དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སྣེ་གདོང་རྫོང་གིས་ཤེས་ལྡན་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ལོ་ཤས་རིང་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དོན་ཆེན་ལ་དམ་པོར་དམིགས་ཏེ་ཤེས་ལྡན་པར་བརྟེན་ནས་རྫོང་དར་རྒྱས་གོང་འཕེལ་ཡོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་དང་གྲུབ་ཆ་བཟང་སྒྲིག་བྱེད་པ་དང་བྱང་ཚད་མཐོ་རུ་བཏང་ཁར་ཤེས་ལྡན་པའི་ཐོན་ཁུངས་གསར་སྤེལ་ལས་དོན་ལ་དམ་འཛིན་ཤུགས་ཆེན་བྱས་སྟབས་རྫོང་དེ་ཡོངས་ཀྱི་ཤེས་ལྡན་པའི་སྤྱི་འབོར་དང་། ཤེས་ལྡན་པ་གནས་སྟངས། ཤེས་ལྡན་པའི་གྲུབ་ཆ་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་ཤེས་ལྡན་པའི་འགན་ལེན་ནུས་ལྡན་ཐོབ་ཡོད་པ་རེད།

        ད་ཡོད་ཤེས་ལྡན་པ་གནས་ཐུབ་པ་བྱས་ཤིང་། ཤེས་ལྡན་པའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དང་ཤེས་ལྡན་པ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཆེད་སྣེ་གདོང་རྫོང་གིས 《སྣེ་གདོང་རྫོང་གི་ལོ་ལྔ་ཚན་བཅུ་གཉིས་པའི་རིང་གི་ཤེས་ལྡན་པའི་ལས་དོན་འཆར་འགོད 》དང 《ཤེས་ལྡན་པ་སྔར་ལས་ལྷག་པ་གནས་ཐུབ་པ་བྱ་རྒྱུའི་སྐོར་གྱི་སྣེ་གདོང་རྫོང་ཨུད་རྩ་འཛུགས་པུའི་བསམ་འཆར 》བཟོས་ཏེ་ཤེས་ལྡན་པ་གསོ་སྐྱོང་དང་། བེད་སྤྱོད། དོ་དམ་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཡོད་པ་རེད།

        ཤེས་ལྡན་པ་ནང་འདྲེན་བྱ་རྒྱུར་མཐོང་ཆེན་བྱས་ཤིང་། ཉེ་བའི་ལོ་ཤས་རིང་རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཆེད་སྣེ་གདོང་རྫོང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲལ་དུ་མཁོ་བའི་བྱང་ཚད་མཐོ་བའི་ཤེས་ལྡན་པ་ནང་འདྲེན་ཧུར་ཐག་བྱས་ཤིང་། 2008ལོ་ནས་བཟུང་རྫོང་དེ་ཡོངས་ཀྱིས་ཁྱོན་བསྡོམས་ལྗོངས་ཕྱིའི་ཤེས་ལྡན་པ་6ནང་འདྲེན་བྱས་པ་དང་། ད་ལོ་སླར་ཡང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་བརྒྱུད་ཆིན་ཧྭ་སློབ་ཆེན་གྱི་སློབ་མ་གཉིས་ནང་འདྲེན་བྱས་ཏེ་ཁོང་ཚོ་ཤང་གྲོང་དུ་ལས་ཀ་བྱེད་པར་བཀོད་སྒྲིག་བྱས་ཡོད།

        ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་དོ་སྣང་བྱས་ཤིང་། སྣེ་གདོང་རྫོང་གིས་ཐོག་མཐའ་བར་གསུམ་དུ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་འཚམས་པའི་ཤེས་ལྡན་པའི་དཔུང་ཁག་འཛུགས་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་ལ་བརྩིས་ནས་དམ་འཛིན་བྱས་པ་དང་ཤེས་ལྡན་པ་གསོ་སྐྱོང་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་རྒྱལ་ཁབ་ཀྱི་གཞུང་ལས་པ་དང་བྱ་གཞག་ཚན་པའི་ཆེད་ལས་ལག་རྩལ་པ་བསྡོམས་300ལྷག་ཙམ་གྱིས་སྔ་རྗེས་སུ་ནང་དོན་མི་འདྲ་བའི་གསོ་སྐྱོང་དང་ལེན་བྱས་པ་དང་། 2008ལོ་ནས་བཟུང་ཏང་སྲིད་ལས་ཁུངས་ཀྱི་ཤེས་ལྡན་པ་དང་ཆེད་ལས་ལག་རྩལ་པ་28རྣམ་པ་མི་འདྲ་བའི་སློབ་རྒྱུས་སློབ་གསོ་དང་ལེན་བྱ་རྒྱུར་འདེམས་གཏོང་བྱས་ཡོད་པ་རེད།

        ཤེས་ལྡན་པ་ལུགས་མཐུན་ངང་བེད་སྤྱད་ཅིང་། ཉེ་བའི་ལོ་ཤས་རིང་སྣེ་གདོང་རྫོང་གིས་རིགས་ཁག་གི་ཤེས་ལྡན་པའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་རིགས་ཁག་གི་ཤེས་ལྡན་པའི་འདུ་ཤེས་བསྒྱུར་རྒྱུ་དེ་སྒྲུབ་ཕྱོགས་གཙོ་བོར་བྱས་ནས་ཤེས་ལྡན་པ་བེད་སྤྱོད་དོ་དམ་གྱི་ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ་རྫོང་དེ་ཡོངས་སུ་ཤེས་བྱར་བརྩི་མཐོང་དང་ཤེས་ལྡན་པར་བརྩི་འཇོག་བྱེད་པའི་མི་སྤྱོད་ཁོར་ཡུག་ཅིག་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།