དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ལྗོངས་སུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུའི་གཞི་རྩའི་རྩ་དོན་དང་ལས་འགན་གཙོ་བོ་སྒོ་ཀུན་ནས་ཁོང་དུ་ཆུད་པ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གཞི་རྩའི་རྩ་དོན།

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་བར་གཤམ་གསལ་གྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་སྟེ།

        ——མང་ཚོགས་ཀྱི་ལམ་ཕྱོགས་དང་མང་ཚོགས་ཀྱི་ལྟ་བ་མཐའ་འཁྱོངས་བྱེད་དགོས་པ།

        ——གཙོ་གནད་མངོན་གསལ་དོད་པོ་དང་རིགས་དབྱེའི་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།

        ——སྒྱུར་བཅོས་གསར་གཏོད་དང་ཕན་འབྲས་དངོས་དོན་གཉེར་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་བཅས་རེད།

        ལས་འགན་གཙོ་བོ།   

        (གཅིག )ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་དགོས་པ། གཅིག་ནི་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་ལས་དོན་ཚོགས་འདུ་དང་། ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་དང་ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། མང་ཚོགས་ལ་སུ་ལ་ཕན་པ་འདོགས་པ་དང་གང་ནས་ཕན་པ་བྱུང་བ་དངོས་འབྲེལ་གསལ་པོ་ཤེས་སུ་འཇུག་པ། ཏང་གི་འབོད་སྐུལ་ནུས་པ་དང་། མེས་རྒྱལ་ལ་བློ་ཁ་ཕྱོགས་ཤུགས། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། གཉིས་ནི་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་ལོ་60རིང་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་གང་ལེགས་མངོན་པ། གསུམ་ནི་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་དང་། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། ལྷ་སའི “3·14”རྡུང་གཅོག་འཕྲོག་བསྲེག་གི་གཏུམ་སྤྱོད་ཉེས་གསོག་གི་ཚབས་ཆེའི་དོན་རྐྱེན་གྱི་དོན་དངོས་སྤྱད་དེ་ལས་བྱེད་པ་དང་མང་ཚོགས་ལ་ཏཱ་ལའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་གསལ་པོ་ཤེས་པ་བྱེད་པ། ཞི་བདེ་རྫུས་མ་དང་གཏུམ་སྤྱོད་ངོ་མ་དང་། རང་སྐྱོང་རྫུས་མ་དང་ཁ་ཕྲལ་ངོ་མ། སྐད་ཆ་ཤོད་རེས་རྫུས་མ་དང་ཁ་གཏད་ངོ་མ་བཅས་བྱེད་པའི་ཏཱ་ལའི་རུ་ཚོགས་ཀྱི་གདོང་རིས་ངོ་མ་གསལ་པོ་ཤེས་པ་བྱེད་པ། རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་བོད་ཟང་ཟིང་བཟོ་རྒྱུའི་རེ་ངན་འཆང་བའི་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོ་གསལ་པོ་ཤེས་པ་བྱེད་པ། ཏཱ་ལའི་རུ་ཚོགས་སྤྱད་དེ་རང་རྒྱལ་ལ་བཀག་སྐྱིལ་དང་བཀག་སྡོམ་བྱེད་པའི་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་མ་རུངས་ཁོག་བཅུག་གསལ་པོ་ཤེས་པ་བྱེད་པ། “འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ ”བཅས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་བཅས་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་ཀྱིས “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟིང་ཆ་ནི་ཆག་སྒོ་ཡིན་པའི ”གནས་ལུགས་དངོས་འབྲེལ་ཤེས་པ་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ་བཅས་བྱེད་དགོས།

        (གཉིས )མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། གཅིག་ནི་མང་ཚོགས་ཀྱི་ཐོན་སྐྱེད་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་རོགས་བྱེད་པ་དང་། གཉིས་ནི་མང་ཚོགས་ཀྱི་འཚོ་བའི་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་རོགས་བྱེད་པ། གསུམ་ནི་གཞི་རིམ་གྱི་མཐུན་སྦྱོར་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་རོགས་བྱེད་པ། བཞི་ནི་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་རོགས་བྱེད་པ་བཅས་རེད།

        (གསུམ )ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་དགོས་པ། གཅིག་ནི་མི་རྩ་བར་འཛིན་པ་དང་དམངས་ཆེད་སྲིད་སྐྱོང་གི་འདུ་ཤེས་ཆེ་རུ་གཏོང་དགོས་པ་དང་། གཉིས་ནི་མང་ཚོགས་ལ་དགོས་གལ་ཆེ་ཤོས་ཡོད་སར་རྟག་ཏུ་བསྐྱོད་དེ་བདེ་སྡུག་འདྲི་བ་དང་། མང་ཚོགས་ལ་དཀའ་ངལ་ཡོད་སར་བསྐྱོད་དེ་སེམས་ཁྲལ་དང་དཀའ་ངལ་སེལ་བ། མང་ཚོགས་ཀྱི་བསམ་འཆར་མང་སར་བསྐྱོད་དེ་བསམ་ཕྱོགས་གསལ་པོ་བཟོ་བ། གནས་ཚུལ་གསར་པ་དང་འགྱུར་ལྡོག་གསར་པ་ཡོང་སར་བསྐྱོད་དེ་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་བཅས་བྱེད་དགོས་པ། གསུམ་ནི་མང་ཚོགས་ལ་དོན་དངོས་འགའ་ཞིག་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ལ་ཏང་དང་སྲིད་གཞུང་གིས་དྲོ་སྐྱིད་གནང་ལུགས་དངོས་འབྲེལ་ཚོར་བ་དང་། ཕན་པ་དངོས་ཐོབ་པ། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་རོལ་བཅས་བྱེད་དུ་འཇུག་དགོས་པ། བཞི་ནི་ཏང་ཡོན་ལས་བྱེད་པའི་དཔེ་བཟང་གི་བྱ་སྤྱོད་ལ་བརྟེན་ནས་མང་ཚོགས་ལ་ཤུགས་རྐྱེན་ཐེབས་པ་དང་མང་ཚོགས་སྐུལ་ཁྲིད་བྱེད་དགོས་པ། ལྔ་ནི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་དགོས་པ་བཅས་རེད།

        (བཞི )གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། གཅིག་ནི་འབྲེལ་བའི་ས་ཚིགས་ལ་གྲོང་ཚོ (ཡུལ་མི )ཏང་ཀྲི་པུས་སྲོག་ཤིང་བྱས་པའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རོགས་བྱེད་པ་དང་། གཉིས་ནི་གྲོང་ཚོའི (ཡུལ་མི )ཏང་ཀྲི་པུའུ་ལ་ཏང་ཡོན་དཔུང་ཁག་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རོགས་བྱེད་པ། གསུམ་ནི་གྲོང་ཚོ (ཡུལ་མི )“ཨུ་ལྷན་གཉིས ”ལ་དམངས་གཙོ་དོ་དམ་སོགས་སྒྲིག་སྲོལ་ལམ་ལུགས་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རོགས་བྱེད་པ་དང་གྲོང་ཚོའི (ཡུལ་མི )རྩ་འཛུགས་ལ་ཏང་དོན་ཡོངས་བསྒྲགས་དང་གྲོང་ཚོའི་ལས་དོན་ཡོངས་བསྒྲགས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ། བཞི་ནི་གཞི་རིམ་རྩ་འཛུགས་ལ་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་གྱི་བྱེད་སྒོ་ཡག་པོ་སྤེལ་རོགས་བྱེད་པ་དང་། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་རྣམ་པ་གསར་པ་མངོན་པར་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱེད་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།