སེམས་ཁྲལ་ཆེན་པོས་དོ་བདག་འཚོལ་བ།
2007ལོའི་ཟླ་12ཚེས་28ཉིན་སྒྲོལ་དཀར་ལ་རྒྱལ་ལམ་219བརྒྱུད་སྐབས་འབོག་སྒྲིལ་གཅིག་ཪྙེད། སྐབས་དེ་དུས་ཁོང་གིས་བདག་པོ་བཙལ་ཡང་མ་ཪྙེད་སྟབས་ཁྱིམ་དུ་ལོག ཁྱིམ་དུ་འབྱོར་རྗེས་ཁོང་གིས་འབོག་སྒྲིལ་ནང་ལྟ་སྐབས་དེའི་ནང་པགས་ཚགས་གཅིག་དང་། ཕྱུ་པ་གཅིག དངུལ་སྨར་སྒོར་15000བཅས་ཡོད་པ་མཐོང་སྐབས་སེམས་ཁྲལ་ཆེན་པོ་བྱུང་བ་རེད། ཁོང་གིས་ཕ་མ་དང་མཉམ་དུ་གྲོང་ཚོའི་ཏང་ཀྲི་པུའུ་ལ་རང་ཉིད་ལ་ཅ་དངོས་ཪྙེད་པའི་གནས་ཚུལ་ཞུས་པ་དང་གྲོང་ཚོའི་ཏང་ཀྲི་པུས་འཕྲལ་མར་གནས་ཚུལ་དེ་ཤང་ཏང་ཨུད་ལ་ཞུས་པ་རེད། ཤང་ཏང་ཨུད་དང་སྣེ་བཞི་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་གྲོས་བསྡུར་བྱས་མཐར་ཅ་དངོས་གནས་སྐབས་སྒྲོལ་དཀར་གྱིས་ཉར་རྒྱུ་དང་རྫོང་བཪྙན་འཕྲིན་ལས་ཁུངས་བརྒྱུད་གསལ་བརྡ་བཏང་སྟེ་དོ་བདག་འཚོལ་རྒྱུའི་ཐག་བཅད། ཕྱོགས་མང་གི་འབད་བརྩོན་བརྒྱུད་2008ལོའི་ཟླ་1ཚེས་1ཉིན་དོ་བདག་གཞི་ནས་ཪྙེད་པ་དང་ངམ་རིང་རྫོང་ཉི་སྒོ་ཤང་བསངས་གྲོང་ཚོ་ནས་ཡིན་པའི་ཁ་ལོ་བ་འཕྲིན་ལས་ལ་ཡུན་རིང་བོར་བརླག་སོང་བའི་དངོས་པོ་ཚུར་རག་རྗེས་སེམས་འགུལ་ཚད་མེད་ཐེབས་བཞིན “བུ་མོ་ཐུགས་རྗེ་ཆེ། ཐུགས་རྗེ་ཆེ ”ཞེས་ཡང་ནས་ཡང་དུ་བརྗོད།
དངུལ་ཪྙེད་ཀྱང་སྦ་གསང་མི་བྱེད་པའི་བུ་མོ་སྒྲོལ་དཀར་གྱི་སྤྱོད་བཟང་དེ་མ་ཉིད་དུ་གྲོང་ཚོ་ཡོངས་སུ་ཁྱབ་པས་མང་ཚོཌ་ཚོའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། དོན་དེའི་སྐོར་འདྲི་སྐབས་བུ་མོ་སྒྲོལ་དཀར་གྱིས “ཐོག་མར་དངུལ་མང་པོ་དེ་འདྲ་ཪྙེད་སྐབས་སེམས་ལ་སྤྲོ་བ་སྐྱེ་རྒྱུ་ཕར་བཞག་དངུལ་བརླག་མཁན་དེར་སེམས་ཁྲལ་ཆེན་པོ་བྱུང་། དྲང་པོ་བཤད་ན་ང་ཚོའི་ཁྱིམ་གྱི་འཚོ་བ་ཡང་དེ་ཙམ་ཕྱུག་པོ་མེད། གལ་སྲིད་དངུལ་ཉར་ན་ང་ཚོའི་འཚོ་བར་ཕན་པ་ཐོན་རྒྱུ་ལོས་ཡིན། འོན་ཀྱང་ལས་རྒྱུ་འབྲས་མི་བརྩི་བའི་བྱ་བ་དེ་འདྲ་བྱས་ན་གང་ནས་འགྲིག་བསམ་ནས་ནུས་ཤུཌ་གང་ཡོད་ཀྱིས་དོ་བདག་བཙལ་བ་ཡིན ”ཞེས་བརྗོད་བྱུང་།
