སྟག་རྩེ་རྫོང་བདེ་ཆེན་གྲོང་རྡལ་གྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ནང་ཏང་ཡོན་གྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་གཙོ་གནད་དུ་བྱས་ནས་གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དང་། གནོད་སེལ་མ་དངུལ། འབྲུ་རིགས་ཐད་གསབ། ཞིང་སྤྱོད་ཡོ་བྱད་ཕྱོགས་བསྡུས་ཁ་གསབ་སོགས་གནད་དོན་ཆེན་པོར་དམིགས་ནས “བགྲོ་གླེང་བཞི་དང་ཡོངས་བསྒྲགས་གཉིས ”ཀྱི་ལམ་ལུགས་སྤྱད་པར་མང་ཚོགས་ཀྱི་བསྔགས་བརྗོད་ཟབ་མོ་ཐོབ་ཅིང་། འདི་ནི་ཟླ་2ཚེས་13ཉིན་གྲོང་རྡལ་དེ་གའི་ཏང་ཡོན་ལས་བྱེད་པས་མཉམ་སྡེབ་ཀྱི་སློབ་སྦྱོང་བྱེད་བཞིན་པའི་གནས་ཚུལ་ཡིན་པ།