅའ་སྡོད་ལྷོ་ཁ་ས་ཁུལ་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་ལས་དོན་ཚོགས་ཆུང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག་དམངས་ལ་བྱ་བ་དངོས་བསྒྲུབས་པའི་ཐད་ཤུགས་སྣོན་བརྒྱབ་ནས་རིམ་རྩིས་བྱས་ན་དངུལ་སྒོར་ཁྲི་117.35(དངོས་པོའི་རིན་ཐང་དངུལ་ལ་ཕབ་པ་ཚུད་པ )བརྩོན་ལེན་གྱིས་མང་ཚོགས་ཀྱི་མཁོ་ཆེ་ཤོས་དང་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཁག་གཅིག་ཐག་གཅོད་བྱས་པས་མང་ཚོགས་ཚོའི་དགའ་བསུ་རྒྱ་ཁྱབ་ཐོབ་ཡོད་ཅིང་། གྲོང་ཚོར་ཞིང་འབྲོག་པའི་ལས་ཞོར་རིག་རྩལ་འཁྲབ་སྟོན་རུ་ཁག་གཅིག་འཛུགས་རོགས་བྱས་ནས་དགོས་ངེས་ཀྱི་འཁྲབ་ཆས་དང་། རོལ་ཆས། སྒྲ་སྐྱེད་སྒྲིག་ཆས་བཅས་བཀོད་སྒྲིག་བྱས་པ་དང་། གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་ཁང་གཅིག་དང་ཞིང་པའི་དཔེ་ཁང་གཅིག་བསྐྲུན་ནས་སྒྲིག་ཆས་དང་དཔེ་དེབ་བཀོད་སྒྲིག་བྱས་པ། དཔའ་མདའ་གྲོང་ཚོར་ཆུ་འདྲེན་ཡུར་བུ་ཉམས་བཟོ་དང་གྲོང་དུད་བགྲོད་ལམ་གཅིག་དང་། ཆུ་འཁོར་ཁང་གཉིས། གློག་གི་རྩམ་འཐག་ཁང་གཅིག སྣུམ་བཙིར་ཁང་གཅིག་བཅས་གསར་དུ་བསྐྲུན་རོགས་བྱས་པ། མང་ཚོགས་དུད་ཚང་25ལ་རླུང་འཕྲིན་དང་བཪྙན་འཕྲིན་བསྡུ་ལེན་སྒྲིག་ཆས་ཐག་གཅོད་བྱས་ནས་སྒྲ་བསྡུ་འཕྲུལ་འཁོར་99དང་ཉི་འོད་ནུས་པའི་གློག་རྫས་ཆ་ཚང་3སྤྲད་པ་རེད།

        ལྷོ་བྲག་རྫོང་སེང་གེ་ཤང་ཁྲ་གྲོང་ཚོར་བཅའ་སྡོད་ལྷོ་ཁ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལས་དོན་ཚོགས་ཆུང་གིས་དམངས་འཚོར་དོ་ཁུར་དང་དེ་ལེགས་གཏོང་བྱ་རྒྱུའི་མཐོ་ཚད་ཀྱི་ཐོག་ནས་འཚམས་འདྲིར་བསྐྱོད་པའི་བྱེད་སྒོ་ཐེངས་60ལྷག་ཙམ་སྤེལ་ནས་དཀའ་ངལ་ཡོད་པའི་མང་ཚོགས་དང་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དུད་ཚང་36གི་མི་81ལ་འཚམས་འདྲི་བྱས་ཏེ་འཚམས་འདྲིའི་དངུལ་སྒོར་25090སྤྲད་པ་དང་ཆབས་ཅིག་ཁང་དེ་ཡོངས་ཀྱི་ལས་བྱེད་ཉེན་རྟོག་པ་ཚོར་འབྲེལ་གཏུག་ས་ཚིགས་སུ “ཁྲ་གྲོང་ཚོར་བརྩེ་སེམས་བཅངས ”ཞེས་པའི་དངུལ་ཞལ་འདེབས་ཕུལ་ནས་གཅེས་སེམས་མཚོན་པར་བྱེད་པའི་བྱེད་སྒོ་ཧུར་ཐག་སྤེལ་རྒྱུའི་འབོད་སྐུལ་བྱས་ནས་ཁྱོན་དངུལ་སྒོར་15090ཞལ་འདེབས་ཕུལ་བ་རེད།

