དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • མཐུན་སྦྱོར་ལྡན་པའི་རོལ་དབྱངས་མཉམ་དུ་དཀྲོལ། ལག་གདང་སྦྲེལ་ནས་འཕེལ་རྒྱས་དོན་གཉེར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་ཆར་འབྲས་དང་། གྲོ་ཞིབ། བཟའ་སྣུམ། ཇ་སོགས་འཚམས་འདྲིའི་དངོས་རྫས་བྱུར་བུར་གཏམས་པའི་འཁོར་རིགས་ལྗོངས་སྲིད་གཞུང་གི་སྒོ་ར་ནས་དལ་བུར་ཐོན་པ་དང་སྦྲགས་གྲོང་ཚོར་བཅའ་སྡོད་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་ལས་དོན་ཚོགས་ཆུང་གི་ཁོངས་མི་ཚོས་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ར་མ་སྒང་གྲོང་ཚོའི་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་32ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་ཏང་ཙུའུ་དང་དེ་བཞིན་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱི་སེམས་རྩ་འཁོལ་བའི་མངག་བཅོལ་སྙིང་དབུས་སུ་བཅངས་ནས་རྡོག་ཐོན་བྱས་པ་རེད།

        གྲོང་ཚོར་བཅའ་སྡོད་འབྲེལ་གཏུག་ས་ཚིགས་ཀྱི་གནས་ཚུལ་གསལ་རྟོགས་བྱས་ནས་ལས་དོན་གནད་ལ་འཁེལ་བ་ཞིག་བྱ་ཆེད་གྲོང་ཚོར་བཅའ་སྡོད་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་ལས་དོན་ཚོགས་ཆུང་གིས་འབྲེལ་གཏུག་ས་ཚིགས་ཡིན་པའི་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ར་མ་སྒང་གྲོང་ཚོར་སྔ་སྣུར་དུ་བསྐྱོད་ནས་མང་ཚོགས་ཀྱི་ཁྱིམ་དུ་ཡོང་སྟེ་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དང་ལས་གཏོད་ལས་ཞུགས་གནས་ཚུལ་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་དཀའ་ངལ་དང་གནད་དོན་ཤེས་རྟོགས་ཞིབ་ཕྲ་བྱས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་དང་བསམ་འཆར་བརྗེ་རེས་བྱས་ཐོག་གཙོ་གནད་རོགས་སྐྱོར་བྱེད་ཡུལ་དུད་ཚང་32གཏན་འཁེལ་བྱས་པ་དང་དོན་དངོས་དང་མཐུན་པ་དང་ཞིབ་ཕྲའི་ལས་ཀའི་ཇུས་གཞི་བཟོས་པ་རེད། གྲོང་ཚོར་བཅའ་སྡོད་ལྗོངས་སྲིད་གཞུང་གཞུང་དོན་ཐིང་ གི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་སྐོར་གཟིགས་པ་གཞོན་པ་ཚེ་བརྟན་རྣམ་རྒྱལ་གྱིས “གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་ད་རེས་གཞི་རིམ་དུ་སྦྱོང་བརྡར་བྱེད་པའི་ཐོབ་པར་དཀའ་བའི་གོ་སྐབས་དེར་གཅེས་སྤྲས་བྱེད་པ་དང་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་ཁེངས་སྐྱུང་ངང་སློབ་སྦྱོང་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་ཧུར་ཐག་ངང་གཏོང་རྒྱུ་ཡིན། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་ས་གནས་དེ་གར་གཞོགས་འདེགས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་། དཔྱིད་དུས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད། ‘ལོ་ལྔ་ཚན་བཅུ་གཉིས་པའི ’འཆར་འགོད་ལག་བསྟར་བྱེད་འགོ་འཛུགས་པ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཐོག་རྩ་འཛུགས་ཀྱིས་དཀྲིས་པའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཡག་པོ་བྱ་རྒྱུ་ཡིན ”ཞེས་གསུངས་པ་རེད།

        ཉེ་ཆར་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་བྱེད་པ་བུ་ཆུང (གཡས )ལྷུན་གྲུབ་རྫོང་ལྕང་ར་ཤང་གྲོང་ཚོའི་གྲོང་མི་དབང་པོ་སྐྱོན་ཅན་ཉི་མའི་ཁྱིམ་དུ་གནས་ཚུལ་ཤེས་རྟོགས་བྱེད་པར་སྐྱོད་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་ལས་བྱེད་པ་ཆིག་ཁྲིས་གྲོང་ཚོར་བཅའ་སྡོད་ཀྱིས་ལས་དོན་སྤེལ་ཏེ་གྲོང་ཚོ་ཁག་ལ་འཕེལ་རྒྱས་དང་། བརྟན་ལྷིང་། དམངས་འཚོ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་དང་དཀའ་གནད་ཐག་གཅོད་བྱེད་རོགས་བྱ་རྒྱུ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།