དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གོང་དཀར་རྫོང་གི་ཏང་ཡོན་ལས་བྱེད་པས་གཞི་རིམ་གྱི་མང་ཚོཌ་ལ་ཞབས་འདེཌ་ཡག་པོ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གོང་དཀར་ནས་གློག་འཕྲིན་འབྱོར་གསལ། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་རིང་གོང་དཀར་རྫོང་གི་ཏང་ཡོན་ལས་བྱེད་པས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ “མི་སྣ་དྲུག ”གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ་དང “གཅིག་སེམས་གཅིག་སྦྲེལ ”གྱི་ཟམ་པ་བཙུགས་པ་དང “ཤར་བགྲོད་ལམ་བུ ”བཏོད་དེ་གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རིང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་ཧུར་ཐག་བཏོན་པ་རེད།

        ཞིང་ལས་ལག་རྩལ་གྱི་མཛུབ་ཁྲིད་པ་ཡག་པོ་བྱས་ཤིང་། རྫོང་དེའི་འཕྲེང་འགོ་ཤང་གི་ཞོག་དམར་དེ་སྐད་གྲགས་ཡོད་པ་དང་2009ལོའི་ཧུའུ་ནན་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་འགྲེམས་ཚོགས་ཐོག་གསེར་གྱི་བྱ་དགའ་ཐོབ་མྱོང་ཡོད་པར་བརྟེན་མི་མངོན་པའི་གསར་སྤེལ་ནུས་པ་ཤུགས་ཆེན་ལྡན་ཡོད། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་རིང་རྫོང་ཡོངས་ཀྱི་རིམ་ཁག་གི་ཞིང་ལས་ལག་རྩལ་མི་སྣས་ཤང་8(གྲོང་རྡལ )དང་གྲོང་ཚོ་41(གྲོང་ལྷན )ལ་སྤྱོད་མཁོ་ཆོད་པའི་ལག་རྩལ་གསོ་སྦྱོང་ཐེངས་12བྱས་ནས་ཞིང་འབྲོག་མང་ཚོགས་མི་ཐེངས་1917གསོ་སྦྱོང་ནང་ཞུགས་པ་རེད།

        ཞིང་ཕན་སྲིད་ཇུས་ཀྱི་འགྲེལ་བཤད་པ་ཡག་པོ་བྱས་ཤིང་། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་རིང་རྫོང་དེའི་རིམ་ཁག་ཏང་ཡོན་ལས་བྱེད་པས “གྲོང་གསེབ་ཀྱི་ཁྱིམ་དུད་ཚང་མར་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི ”བྱེད་སྒོ་རྒྱ་ཆེར་སྤེལ་ཏེ་ཞིང་འབྲོག་པའི་བསམ་བློ་གཏོང་ས་དང་རེ་བ་བྱེད་ས་རང་འགུལ་ངང་ཤེས་རྟོགས་བྱེད་པ་དང་གཅིག་སྡུད་ངང་སྒྲོག་འགྲེལ་བྱེད་པ་དང་། དྲིལ་བསྒྲགས་ཤོག་བྱང་སྤྲོད་པ། དྲིལ་བསྒྲགས་བྱང་བུ་བཟོ་བ་སོགས་ཀྱི་བྱ་ཐབས་སྣ་མང་སྤྱད་དེ་ཏང་གི་དམངས་ཕྱུག་དང་དམངས་ཕན་སྲིད་ཇུས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ་བྱས་པ་དང་དམངས་དོན་དུ་བྱ་བ་སྒྲུབ་རྒྱུའི་དོན་དངོས་ཐོག་དོན་འཁྱོལ་ཡོང་བ་བྱས་ཡོད། རྫོང་ཨུད་རྩ་འཛུགས་པུས་སོན་བཟང་གསབ་སྣོན་དང་། འབྲུ་རིགས་ཐད་གསབ། ཞིང་སྤྱོད་དངོས་ཟོག་ཀྱི་ཕྱོགས་བསྡུས་ཁ་གསབ། གྲོང་གསེབ་ཀྱི་སྤྱི་ཚོགས་འགན་ལེན་སོགས་ཞིང་སྐྱོར་ཞིང་ཕན་སྲིད་ཇུས་དེ་དག་ཏང་ཡོན་གྱི་ལག་དེབ་བཟོས་ནས་ཏང་ཡོན་ལ་སྤྲད་ཡོད་ཅིང་། བྱེད་སྒོ་སྤེལ་རིང་རྫོང་དེ་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པས་འབྲེལ་བ་བྱ་ཡུལ་དུ་སྒྲོག་འགྲེལ་ཐེངས་125བྱས་པར་མང་ཚོགས་མི་ཐེངས་30400ལ་སློབ་གསོ་ཐེབས་པ་རེད།

