དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས“འབྲེལ་ཟམ”ཧུར་ཐག་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ།

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་འགོ་ཡག་པོ་བརྩམས་པའི་རྨང་གཞིའི་ཐོག་རང་ལྗོངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་སྒྲིག་འཛུགས་དང་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལས་དོན་གཙོ་གནད་མངོན་གསལ་དོད་པ་དང་བྱེད་ཐབས་དོན་འཁྱོལ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས “འབྲེལ་ཟམ ”ཧུར་ཐག་བསྐྲུན་པ་དང་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བ་རེད།

        ན་རོང་ཤང་འཐུ་རུ་སྒང་གྲོང་ཚོར་བཅའ་སྡོད་གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་གི་ལས་དོན་ཚོགས་ཆུང་གྲོང་ཚོར་བཅའ་སྡོད་བྱས་ཚུན་འཐུ་རུ་སྒང་གི་མང་ཚོགས་དང་མཛའ་བརྩེ་ཟབ་མོ་ཆགས་ཡོད་པ་དང་གྲོང་མི་མི་ཉུང་བ་ཞིག་གིས་ལས་དོན་ཚོགས་ཆུང་ལ་རང་ཁྱིམ་གྱི་སྔོ་ཚལ་སོས་པ་དང་། བོད་བྱའི་སྒོ་ང། རྩམ་པ། མར། ཕྱུར་བ་སོགས་ཡུལ་ཐོན་ཁྱད་རྫས་བསྐྱལ་བ་རེད། མང་ཚོགས་ཀྱི་མཛའ་སེམས་ལ་གནོད་འཚེ་མི་ཕོག་པ་བྱ་ཆེད་ལས་དོན་ཚོགས་ཆུང་གིས་གྲོང་ཚོར་བཅའ་སྡོད་བྱས་རིང་སྒོ་ང་56དང་། རྩམ་པ་རྒྱ་མ་5 མར་ཐུམ 4 སྔོ་ཚལ་རྒྱ་མ་17 ཕྱུར་བ་རྒྱ་མ 2བཅས་གཅིག་མཇུག་གཉིས་མཐུད་ངང་དང་ལེན་བྱས་པ་དང་དུས་མཚུངས་དངོས་རྫས་ཚང་མ་ཐོ་འགོད་བྱས་པ་དང་འབྲེལ་ཁྲོམ་རའི་རིན་གོང་ལྟར་གྲོང་མིར་ཁྱོན་བསྡོམས་སྒོར་299སྤྲད་པ་རེད། ཟླ་4ཚེས་18ཉིན་ལས་དོན་ཚོགས་ཆུང་གིས་ཐོ་འགོད་བྱས་པའི་རྩིས་ཐོ་ལྟར་སྒོར་299དེ་ཞིང་དུད་10ཡི་ཁྱིམ་དུ་བསྐྱལ་བ་དང་འབྲེལ་ཁོང་ཚོས་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞེས་བརྗོད་པ་རེད།

        ཆབ་མདོ་ས་ཁུལ་ལྷོ་རོང་རྫོང་ཝ་ཧོ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྤུས་ཚད་དང་ལག་རྩལ་ལྟ་སྐུལ་ཅུས་ཀྱི་ལས་དོན་ཚོགས་ཆུང་གི་མཐུན་སྦྱོར་ཧུར་ཐག་དང་ལྷོ་རོང་རྫོང་སྲིད་གཞུང་གི་ཤུགས་ཆེན་རྒྱབ་སྐྱོར་འོག་ལྷོ་རོང་རྫོང་གིས་བཅའ་ཁྲིམས་དང་། སྨན་བཅོས་འཕྲོད་བསྟེན། རིག་རྩལ་འཁྲབ་སྟོན་བཅས་ཀྱི་རུ་ཁག་སྒྲིག་འཛུགས་བྱས་ནས་ཝ་ཧོ་གྲོང་ཚོར “ཞབས་ཞུ་གསུམ ”གྱི་བྱེད་སྒོ་སྤེལ་ཞིང་། སྨན་བཅོས་འཕྲོད་བསྟེན་རུ་ཁག་གིས་མང་ཚོགས 200ལྷག་ཙམ་ལ་ལས་ཡུལ་དུ་རིན་མི་དགོས་པར་བརྟག་དཔྱད་དང་སྨན་བཅོས་བྱས་པ་དང་འབྲེལ་མང་ཚོགས་600ལྷག་ཙམ་ལ་སྒོར་15000རི་བའི་རྒྱུན་སྤྱོད་སྨན་རྫས་ཀྱང་སྤྲད་པ་རེད། བྱེད་སྒོ་སྤེལ་རིང་ལྷོ་རོང་རྫོང་གིས་ད་དུང་ཝ་ཧོ་གྲོང་ཚོའི “ཞིང་པའི་དཔེ་དེབ་ཁང ”དུ་ཁྱོན་བསྡོམས་སྒོར་ཁྲི་2ལྷག་ཙམ་རི་བའི་འོད་སྡེར་དང་དཔེ་དེབ་བསྐྱལ་བ་རེད།

