དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གིས་འབྲེལ་གཏུགས་ས་ཚིགས་སུ་བཅའ་སྡོད་བྱས་ཏེ་ལས་དོན་སྤེལ་འགོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཐིང་གི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའིལས་དོན་ཚོགས་ཆུང་གིས་འབྲེལ་གཏུགས་ས་ཚིགས་ཡིན་པའི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་ཟམ་པ་གསར་གྲོང་ལྷན་དུ་བཅའ་སྡོད་བྱས་ནས་དུས་ཡུན་ལོ་ཕྱེད་ཀྱི་ལས་དོན་སྤེལ་འགོ་བཙུགས་པ་དང་འཚོ་བ་སྐྱེལ་འགོ་བཙུགས་ཡོད་པ་རེད།

        གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་ལས་དོན་ཚོགས་ཆུང་དང་བཅས་པ་བཅའ་སྡོད་བྱ་ཡུལ་དུ་སླེབས་རྗེས་འདམ་གཞུང་རྫོང་དང་། རྫོང་སྲིད་གཞུང་། ཟམ་པ་གསར་གྲོང་ལྷན་བཅས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་དང་སྦྲགས་ཆེད་མངགས་དགའ་བསུའི་མཛད་སྒོ་ཡང་འཚོགས་ཡོད་པ་རེད།

        ལས་དོན་ཚོགས་ཆུང་གི་ཁོངས་མིས་ཟམ་པ་གསར་གྲོང་ལྷན་དུ་མང་ཚོགས་ཁྲོད་སྐྱོད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་དང་འབྲེལ་བ་བྱེད་པ། མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ། མང་ཚོགས་སྒྲིག་འཛུགས་བྱེད་པ་བཅས་ཀྱི་ཐབས་ལམ་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཟམ་པ་གསར་གྲོང་ལྷན་ལ་ཁ་གསལ་ལ་ལག་བསྟར་ཐུབ་པའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཤིག་བཟོ་བ་དང་སྦྲགས་ནུས་པས་གང་ལྕོགས་ཀྱིས་ཟམ་པ་གསར་གྲོང་ལྷན་དང་ཞིང་འབྲོག་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་བྱ་བ་དངོས་དང་བྱ་བ་བཟང་པོ་སྒྲུབ་ངེས་ཡིན་ཞེས་བཤད་པ་དང་ལས་དོན་ཚོགས་ཆུང་གིས་ད་དུང་གྲོང་ལྷན་ལ་འཚམས་འདྲིའི་དངོས་པོ་དང་འཚམས་འདྲིའི་དངུལ་སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།