དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཆབ་མདོ་ས་ཁུལ་གྱིས་གཙོ་གནད་བཏོན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དམ་འཛིན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་འཚོགས་པའི་ཆབ་མདོ་ས་ཁུལ་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚོགས་འདུའི་ཐོག་ནས་ན་ནིང་ཆབ་མདོ་ས་ཁུལ་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། གཙོ་གནད་མངོན་གསལ་དོད་པ། དོན་འཁྱོལ་དམ་འཛིན་བཅས་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་གསར་འགོད་པས་ཤེས་རྟོགས་བྱུང་།

        ན་ནིང་ཆབ་མདོ་ས་ཁུལ་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་ཞུགས་སྐོར་གྱི་ཚད་གཞི་འགའ་ཞིག 》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་གྱི་བྱེད་སྒོ་སྤེལ་ཞིང་། དྲིལ་བསྒྲགས་ཀྱི་འགྲེམས་སྒྲོམ་བཟོ་བ་དང་། རང་སྐྱོན་རང་བཤེར་བྱེད་པ་སོགས་ཀྱི་ཐབས་ཤེས་སྤྱད་པ་བརྒྱུད་ས་ཁུལ་དེ་ཡོངས་སུ 《སྲིད་གཙང་ཚད་གཞི 》ལ་སློབ་སྦྱོང་བྱེད་ཚུལ་བཟང་པོ་ཞིག་ཆགས་པས་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་འདོམས་ཀྱི་འདུ་ཤེས་ཏན་ཏིག་ཆེ་རུ་སོང་ནས་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་འདོམས་ལ་སྐུལ་མ་ཐེབས་ཡོད། གོ་བསྐོན་སློབ་གསོའི་བྱེད་སྒོ་ནན་ཏན་ངང་སྤེལ་བ་དང་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གོ་བསྐོན་སློབ་གསོའི་པར་གཞི་བལྟ་རུ་བཅུག་ནས་གྱོད་དཔེའི་ཐོག་ནས་ཁྲིམས་ལུགས་ཤོད་པ་དང་ཉེན་བརྡ་རྒྱུན་སྒྲོག་བྱེད་པའི་ཕན་འབྲས་བཟང་པོ་ཐོན་ཡོད། 《ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྒེར་གྱི་འབྲེལ་ཡོད་དོན་གནད་སྙན་སེང་ཞུ་བའི་སྐོར་གྱི་གཏན་འབེབས 》དོན་འཁྱོལ་ནན་ཏན་བྱས་ནས་སྡོད་ཁང་དང་། མ་འཇོག བཟའ་ཟླ་བུ་ཕྲུག་གི་ལས་ཞུགས་སོགས་གནས་ཚུལ་སྙན་སེང་ཞུ་བའི་ནང་དོན་ནང་བཅུག་པ་དང་སྦྲགས་ཆབ་མདོ་ས་ཁུལ་གྱིས་གྱོད་གཞི་ཞིབ་རྩད་བྱས་པ་བརྒྱུད་རུལ་འགོག་གཙང་སྤེལ་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།