བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་21ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱིས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་ལྗོངས (ཀྲུང་དབྱང )ཐད་གཏོགས་ཚན་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་གསོ་སྦྱོང་ཚོགས་འདུ་འཚོགས་ནས་ལྗོངས ( ཀྲུང་དབྱང )ཐད་གཏོགས་ཚན་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ཁོངས་མི་ཡོངས་ལ་དུས་སྐབས་གསར་པའི་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་ལས་དོན་དང་། གཞི་རིམ་ཏང་ཀྲི་པུའི་སྐབས་བརྗེའི་འདེམས་བསྐོ། གཞི་རིམ་གྱི་ཏང་འཛུགས་སྐྱོང་སོགས་ཀྱི་ཐད་ཆེད་དོན་ཟུར་ཁྲིད་བྱས་ནས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་ཏན་ཏིག་དང་ནུས་ལྡན་ངང་སྤེལ་རྒྱུ་འགན་ལེན་བྱས་པ་རེད།
གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོགས་ཆུང་ཕྱོགས་བསྡུས་ཚོགས་ཆུང་གི་ཙུའུ་ཀྲང་ལི་ཤིའུ་ཀྲེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལྗོངས་ཡོངས་སུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་བ་དེ་ནི་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་ལྗོངས (ཀྲུང་དབྱང )ཐད་གཏོགས་ཚན་པ་ཁག་གི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ཁོངས་མི་ཡོངས་ལ་ཆེད་དོན་གསོ་སྦྱོང་བྱ་རྒྱུ་དང་གསོ་སྦྱོང་གི་དུས་ཡུན་ཉིན་གཅིག་ཡིན་པ་རེད།
ཚོགས་འདུའི་ཐོག་ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུའུ། ལྗོངས་དམངས་སྲིད་ཐིང་། ལྗོངས་ནོར་སྲིད་ཐིང་། ལྗོངས་སྒྲིག་ཨུད་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་ལས་དོན་དང་། གྲོང་ཚོའི (གྲོང་མི )ཏང་ཀྲི་པུའི་སྐབས་བརྗེའི་ལས་དོན། གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་གི་སྐབས་བརྗེའི་ལས་དོན། ཞིང་འབྲོག་ཁུལ་གྱི་དམངས་ཕྱུག་དམངས་ཕན་སྲིད་ཇུས། ཞིང་འབྲོག་ཁུལ་གྱི་གཞི་རིམ་གྱི་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་བཅས་ཀྱི་ཐད་ཟུར་ཁྲིད་བྱས་ཤིང་། ལྗོངས (ཀྲུང་དབྱང )ཐད་གཏོགས་ཚན་པ་84ཡི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ཁོངས་མི་ཡོངས་གསོ་སྦྱོང་ནང་ཞུགས་པ་རེད།