        ཀོང་པོ་རྒྱ་མདའ་རྫོང་གིས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་ཁྲོད་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་སྒྲིག་འཛུགས་ཀྱིས་དམངས་ཀྱི་གནས་ཚུལ་སྐོར་གྱི་ཉིན་ཐོ་དང་བརྩི་ཐོ་འབྲི་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཞི་རིམ་དུ་བསྐྱོད་ནས་མང་ཚོགས་ཁྲོད་འབྲེལ་འདྲིས་ཡོང་བ་བྱས་ཏེ་དམངས་ཀྱི་གནས་ཚུལ་དང་འདོད་བློ་ཡིད་ལ་ངེས་པར་བྱས་ནས་དམངས་ཀྱི་གནས་ཚུལ་སྐོར་གྱི་ཉིན་ཐོ་བློ་ཞིབ་མོས་བྲིས་པ་དང་། མིག་སྔའི་བར་ཁྱོན་འཚམས་འདྲིའི་བྱེད་སྒོ་ཐེངས་80ལྷག་ཙམ་སྤེལ་ནས་འཚམས་འདྲི་བྱས་པའི་མི་གྲངས་700ལྷག་ཙམ་དང་འཚམས་འདྲིའི་དངུལ་སྒོར་ཁྲི་33.8ལོན་པ་དང་། མང་ཚོགས་ཆེད་བྱ་བ་ཡག་པོ་དང་བྱ་བ་དངོས་90ལྷག་ཙམ་བསྒྲུབས་ནས་དངུལ་སྒོར་ཁྲི་196ལྷག་ཙམ་ལོན་པ། མང་ཚོགས་ཀྱིས་ཞུས་པའི་དཀའ་ངལ་དང་གནད་དོན་ཁག་ལ་དུས་ཐོག་ཏུ་གོང་ཞུ་དང་ཐག་གཅོད་བྱེད་ཐུབ་པ་བྱས་པས་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།

        བསྡོམས་རྩིས་བྱས་པར་གཞིགས་ན། བྱེད་སྒོ་སྤེལ་ཚུན་རྫོང་གི་འགོ་ཁྲིད་གཙོ་བོ་དང་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་རིམ་རྩིས་བྱས་ན་མང་ཚོགས་ལ་འཚམས་འདྲི་ཐེངས་59བྱས་པ་དེར་མི་གྲངས་220དང་འཚམས་འདྲིའི་དངོས་པོ་སྣ་ཚོགས་དང་འཚམས་འདྲིའི་དངུལ་སྤྲད་པ་རིན་ཐང་ལ་ཕབ་ན་སྒོར་49800ལོན་ཞིང་། དེ་དང་ཆབས་ཅིག་སྣང་རྫོང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་འབྲེལ་གཏུག་བྱ་ཡུལ་དུ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱེད་པར་ཐེངས་མང་བསྐྱོད་པའི་ཁར་གྲོན་དངུལ་སྒོར་ཁྲི་75སྤྲད་དེ་རྫོང་ཐད་གཏོགས་ཚན་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ལ་མཐུན་སྦྱོར་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་57དོན་འཁྱོལ་བྱེད་རོགས་བྱས་ཏེ་མ་དངུལ་སྒོར་ཁྲི་84ལོན་པ་དང་། ས་ཁུལ་ཐད་གཏོགས་ཚན་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ལ་མཐུན་སྦྱོར་གྱིས་རྣམ་གྲངས་6དོན་འཁྱོལ་བྱེད་རོགས་བྱས་ཏེ་མ་དངུལ་སྒོར་ཁྲི་106.26ལོན་ཡོད་པ་རེད།

        སྨན་གླིང་རྫོང་གི་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་དམངས་འཚོ་ལེགས་སུ་གཏོང་རྒྱུ་ཚད་བརྒལ་ཡོང་གཞིར་བྱས་ནས “ཚན་རྩལ་དང་། རིག་གནས། འཕྲོད་བསྟེན། བཅའ་ཁྲིམས ”བཅས་གཤམ་སྤེལ་བཞིའི་ཤེས་བྱ་འཆད་ཁྲིད་སྒྲིག་འཛུགས་བྱས་ནས་མང་ཚོགས་

        2000ལྷག་ཙམ་ལ་སློབ་གསོ་བཏང་བ་དང་སྦྲགས་འབྲེལ་ཡོད་ཚན་པར་མཐུན་སྦྱོར་བྱས་ནས་ངལ་དོན་ལག་རྩལ་དང་འདེབས་གསོ་ལག་རྩལ་སོགས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ་མང་ཚོགས་མི་ཐེངས་500ལྷག་ཙམ་གསོ་སྦྱོང་བྱས་ནས་མང་ཚོགས་ཀྱི་ཕྱུག་འགྱུར་འཇོན་ཐང་ཆེ་རུ་ནུས་ལྡན་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།