དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཏང་ཡོན་གཅིག་ནི་དར་ཆ་གཅིག་དང་མཚུངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལོ་མང་རིང་བོད་ལྗོངས་མཁའ་ལམ་མ་རྐང་ཚད་ཡོད་ཀུང་སིའི་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་པུའི་ཏང་ཀྲི་པུའུ་ཡིས་འཕེལ་རྒྱས་ལ་དམིགས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་འཕེལ་རྒྱས་ལ་སྐུལ་མ་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

        རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ལྷོད་གཡེང་མི་གཏོང་བ།

        ད་ཕན་ལོ་ཤས་རིང་ཀུང་སི་དེའི་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་པུའི་ཏང་ཀྲི་པུའུ་ཡིས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ཉམས་མྱོང་ཟམ་མི་ཆད་པར་ཕྱོགས་སྡོམ་བྱས་ཏེ་སློབ་སྦྱོང་གི་ཐབས་ཤེས་དུས་ཐོག་ཏུ་ལེགས་སུ་གཏོང་བ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་ཏང་གི་རྒྱུན་གཏན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་དམ་འཛིན་མཐའ་འཁྱོངས་བྱས་ཡོད། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག ”དང་གསོ་སྦྱོང་འཛིན་གྲྭ་སོགས་ཀྱི་རྣམ་པ་བརྒྱུད་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་གཙོ་གནད་དུ་དམ་འཛིན་ཡག་པོ་བྱས་ཏེ་ཏང་ཡོན་གྱི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་རིགས་པའི་གཞུང་ལུགས་སྤྱད་དེ་ལག་ལེན་ལ་མཛུབ་ཁྲིད་བྱེད་པའི་ནུས་པ་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།

        ཏང་ཡོན་ལ་སློབ་གསོ་གཏོང་བར་དོ་དམ་ཏན་ཏིག་བྱས་པས་རྣམ་གྲངས་པུའི་ཏང་ཡོན་དཔུང་ཁག་གི་བྱང་ཚད་གོང་མཐོར་མངོན་གསལ་དོད་པོས་སོང་བ་དང་གདོང་ལེན་དཔེ་བཟང་གི་འདུ་ཤེས་མངོན་གསལ་དོད་པོས་མཐོ་རུ་སོང་ཐོག “བཞི་མང་བ་དང་བཞི་ཉུང་བའི ”དགའ་འོས་པའི་རྣམ་པ་མངོན་པ་སྟེ། ཏང་ཡོན་གྱིས་འགན་འཁྲི་ལྕི་པོ་འཁུར་ཕོད་པ་དང་སྤུས་ལེགས་ལས་གྲྭ་གཏོད་རྒྱུ་མང་དུ་དང་ཉི་མ་གང་འཁྱོལ་དང་ཡག་ཤོས་དོན་གཉེར་མི་བྱེད་མཁན་ཉུང་དུ་སོང་བ་དང་། ལས་དུས་སྣོན་པ་དང་འོས་འགན་ལེགས་སྐྱེས་འབུལ་མཁན་མང་དུ་དང་ཆ་རྐྱེན་འདོན་མཁན་དང་ཐོབ་ཐང་བརྩོན་ལེན་བྱེད་མཁན་ཉུང་དུ་སོང་བ། ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་སེམས་ཁྲལ་དང་དཀའ་ངལ་རང་འགུལ་ངང་སེལ་མཁན་མང་དུ་དང་དོན་མེད་རྩོད་གླེང་དང་འགན་འཁྲི་མི་འཁུར་མཁན་ཉུང་དུ་སོང་བ། དཔུང་ཁག་ལ་མཐུན་སྒྲིལ་དང་། མི་སེམས་གཅིག་སྡུད། མང་ཚོགས་ཀྱི་དཀའ་སྡུག་ལ་ཐུགས་ཁུར་བྱེད་མཁན་བཅས་མང་དུ་དང་མང་ཚོགས་ཀྱི་དཀའ་ངལ་འདྲི་རྟོགས་མི་བྱེད་མཁན་ཉུང་དུ་སོང་བ་བཅས་རེད།

