དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)ཁག་གིས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་དུས་འགོའི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས་ལྗོངས་ཡོངས་ཀྱི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་འགོ་བཙུགས་ཚུན་རང་ལྗོངས་ཀྱི་ས་ཁུལ (གྲོང་ཁྱེར )ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ནས “ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུ་དང་། མངོན་གསལ་དོད་པའི་གནད་དོན་དམིགས་བཀར་དུ་ཐག་གཅོད་བྱ་རྒྱུ། ཏང་དང་མང་ཚོགས་དང་ལས་བྱེད་པའི་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས ”ཀྱི་ལས་འགན་གཙོ་བོར་དམིགས་པ་དང་ས་ཁུལ (གྲོང་ཁྱེར )ཁག་གི་དོན་དངོས་དང་ཟུང་འབྲེལ་གྱིས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་དུས་འགོའི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་བཞིན་པ་ཤེས་རྟོགས་བྱུང་། རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་ལྟར་རང་ལྗོངས་ཀྱི་ས་ཁུལ (གྲོང་ཁྱེར )ཁག་གིས་ཚད་མཐོའི་མཐོང་ཆེན་དང་། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་འགོ་ཁྲིད་སྒྲིག་གཞི་དང་ལས་དོན་སྒྲིག་གཞི་བཙུགས་ཏེ་ས་ཁུལ (གྲོང་ཁྱེར )གྱི་འགོ་ཁྲིད་གཙོ་བོས་སྒྲིག་གཞི་དེའི་འགོ་ཁྲིད་ཀྱི་འགན་འཁུར་བ་དང་ས་ཁུལ་སྒྲིག་ཨུད་དང་རྩ་འཛུགས་པུའི་འབྲེལ་ཡོད་མི་སྣས་ལས་དོན་པ་བྱས་ཏེ་ས་ཁུལ་དེ་གའི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུར་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་པ་མ་ཟད། ས་ཁུལ་དེ་གའི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་ལག་བསྟར་ཇུས་གཞི་དུས་ཐོག་ཏུ་བཟོས་ཏེ་བྱེད་སྒོའི་ཞིབ་ཕྲའི་བླང་བྱ་ཁ་གསལ་བཏོན་པས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་བདེ་བླག་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བྱུང་ཡོད།

        ལྷ་ས་གྲོང་ཁྱེར་གྱིས་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་དུས་ཐོག་ཏུ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ནས “ཟུང་འབྲེལ་གསུམ ”ཡོང་ཐབས་བྱས་པ་སྟེ། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་དང་ལྷ་ས་གྲོང་ཁྱེར་དུ་སྤེལ་བཞིན་པའི “གཞི་རིམ་ཏང་འཛུགས་སྐྱོང་ལོའི ”བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་དང་། ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཁག་དང་ཟུང་འབྲེལ་དམ་ཟབ། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཏང་ཨུད་ཀྱི་སྐབས་བརྗེའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ནས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་གཏན་དུ་འཁེལ་བའི་ལས་དོན་ཁག་ནན་ཏན་ངང་ལེགས་པར་བསྒྲུབས་པའི་རྨང་གཞིའི་ཐོག་སྔོན་གཏོད་ལེགས་བརྩོན་དང “གཞི་རིམ་ཏང་འཛུགས་སྐྱོང་ལོའི ”བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་ལྷ་སའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བའི་མང་ཚོགས་ཀྱི་རྨང་གཞི་དང་རྩ་འཛུགས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད། ད་ལྟའི་བར་ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཏུ་བཅའ་སྡོད་བྱེད་མཁན་རང་སྐྱོང་ལྗོངས་ཀྱི་འབྲེལ་གཏུག་ས་ཚིགས་10དུས་ཐོག་ཏུ་རང་སྐྱོང་ལྗོངས་ལ་གོང་ཞུ་བྱས་པ་དང་། གྲོང་ཁྱེར་ཐད་གཏོགས་ཚན་པས་གྲོང་གསེབ་ཏུ་བཅའ་སྡོད་ལས་དོན་ཚོགས་ཆུང་40བཙུགས་པར་གྲོང་ཁྱེར་ཐད་གཏོགས་ཚན་པ་55དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་80དང་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་80ཡོད་པ་དང་། རྫོང (ཆུས )བརྒྱད་ཀྱིས་གྲོང་གསེབ་ཏུ་བཅའ་སྡོད་ལས་དོན་ཚོགས་ཆུང་80ནང་ལས་བྱེད་པ་320ཞུགས་ཡོད་པ་རེད།

        ལྷོ་ཁ་ས་ཁུལ་གྱིས་རང་སོའི་ཁྱད་ཆོས་ལ་གཞིགས་པ་དང་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གྲོང་གསེབ་ཏུ་བཅའ་སྡོད་ལས་དོན་ཚོགས་ཆུང་ལ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུར་འགོ་ཡག་པོ་ཞིག་བཙུགས་དགོས་པའི་ཞིབ་ཕྲའི་བླང་བྱ་ཁ་གསལ་བཏོན་པ་རེད།

        2011ལོ་ནི་ལྗོངས་ཡོངས་ཀྱི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོ་ཞིག་ཡིན་ལ་ནག་ཆུ་ས་ཁུལ་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བརྗོད་བྱ་གཙོ་བོར་བྱེད་པའི་སློབ་གསོའི་བྱེད་སྒོ་སྤེལ་བར་ཕྱིར་མིག་ལྟ་བའི་ལོ་ཞིག་ཀྱང་ཡིན་སྟབས་ནག་ཆུ་ས་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྔོན་ཚུད་ནས་ཐབས་ཇུས་འདིང་བ། ལས་དོན་གྱི་གཙོ་གནད་མངོན་གསལ་དུ་འདོན་པ་བཅས་ཀྱིས་ལས་དོན་ལེགས་པར་བསྒྲུབས་ནས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་ཕན་ནུས་ཐོན་པའི་ངང་སྤེལ་རྒྱུར་སྐུལ་མ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།