དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ལྗོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་ནུས་ལོ་རེ་བཞིན་ཆེ་རུ་འགྲོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་ལྗོངས་ཡོངས་ཀྱི་ལས་ཁུངས་ཏང་འཛུགས་སྐྱོང་གི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་གཞི་རྟེན་དུ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་སྔོན་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་དོན་དེ་བས་ཚད་ལྡན་ཡོང་བ་བྱས་པས་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ཤུགས། འཐབ་ནུས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

        གསར་དུ་བཟོ་བཅོས་བརྒྱབ་པའི 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་སྲོལ་ཡིག 》འགྲེམས་སྤེལ་བྱས་རྗེས་ལྗོངས་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བརྟག་ཞིབ་གཏིང་ཟབ་དང་རྒྱ་ཁྱབ་ངང་བསམ་འཆར་བསྡུ་ལེན་བྱེད་པའི་རྨང་གཞིའི་ཐོག་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས 《〈ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་སྲོལ་ཡིག 〉ལག་བསྟར་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བྱ་ཐབས 》ཀྱི་འཆར་ཟིན་བཀོད་པ་དང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་འགྲེམས་སྤེལ་བྱས་ཡོད་པ་རེད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས 《སྲོལ་ཡིག 》སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག ”གི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་གཞི་འཛུགས་རྒྱུ་འཐུས་ཚང་དུ་གཏོང་བ། ལས་ཁུངས་ཀྱི་ཏང་རྩ་འཛུགས་དུས་བཀག་ལྟར་སྐབས་བརྗེ་བྱ་རྒྱུར་ལྟ་སྐུལ་དང་མཛུབ་ཁྲིད་བྱེད་པ་བཅས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།