        ཀྲི་པུའི་མཛུབ་ཁྲིད་ནུས་པ་མངོན་གསལ་དོད་པོས་མཐོ་རུ་སོང་བ།

        ཉེ་བའི་ལོ་ཤས་རིང་རྣམ་གྲངས་པུའི་ཏང་ཀྲི་པུས་དམིགས་ཚད་དེ་ཤེས་དཔལ་ལས་ཡུལ་གསར་གཏོད་བྱེད་པའི་ཐད་གཏན་འཁེལ་བྱས་ཤིང་། དང་ཐོག་ཏང་ཡོན་དང་ལས་སྒོའི་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ་ཤེས་དཔལ་ལས་ཡུལ་གསར་གཏོད་དང་དཔྱད་ཞིབ་ཚད་གཞི་བསྐྱར་དུ་སློབ་སྦྱོང་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་མཐོ་ཚད་ནས་ཤེས་དཔལ་ལས་ཡུལ་གསར་གཏོད་བྱེད་པའི་སྒྲོམ་གཞི་ཧྲིལ་པོ་བསྐྲུན་ཡོད། གཞན་ཡང་ཤེས་དཔལ་ལས་ཡུལ་གཏོད་པའི་ཐད་ཕྱོགས་ཡོངས་ནས་མཛུབ་ཁྲིད་བྱས་པ་དང་དུས་མཚུངས་ལས་མི་གནས་སྡོད་ཁུལ་དུ་མི་གཤིས་ཅན་གྱི་དོ་དམ་བྱས་ཏེ་ཆེད་མི་བཀོད་སྒྲིག་བྱས་ནས་ལས་མིའི་འཚོ་བའི་ཁུལ་དོ་དམ་བྱས་ཡོད། ལས་མིའི་ཤེས་དཔལ་གསར་གཏོད་འདུ་ཤེས་མཐོ་རུ་གཏོང་བ་དང་ཤེས་དཔལ་གསར་གཏོད་བྱེད་སྒོ་དེ་བས་ལེགས་པའི་སྒོ་ནས་དོན་འཁྱོལ་བྱེད་པར་སྐུལ་མ་གཏོང་ཆེད་ཀུང་སི་དེའི་ཏང་ཨུད་ཀྱི་བཀོད་སྒྲིག་འོག་ཏང་ཀྲི་པུས་ལས་མིའི་ཚོགས་ཆེན་འཚོགས་པ་བརྒྱུད་བདེ་འཇགས་ལ་སྣང་ཆེན་དང་། ཤེས་དཔལ་ལ་སྣང་ཆེན་། འཕྲོད་བསྟེན་ལ་སྣང་ཆེན། གུས་ཞབས་ལ་སྣང་ཆེན་བཅས་ཀྱི་ཤེས་དཔལ་འདུ་ཤེས་ཀྱི་སློབ་གསོ་བརྒྱབ་ཡོད།

        ཏང་ཡོན་གྱི་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་འདོན་སྤེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ།

        རྣམ་གྲངས་པུའི་ཏང་ཀྲི་པུས་ཏང་གི་བྱེད་སྒོ་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་ཏང་གི་བྱེད་སྒོར་བརྟེན་ནས་ཐོན་སྐྱེད་གཉེར་སྐྱོང་ལ་ཞབས་འདེགས་ཞུས་པ་རེད། བྱེད་སྒོ་སྤེལ་བ་བརྒྱུད་ཨར་ལས་ཀྱི་འཐབ་ས་གཙོ་བོར་ཏང་ཡོན་གྱི་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱུང་ཡོད་པ་སྟེ།

        གཅིག་ནི་ཐོན་སྐྱེད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། ཀུང་སིའི་ཏང་ཨུད་ཀྱིས་བརྗོད་བྱ་གཙོ་བོའི་བྱེད་སྒོས་རྣམ་གྲངས་པུའི་ཏང་འཛུགས་སྐྱོང་ལས་དོན་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་པ་རེད། རྣམ་གྲངས་པུའི་ཐོན་སྐྱེད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཏང་ཡོན་གྱི་ཉམས་འགྱུར་མངོན་པར་བྱེད་པ ”སོགས་སོ་སོའི་ཁྱད་ཆོས་ལྡན་པའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་བ་བརྒྱུད་མི་སེམས་ནུས་ལྡན་ངང་གཅིག་ཏུ་བསྡུས་པ་དང་འཐབ་སེམས་འཕེལ་བས་རྣམ་གྲངས་པུའི་ཏང་ཡོན་གྱིས་ལས་གྲྭ་ཡོད་ཚེ་དཀའ་ངལ་ཡོད་སར་སྔོན་ལ་བསྐྱོད་པ་དང་ཉེན་ཁའི་སྐབས་སུ་མདུན་དུ་ཐོན་གྱི་ཡོད།

