དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་དང་གཞི་རིམ་གྱི་ལས་བྱེད་པ་གསོ་སྐྱོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལས་བྱེད་ཆིག་ཁྲི་གྲོང་ཚོ་སྟོང་དུ་བསྐྱོད།    ལས་བྱེད་མང་ཚོགས་སེམས་པ་གཅིག་ཏུ་སྦྲེལ།

    —— གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ།

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་ཀྱི་དིང་རི་རྫོང་སྒང་དཀར་གྲོང་ཚོའི་གྲོང་མིའི་ངོས་ནས་བརྗོད་ན་ད་ལོར་ས་ཞིང་རྨོ་འདེབས་བྱེད་པར་སྔོན་ཆད་ལས་བློ་བདེ་བ་ཡོད་པ་དེ་ནི་གནད་དོན་འཕྲད་ཚེ་ཁོང་ཚོ་དང་མཉམ་དུ་བཟའ་སྡོད་བྱེད་མཁན་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ལས་བྱེད་པར་བཀའ་འདྲི་ཞུ་ཆོག་པས་རེད།

        མང་ཚོགས་ཀྱི་ཐག་གཅོད་བྱེད་དགོས་གལ་ཆེ་བའི་དཀའ་ངལ་དང་གནད་དོན་གསལ་པོ་བཟོས་པ་དང་། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ་བཅས་བྱ་ཕྱིར་བོད་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་དབུ་བཪྙེས་ཚུན་གྱི་གཞི་ཁྱོན་ཆེ་ཤོས་དང་། མི་གྲངས་མང་ཤོས། དུས་ཚོད་རིང་ཤོས། ཁྱབ་རྒྱ་ཆེ་ཤོས་བཅས་ཡིན་པའི་ལས་བྱེད་པ་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་སྤེལ་བ་རེད།

        བོད་ཀྱི “ལས་བྱེད་པ་ཆིག་ཁྲི་གྲོང་ཚོ་སྟོང་ལ་བཅའ་སྡོད་བྱེད་པའི ”བྱེད་སྒོ་དེ་གཙོ་བོ་ནི་ལྗོངས་དང་། ས་ཁུལ (གྲོང་ཁྱེར ) རྫོང་བཅས་རིམ་གསུམ་གྱི་ཏང་ཨུད་དང་སྲིད་གཞུང་གི་ཁོངས་གཏོགས་ལས་ཁུངས་དང་མི་དམངས་ཚོགས་པ་ཁག་དང་དེ་བཞིན་སློབ་ཆེན་དང་། ཆེད་ལས་སློབ་གྲྭ ཚན་རིག་ཞིབ་འཇུག་ཁང་སུའོ། ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཀྱི་ལས་བྱེད་པ་ཁྲི་གཉིས་ལྷག་ཙམ་ལས་གྲུབ་པའི་ལས་དོན་ཚོགས་ཆུང་1514ཡོད་པ་རེད།

        སྒང་དཀར་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་དེ་གར་འབྱོར་རྗེས་འཕྲལ་མར་གྲོང་མི་དང་བཞུགས་མོལ་བྱས་པ་དང་ས་གནས་ས་ཐོག་ཏུ་ཉམས་བཟོ་བྱེད་དགོས་ཆེ་བའི་ཆུ་ཡུར་དང་། གཟན་རྩྭའི་རྩྭ་ར། ཆུ་ཤུགས་གློག་ཁང་བཅས་ཀྱི་སྒྲིག་བཀོད་ལ་རྟོག་ཞིབ་བྱས་པ་དང་འབྲེལ་གྲོང་ཚོ་དེའི་ཆུ་འདྲེན་ཆ་རྐྱེན་ལེགས་སུ་གཏོང་ཕྱིར་དཔྱིད་རྨོད་ཐོན་སྐྱེད་མ་བྱས་གོང་ཆུ་རྫིང་དང་། རྣང་མའི་ཆུ་ཡུར། ལམ་འོག་གི་ཆུ་འགྲོ་བཅས་བསྐྲུན་རྒྱུ་འཕྲལ་ཐག་ཆོད་པོའི་ངང་གཏན་འཁེལ་བྱས་ཤིང་། དེ་རྗེས་ལས་དོན་ཚོགས་ཆུང་གིས་ད་དུང་དུས་ཚོད་དམ་འཛིན་ངང་རིང་ཚད་སྨི་2000ཟིན་པའི་ཆུ་མང་པོ་འཛག་པའི་ཆུ་འདྲེན་ཆུ་ཡུར་ཉམས་བཟོ་དང་། རིང་ཚད་སྨི་2600ཟིན་པའི་རྩྭ་རའི་ར་སྐོར་ཉམས་བཟོ། རིང་ཚད་སྨི་2500ཟིན་པའི་མཐོ་གནོན་གློག་སྐུད་འཐེན་པ་བཅས་བྱ་རྒྱུ་ཡིན་པ་དེ་ནི་ཞིང་ཁ་མུའུ་500ལྷག་ཙམ་ལ་ཆུ་འདྲེན་རྒྱུའི་དགོས་མཁོ་སྐོང་ཆེད་ཡིན་ལ་གྲོང་མི་ཁག་གཅིག་གི་ཁྱིམ་དུ་གློག་མེད་པའི་གནས་ཚུལ་ཐག་གཅོད་བྱེད་ཆེད་ཀྱང་རེད།