        ཉེ་ཆར་གཞིས་རྩེ་ས་ཁུལ་འབྲོང་པ་རྫོང་གིས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་མཉམ་འབྲེལ་གྲོས་ཚོགས་སླར་ཡང་འཚོགས་ནས་གྲོང་ཚོར་བཅའ་སྡོད་འབྲེལ་གཏུག་ས་ཚིགས་ཁག་གིས་ཐག་གཅོད་བྱེད་དགོས་པའི་མངོན་གསལ་དོད་པོའི་གནད་དོན་དང་གོམ་སྟབས་རྗེས་མར་ལག་བསྟར་བྱ་རྒྱུའི་རྣམ་གྲངས་གསལ་པོ་བཏོན་པ་རེད། དམངས་ཀྱི་ཆེད་བྱ་བ་དངོས་བསྒྲུབས་པ་དང་། བྱ་བ་བཟང་པོ་སྒྲུབ་པ། དཀའ་ངལ་སེལ་བ་བཅས་ཀྱི་རྣམ་གྲངས་དེ་དག་བདེ་བླག་ངང་ལག་བསྟར་བྱེད་པར་འགན་ལེན་ཏན་ཏིག་བྱེད་ཆེད་འབྲོང་པ་རྫོང་གིས་སྒོར་ཁྲི་67བཏང་བ་དང་དེ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་ཆེད་དངུལ་དུ་བརྩིས་པ་རེད།

        ལྷོ་ཁ་ས་ཁུལ་རྒྱ་ཚྭ་རྫོང་གིས “སྐད་ཆ་འདྲི་བ་ལྔའི ”བྱེད་ཐབས་བརྒྱུད་ཏང་འཛུགས་སྐྱོང་དང་། བརྟན་ལྷིང་སྲུང་སྐྱོང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་དང་དེ་བཞིན་དཀའ་ངལ་གཙོ་བོ་གནད་ལ་འཁེལ་བའི་ངང་འཚོལ་ཞིབ་གང་ཐུབ་བྱས་པ་སྟེ། དང་པོ་འབྲེལ་ཡོད་སྡེ་ཚན་ལ་སྐད་ཆ་དྲིས་ཤིང་། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་ལས་དོན་ཚོགས་ཆུང་གྲོང་ཚོར་བཅའ་སྡོད་མ་བྱས་གོང་རང་འགུལ་ངང་ཤང་གྲོང་ཏང་ཨུད་དང་སྲིད་གཞུང་ལ་བསམ་འཆར་དང་གྲོས་འགོ་འདྲི་རྩད་བྱས་ནས་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། གཉིས་པ་གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ལས་བྱེད་པར་སྐད་ཆ་དྲིས་ཤིང་། གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་བརྒྱུད་གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་གི་ལས་དོན་ཁྲོད་ཀྱི་ལེགས་ཆ་དང་མི་འདང་ས་ཐུན་མོང་ཐོག་དབྱེ་ཞིབ་དང་དཔྱད་བསྡུར་བྱས་ནས་གྲོང་ཚོའི “ཨུ་ལྷན་གཉིས ”ལ་ལས་དོན་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་རོགས་རམ་བྱེད་པ། གསུམ་པ་ཏང་ཡོན་མང་ཚོགས་ཀྱི་འཐུས་མིར་སྐད་ཆ་དྲིས་ཤིང་། ལྷུག་གླེང་ཚོགས་འདུ་འཚོགས་ནས་གྲོང་ཚོའི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་དང་དེ་བཞིན་ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱས་ཚུལ་དང་། བསམ་ཕྱོགས་འཕེལ་རྒྱས་དང་དེ་བཞིན་གྲོང་ཚོ་དེའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་དཀའ་ངལ་གཙོ་བོ། གྲོང་ཚོ་རིམ་པའི་ནོར་དོན་སྤྱི་བསྒྲགས་དང་ཞིང་ཕན་མ་དངུལ་དོན་འཁྱོལ་བྱས་ཚུལ་སོགས་ཀྱི་གནས་ཚུལ་ཐད་གཙོ་གནད་དུ་དམིགས་ཏེ་འཐུས་མི་རྣམས་ལ་ཅི་དྲན་ལྷུག་གླེང་བྱེད་དུ་བཅུག་ནས་ཕྱོགས་ཡོངས་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་པ། བཞི་པ་ཕྱུག་འགྱུར་སྣེ་ཁྲིད་མཁན་ལ་སྐད་ཆ་དྲིས་ཤིང་། ཕྱུག་འགྱུར་སྣེ་ཁྲིད་མཁན་ལ་འཚམས་འདྲི་བྱེད་པ་བརྒྱུད་གྲོང་ཚོ་དེའི་འཕེལ་རྒྱས་ཀྱི་གནས་བབ་གཏན་འཁེལ་ཐད་བསམ་འཆར་བསྡུ་ལེན་བྱས་ཏེ་གྲོང་ཚོ་དེའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ཐུབ་བྱེད་པ། ལྔ་པ་ཁྱིམ་ཚང་དབུལ་པོར་སྐད་ཆ་དྲིས་ཤིང་། དུད་ཚང་དབུལ་པོ་དང་འགན་ལེན་ལྔའི་དུད་ཚང་ལ་འཚམས་འདྲི་བྱས་པ་བརྒྱུད་གཉོད་ཆུང་ཚོགས་སྤྱིའི་སྙིང་གཏམ་ཉན་ནས་ཐོན་སྐྱེད་དང་འཚོ་བའི་ཁྲོད་གནས་པའི་ཁོང་ཚོའི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་པ་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།