        གཉིས་ནི་ལྷུ་ཚིགས་ཞན་སར་དམིགས་ནས་ཏང་ཡོན་གྱི་འགན་འཁྲིའི་ཁུལ་བཏོད་པ། ཨར་ལས་རྣམ་གྲངས་རྒྱུན་ཆད་མེད་པར་མང་དུ་འགྲོ་བ་དང་བསྟུན་ནས་རྣམ་གྲངས་པུའི་མི་རྣམས་ལས་བྲེལ་དེ་བས་ཆེ་རུ་ཕྱིན་ཡོད། ཁྱད་ཆོས་དེར་གཞིགས་ནས་རྣམ་གྲངས་པུས་ཏང་ཡོན་གཅིག་ལ་འགན་འཁྲིའི་ཁུལ་གཅིག་རྩིས་སྤྲོད་པའི་བྱེད་ཐབས་སྤྱད་དེ་ཏང་ཡོན་གྱི་འགན་འཁྲིའི་ཁུལ་བཏོད་པ་དང་དུས་མཚུངས་ཏང་ཀྲི་པུས་ཐང་སྟོང་དུ་ལས་ཀ་བྱེད་ས་མང་བ་དང་རྒྱ་ཆེ་བའི་དོན་དངོས་ལ་གཞིགས་ནས་ཨར་ལས་རྣམ་གྲངས་ཏང་ཡོན་ལ་འགན་གཙང་སྤྲོད་པའི་ལམ་ལུགས་ལག་བསྟར་བྱས་པ་དང་འགན་འཁྲིའི་ཁུལ་ནང་གི་ཏང་ཡོན་ལ “གཏན་འཁེལ་གསུམ་དང་འགན་གཙང་གཅིག ”ལག་བསྟར་བྱས་པ་སྟེ། ཨར་ལས་ཀྱི་ལས་ཡུན་གཏན་འཁེལ་དང་། ཨར་ལས་ཀྱི་སྤུས་ཀ་གཏན་འཁེལ། བདེ་འཇགས་ཐོན་སྐྱེད་གཏན་འཁེལ། ལས་གྲྭ་སྤུས་ལེགས་གཏོད་རྒྱུར་འགན་གཙང་སྤྲོད་པ་བཅས་བྱས་ཤིང་། ཏང་ཡོན་གཅིག་ནི་དར་ཆ་གཅིག་དང་མཚུངས་པ་དངོས་འབྲེལ་བྱེད་ཐུབ་པ་བྱུང་བ།

        གསུམ་ནི་ལས་གྲྭའི་ཁྱད་ཆོས་ལ་གཞིགས་ནས་ཏང་ཡོན་གྱི་ལས་གྲྭ་དམ་འཛིན་བྱས་ཤིང་། རྣམ་གྲངས་པུའི་ཏང་ཀྲི་པུས་སྒྲུབ་དཀའ་བའི་ལས་གྲྭ་མང་བའི་ཁྱད་ཆོས་ལ་གཞིགས་ནས་དཀའ་བྲེལ་ཉེན་ལྕིའི་ལས་གྲྭ་རྣམས “ཏང་ཡོན་གྱི་ལས་གྲྭར ”གཏན་འཁེལ་བྱས་པ་རེད། ཨར་ལས་བྱེད་རིང་ངལ་རྩོལ་འགྲན་བསྡུར་སྒྲིག་འཛུགས་བྱས་ཏེ་སྤུས་ཀ་དང་། ལས་ཡུན། བདེ་འཇགས་བཅས་འགྲན་བསྡུར་བྱས་ནས་གང་དུ་དཀའ་ཚེགས་དང་ཉེན་ཁ་ཆེ་ཤོས་ཡོད་ཚེ་དེ་གར་ཏང་ཡོན་གཏོང་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།