ཕ་མའི་སྤྱོད་བཟང་གིས་བུ་མོ་སྒྲོལ་དཀར་ལ་ཤུགས་རྐྱེན་ཐེབས་པ།
གླེང་མོལ་བྱེད་སྐབས་ཕ་མའི་སྤྱོད་བཟང་གིས་བུ་མོ་སྒྲོལ་དཀར་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཤིང་། ཁོང་གི་ཕ་མ་གཉིས་ནི་སེམས་པ་བཟང་ལ་ལས་ལ་བརྩོན་པའི་ཞིང་པ་ཞིག་ཡིན་ལ་རྒྱུན་དུ་གཞན་ལ་རོགས་རམ་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད། མ་ཟད་དུས་རྒྱུན་བུ་མོར་མི་བཟང་པོ་ཞིག་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད་ལ་འཚོ་བ་ངོ་མའི་ནང་རང་ཉིད་ཀྱིས་ཀྱང་དེ་ལྟར་བྱ་བ་སྒྲུབ་རྐྱང་བྱེད་ཀྱི་ཡོད།
དངུལ་ཪྙེད་རྗེས་ཕ་མ་གཉིས་ཀྱིས་ཀྱང་བུ་མོ་དང་མཉམ་དུ་དོ་བདག་འཚོལ་རོགས་བྱེད་པའི་སྤྱོད་བཟང་དེས་བུ་མོ་སྒྲོལ་དཀར་གྱི་སྤྱོད་བཟང་ལ་དེ་བས་སྐུལ་མ་ཐེབས།
དངུལ་ལས་ལྷག་པའི་སྤྱོད་བཟང་།
“བུ་མོ་སྒྲོལ་དཀར་ནི་ཕྲུ་གུ་བཟང་པོ་ཞིག་ཡིན་པས་དེ་ལས་མང་བའི་དངུལ་ཪྙེད་ན་ཡང་གོང་ལ་འབུལ་སྲིད ”ཅེས་གྲའུ་ཤང་ཏང་ཨུད་ཀྱིས་ཁོང་གི་སྤྱོད་བཟང་ལ་ཚད་མཐོའི་གདེང་འཇོག་བྱས་པ་རེད། གྲའུ་ཤང་ཏང་ཨུད་ཀྱིས་ཤང་དེ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་བུ་མོ་སྒྲོལ་དཀར་གྱི་སྤྱོད་བཟང་དེར་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས་པ་མ་ཟད། རྒྱ་ཆེའི་ལས་བཟོ་ཚོས་རང་ཉིད་ནས་འགོ་བཙུགས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི “གཟི་ཁྲེལ་ལྟ་བ ”དར་སྤེལ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
ཁྲོམ་རའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་འདིར་མི་མི་ཉུང་བ་ཞིག་གིས་དངུལ་ནི་ཐམས་ཅད་ལས་ལྷག་པ་ཞིག་ཏུ་བརྩི་བཞིན་ཡོད། འོན་ཀྱང་བུ་མོ་སྒྲོལ་དཀར་གྱི་ལུས་ཐོག་ནས་ང་ཚོར་དངུལ་ལས་ལྷག་པའི་དངོས་པོ་ཞིག་ཡོད་པ་དེ་ནི་ལྷག་བསམ་དང་། ཁ་དན་ཚིག་གནས། བྱམས་སེམས་བཅས་ཀྱི་སྤྱོད་བཟང་དེ་ཡིན་པ་མཐོང་ཐུབ།