ཉེ་ཆར་ལྷོ་བྲག་རྫོང་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་བདེ་འཇགས་ལྟ་སྐུལ་དང་། སྤྱི་བདེ། ནགས་ལས། བདེ་སྡོད་ལས་གྲྭ་གཞུང་ལས་ཁང་སོགས་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་ལས་གྲུབ་པའི་མཉམ་འབྲེལ་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་ལྷོ་བྲག་རྫོང་གི་ཤང (གྲོང་རྡལ )དང་གྲོང་ཚོ་ཨུ་ལྷན་ཁག་དང་གྲོང་ཚོའི་ཚོགས་ཆུང་དུ་བསྐྱོད་དེ་ཞིབ་བཤེར་དང་། ལྟ་ཞིབ། ཉན་འཇོག འདྲི་རྟོགས་སོགས་ཀྱི་བྱ་ཐབས་ཐོག་ནས་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་ལས་དོན་ལ་སྒོ་ཀུན་ནས་ཞིབ་བཤེར་བྱས་པ་དང་སྦྲགས། བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་ཚོགས་འདུ་འཚོགས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཁྲོད་བདེ་འཇགས་ངང་ཐོན་སྐྱེད་བྱེད་པ་དང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་དེ་བཞིན་འབྲེལ་ཡོད་ཤེས་བྱ་འཆད་ཁྲིད་བྱས་པ་རེད།
དུས་མཉམ་དུ་ལས་དོན་ཚོགས་ཆུང་གིས་ད་དུང་གསར་པ་དང་བསྐྱར་དུ་ལས་འགོ་བཙུགས་པའི་ཨར་ལས་སྡེ་ཚན་དང 《གཏེར་ལས་ཁུལ་གྱི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་ལས་ཀའི་དམིགས་ཚད་དོ་དམ་གྱི་འགན་འཁྲིའི་ཡི་གེ 》བདུན་ལ་མིང་རྟགས་བཀོད་པ་དང་། ས་ཆ་དེ་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་10ལྷག་ཙམ་མེད་པ་བཟོས་པ། དྲིལ་བསྒྲགས་ཡིག་ཆ་བསྡོམས་ངོ་གྲངས་830ལྷག་ཙམ་བཀྲམ་པ་བཅས་བྱས་པ་རེད།