        ལས་དོན་ཚོགས་ཆུང་གི་ཆུ་བེད་ཇུས་འགོད་མི་སྣས་ད་དུང་གྲོང་ཚོ་གནས་ཡུལ་གྱི་རྭ་ཅོ་ཆུ་བོའི་ཆུ་འགོག་ཆུ་རགས་ལས་གྲྭ་དང་། ཤང་གྲོང་གི་ལམ་བུའི་ལས་གྲྭ གྲོང་ཚོའི་རྣམ་པ་བཅོས་སྒྲིག་ལས་གྲྭ་བཅས་ལ་དམིགས་ཏེ་རྩད་ཞིབ་དང་ཇུས་འགོད་བྱས་པ་རེད།

        སྒང་དཀར་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཪྙིང་པས་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་ཡོད་པ་མཐོང་སྐབས “ང་སྒང་དཀར་གྲོང་ཚོར་ཀྲི་པུའུ་ཧྲུའུ་ཅི་ལོ་23བྱས་པ་ཡིན། ལོ་23ནང་རྭ་ཅོ་ཆུ་བོར་ཆུ་ལོག་ཐོན་ཚད་ནི་ངེས་མི་ཐུབ་པར་སེམས་ནང་ངེས་པ་ནི་ཆུ་ལོག་ཐོན་རིམ་བཞིན་དུ་གྲོང་མི་ཚོས་པང་དུ་ཕྲུ་གུ་དང་ཉལ་ཆས་འཁྱེར་ནས་རི་སྟེང་དུ་བྲོས་པ་དེ་རེད། ལས་དོན་ཚོགས་ཆུང་སླེབས་ནས་ཉིན་གསུམ་མ་ཕྱིན་པར་ཐག་གཅོད་བྱེད་པའི་ཇུས་གཞི་བཟོས་པ་དང་འབྲེལ་ལག་ལེན་ཡང་བསྟར་བས་ཡུལ་མི་ཚོ་ཧ་ཅང་དགའ་པོ་བྱུང་ཡོད། ང་ཚོས་སྙིང་དབུས་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན ”ཞེས་བཤད།

        གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་དེ་བས་མང་བ་ཞིག་གིས་ད་དུང་གཞི་རིམ་ལ་བརྟག་ཞིབ་དང་གྲོང་ཚོའི་གནས་ཚུལ་ལ་བརྟག་དཔྱད་བྱེད་པའི་ཐོག་གསར་གཏོད་བྱེད་ཀྱི་ཡོད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་དེ་སྔའི་བརྟག་ཞིབ་ཚོགས་ཆུང་ནི་ལས་ཁུངས་ཀྱི་ལས་བྱེད་པ་ཁོ་ན་ལས་གྲུབ་པའི་དཔེ་དབྱིབས་དེར་འགྱུར་ལྡོག་བཏང་ནས་གྲོང་ཚོའི་གནས་ཚུལ་རྟོགས་མཁན་གྲོང་མིའི་ཙུའུ་ཀྲང་དེའི་ནང་ཞུགས་རྒྱུར་དམིགས་སུ་གདན་འདྲེན་ཞུས་ནས་བརྟག་ཞིབ་བྱེད་པའི་ནང་དོན་དེ་གོ་བདེ་ཤེས་སླའི་སྐད་ཡིག་ཏུ་འགྱུར་བ་བྱས་ནས་མང་ཚོགས་ཀྱིས་རྟོགས་ཐུབ་པ་དང་ལན་འདེབས་ཐུབ་པའི་འགན་ལེན་བྱེད་པར་བརྟེན་ནས་མང་ཚོགས་ཞུགས་རྒྱ་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་ཀྱི་ཡོད་པ་རེད།

        རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལས་དོན་ཚོགས་ཆུང་ཚང་མར་གྲོན་དངུལ་སྒོར་ཁྲི་5བཀོད་སྒྲིག་བྱས་པ་དང་རིམ་ཁག་ཏང་སྲིད་ལས་ཁུངས་ཀྱིས་ཀྱང་རང་ལས་ཁུངས་ཀྱིས་བཏང་བའི་ལས་བྱེད་པར་འོས་འཚམས་ཀྱི་རྣམ་གྲངས་མ་དངུལ་བཀོད་སྒྲིག་ཀྱང་བྱས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧའོ་ཕུང་གིས “གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི ”སྐུལ་སློང་ཚོགས་ཆེན་ཐོག་བྱེད་སྒོ་དེས་ད་དུང་གཞི་རིམ་རྩ་འཛུགས་འཐུས་ཚང་དང་གཞི་རིམ་གྱི་སྟོབས་ཤུགས་ཆེ་རུ་བཏང་བ་བརྒྱུད་གཞི་རིམ་ལ་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ཡག་པོ་ཞིག་འཛུགས་སྐྱོང་བྱེད་རོགས་བྱས་ནས “གློག་བཞུ་གཅིག་གིས་ཚང་མར་འོད་སྣང་སྦྱིན་པའི ”ནུས་པ་ཐོན་ཐུབ་པ་བྱས་ནས་གཞི་རིམ་ལ་བརྟན་པོར་གནས་ཐུབ་པའི་ལས་དོན་རུ་ཁག་གཅིག་གསོ་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།