དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྷོ་བྲག་རྫོང་གིས“ཁག་གསུམ་དུ་བསྐྱོད་དེ་ཞིབ་བསྡུར་གཉིས”བྱས་ནས་གྲོང་ཚོར་བཅའ་སྡོད་གཞི་རིམ་གྱི་གཞི་གྲངས་ཁོང་དུ་ཆུད་པ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་5 ཚེས་9 ཉིན་གློག་འཕྲིན་འབྱོར་གསལ། གྲོང་ཚོར་བཅའ་སྡོད་དཔལ་འབྱོར་འཕེལ་རྒྱས་དང་། རྨང་གཞིའི་འཛུགས་སྐྲུན། ཞིང་ཕན་སྲིད་ཇུས་དོན་འཁྱོལ། ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བཅས་བྱ་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ཇུས་གཞི་དང་། གྲོང་ཚོར་བཅའ་སྡོད་འཆར་གཞི། གྲོང་ཚོར་བཅའ་སྡོད་བྱ་ཡུལ་གྱི་དོན་དངོས་བཅས་དང་དེ་བས་ཉེ་བཅར་ཡོང་རྒྱུ་འགན་ལེན་བྱ་ཆེད་གྲོང་ཚོར་བཅའ་སྡོད་ལྷོ་བྲག་རྫོང་ལས་དོན་ཚོགས་ཆུང་གིས “ཁག་གསུམ་དུ་བསྐྱོད་དེ་ཞིབ་བསྡུར་གཉིས ”ཀྱི་བྱ་ཐབས་སྤྱད་དེ་ཕྱོགས་སྡོམ་གཞི་གྲངས་བདེན་པ་ཡིན་མིན་དང་། ཁུངས་བཙན་ཡིན་མིན། ཡང་དག་ཡིན་མིན་བཅས་འགན་ལེན་བྱས་པ་རེད།

        གྲོང་ཚོར་བསྐྱོད་དེ་བརྟག་ཞིབ་བྱས་ཤིང་། གྲོང་ཚོར་བཅའ་སྡོད་ལྷོ་བྲག་རྫོང་ལས་དོན་ཚོགས་ཆུང་གིས་གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་ཚུལ་ཐད་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་སྤྱོད་ཚུལ་ཐད་བརྟག་ཞིབ་བྱས་པ་དང་གྲོང་ཚོ་དེ་ཡོངས་ཀྱི་དབུལ་པོའི་མི་གྲངས་དང་། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ། ཡོང་འབབ་ཡོང་ཁུངས། གཞི་རིམ་རྩ་འཛུགས་འཛུགས་སྐྲུན། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་། རིག་གནས་འཕྲོད་བསྟེན། ཞིང་ཕན་སྲིད་ཇུས་དོན་འཁྱོལ་བྱ་ཚུལ། དཔལ་འབྱོར་འཕེལ་རྒྱས་ཐད་ཚོད་འཛིན་ཕོག་པའི་རྒྱུ་རྐྱེན་བཅས་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་བརྟག་དཔྱད་བྱས་ནས་གྲོང་ཚོ་དེ་ཡོངས་གཞི་འཛིན་སར་བྱས་ཏེ་སྤྱི་ཡོངས་ཁོང་དུ་ཆུད་པ་དང་ཤེས་རྟོགས་ཐུབ་པ་བྱས་པ་རེད།

        ཚོགས་ཆུང་དུ་བསྐྱོད་དེ་ཞིབ་བསྡུར་བྱས་ཤིང་། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་མཁོ་འདོན་བྱས་པའི་གཞི་གྲངས་གཞིར་བཟུང་གྲོང་ཚོའི་ཚོགས་ཆུང་ཁག་ཏུ་བསྐྱོད་དེ་གྲོང་ཚོ “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོར་མཐོང་ཆེན་བྱེད་པ་སོགས་ཐད་ཀྱི་ནུས་པ་འདོན་སྤེལ་བྱ་ཚུལ་དང་། འགོ་ཁྲིད་ཚན་ཁག་གི་མཐུན་སྒྲིལ་རོགས་ལས་དང་དཀའ་སྤྱད་ཕྱུག་འགྱུར་གྱི་སྣེ་འཁྲིད་བྱ་ཚུལ། ཏང་སྲོལ་དང་སྲིད་གཙང་འཛུགས་སྐྱོང་བྱ་ཚུལ། དཔལ་འབྱོར་དང་སྤྱི་ཚོགས་ཁྲོད་ཀྱི་ཏང་རྩ་འཛུགས་ལ་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ལྡན་ཡོད་མེད་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་ཚུལ་ཤེས་རྟོགས་ནན་ཏན་བྱས་ཐོག་གྲོང་ཚོ་དེ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་གནས་ཚུལ་ཐད་ཞིབ་བསྡུར་བྱས་ཏེ་གྲོང་ཚོ་དེ་ཡོངས་ཀྱི་བསྡོམས་རྩིས་གཞི་གྲངས་ཆ་ཚང་མིན་དང་། ཡང་དག་མིན། བདེན་པ་ཡིན་མིན་བཅས་འགན་ལེན་བྱས་པ་རེད།

        དུད་ཚང་དུ་བསྐྱོད་དེ་ཞིབ་དཔྱད་བྱས་ཤིང་། གྲོང་ཚོར་བཅའ་སྡོད་ལྷོ་བྲག་རྫོང་གི་ལས་དོན་ཚོགས་ཆུང་ཁག་གིས་གྲོང་ཚོ་དང་ཚོགས་ཆུང་གིས་མཁོ་འདོན་བྱས་པའི་བསྡོམས་རྩིས་གཞི་གྲངས་འཁྱེར་ནས་ཞིང་འབྲོག་པའི་ཁྱིམ་དུ་བསྐྱོད་པ་མ་ཟད། ལྷག་པར་དུ་ཞིང་དར་ཞིང་ཕན་སྲིད་ཇུས་དོན་འཁྱོལ་བྱ་ཚུལ་དུད་ཚང་རེ་རེ་བྱས་ཏེ་བརྟག་ཞིབ་དང་ཞིབ་བསྡུར་བྱས་པ་རེད། ཞིང་འབྲོག་པས་རྒྱལ་ཁབ་ཀྱི་ཞིང་ཕན་ཁ་གསབ་སྲིད་ཇུས་ཁག་དང་། ཁ་གསབ་ཀྱི་ཚད་གཞི། དམིགས་སར་འབྱོར་ཡོད་མེད་བཅས་ཀྱི་གནས་ཚུལ་གསལ་པོ་ཤེས་མིན་བལྟ་བ་དང་། ཞིང་ཕན་སྲིད་ཇུས་ཤང་དང་གྲོང་ཚོས་དམིགས་སར་དྲིལ་བསྒྲགས་བྱུང་ཡོད་མེད་དང་དམིགས་སར་འབྱོར་ཡོད་མེད། ཡོངས་བསྒྲགས་དང་། གཞུང་དྲང་། ཕྱི་གསལ་ནང་གསལ་བཅས་བྱུང་ཡོད་མེད་ལྟ་ཞིབ་བྱས་ཏེ་མང་ཚོགས་ཀྱིས་ཞིང་ཕན་སྲིད་ཇུས་ལོངས་སྤྱོད་དང་། སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ལོངས་སྤྱོད། ཏང་གི་དྲོ་སྐྱིད་ཚོར་བ་བཅས་དངོས་འབྲེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།