        ཕྱུག་འགྱུར་གྱི་ཆ་འཕྲིན་བརྒྱུད་བསྒྲགས་པ་ཡག་པོ་བྱས་ཤིང་། རྫོང་དེ་གའི་རིམ་ཁག་ཏང་ཡོན་ལས་བྱེད་པས་ཞིང་ཁ་དང་ལས་སྣོན་བྱ་ཡུལ་དུ་ཞིང་འབྲོག་པར་ཕྱུག་འགྱུར་གྱི་ཆ་འཕྲིན་བརྒྱུད་བསྒྲགས་བྱས་ཏེ་ཞིང་འབྲོག་པར་འབབ་འཕར་གྱི་ཐབས་ལམ་འཚོལ་རོགས་བྱས་པས་ཁོང་ཚོས་ལས་དོན་སྒྲུབ་པ་དང་བྱ་གཞག་གསར་འབྱེད་བྱེད་པའི་སེམས་ཤུགས་ཆེ་རུ་ཕྱིན་པ་རེད།

        མང་ཚོགས་ཀྱི་བྱ་བ་ཚབ་སྒྲུབ་བྱེད་མཁན་ཡག་པོ་བྱས་ཤིང་། ཕྱིར་སྐྱོད་རྒྱུ་སྟབས་བདེ་མེད་པ་དང་། ཐོན་སྐྱེད་ཀྱི་ལས་ཀ་མང་བ། བྱ་སྒྲུབ་ཀྱི་གོ་རིམ་མི་རྟོགས་པ་སོགས་ཀྱི་ཞིང་འབྲོག་པའི་གནད་དོན་ལ་དམིགས་ཏེ་རིམ་ཁག་ཏང་ཡོན་ལས་བྱེད་པས་ནུས་ཕྱོད་ཆེར་བསྐྱེད་ལོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་བ་དང་ཁ་གཏད་རོགས་སྐྱོར་དང་། གཞི་རིམ་དུ་དངོས་སྡོད་ཞིབ་འཇུག ཕ་ཡུལ་དུ་ལོག་ནས་གཉེན་ཉེར་ལྟ་བ་སོགས་ཀྱི་གོ་སྐབས་སྤྱད་དེ་རང་ནུས་གང་ཡོད་ཀྱིས་ཞིང་འབྲོག་པར་ཟོག་གོང་ཐོ་འགོད་དང་། མ་མཐའི་འགན་ལེན་གྱི་ཐོ་འགོད། ཐེམ་ཐོའི་ངོ་སྤྲོད་སོགས་ལས་ཀ་སྒྲུབ་རོགས་བྱས་ནས་མང་ཚོགས་ཀྱི་སྒྲུབ་པ་དེ་ལས་བྱེད་པས་སྒྲུབ་པར་གྱུར་བ་དང་། ཐེངས་མང་སྒྲུབ་པ་དེ་ཐེངས་གཅིག་ལ་སྒྲུབ་པར་གྱུར་བ། རང་འདོད་སྒྲུབ་པ་དེ་ཚད་ལྡན་ངང་སྒྲུབ་པར་གྱུར་བ་བཅས་བྱུང་ཐོག་མང་ཚོགས་བྱ་བ་སྒྲུབ་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ནས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་ཀྱི་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་རེད།

        འགལ་བ་དང་རྩོད་གླེང་གི་བར་འདུམ་པ་ཡག་པོ་བྱས་ཤིང་། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་རིང་ཞིང་ཆེན་དེ་ཡོངས་ཀྱིས་རིམ་རྩིས་བྱས་ན། ཐོན་ཁུངས་ཀྱི་རྩོད་གླེང་དང་། ངལ་རྩོལ་གླ་ཕོགས་ཀྱི་རྩོད་གླེང་། ཁྱིམ་ཚང་གི་རྩོད་གླེང་། གྲོང་པ་ཁྱིམ་མཚེས་ཀྱི་རྩོད་གླེང་སོགས་ཀྱི་འགལ་བ་96བར་འདུམ་བྱས་ནས་བར་འདུམ་བྱེད་ཚད་90%ཡན་ཟིན་པ་རེད།

        བརྟན་ལྷིང་སྲུང་སྐྱོང་གི་གསང་འཕྲིན་གྱི་ཆ་འཕྲིན་པ་ཡག་པོ་བྱས་ཤིང་། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྤེལ་རིང་རྫོང་དེས་རྫོང་རིམ་པའི་ལས་བྱེད་པའི་བརྟན་ལྷིང་སྲུང་སྐྱོང་གི་འབྲེལ་བ་བྱ་ཡུལ་18དང་ཁོའོ་རིམ་པའི་ལས་བྱེད་པའི་བརྟན་ལྷིང་སྲུང་སྐྱོང་གི་འབྲེལ་བ་བྱ་ཡུལ་74བཙུཌ་པ་དང་བདེ་སྲུང་མཉམ་འགོག་བྱེད་སྒོའི་ནང་ཁྱོན་ཏང་ཡོན་ལས་བྱེད་པ་1900ལྷག་ཙམ་ཞུགས་ནས་རིན་ཐང་ལྡན་པའི་གསང་འཕྲིན་40ལྷག་ཙམ་མཁོ་འདོན་བྱས་པས་རྫོང་དེ་ཡོངས་ཀྱི་སྤྱི་ཚོགས་དུས་བབ་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།