ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་ཁྲོམ་གཞུང་དོན་གཅོད་ཁང་ཁོངས་གཏོགས་ཀྱི་སྦྲ་ནག་ཞོལ་སྡེ་ཁུལ་གྱི་གཙང་སྦྲའི་ལས་མི་ཉི་མར་ནུ་མའི་སྐྲན་ནད་ཕོག་ནས་གཤག་བཅོས་བྱེད་པར་འགྲོ་གྲོན་སྒོར་ཁྲི་21ཙམ་དགོས་ཀྱི་ཡོད་པའི་གནས་ཚུལ་དེ་སྡེ་ཁུལ་གྱི་ཧྲུའུ་ཅི་ཡཱ་ཡཱ་ཡིས་ཤེས་འཕྲལ་དོན་གཅོད་ཁང་ཏང་ཨུད་ལ་སྙན་སེང་ཞུས་པར། དོན་གཅོད་ཁང་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་དོན་གཅོད་ཁང་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་སྡེ་ཁུལ་བཞིའི་ཏང་ཡོན་སྐུལ་སློང་བྱས་ཏེ་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བར་ཁྱོན་དངུལ་སྒོར་8860ཙམ་བྱུང་བ་དང་། ཞལ་འདེབས་འབུལ་བའི་བྱེད་སྒོའི་ཐོག་ད་དུང་སྡེ་ཁུལ་ཁག་གི་བདེ་སྲུང་མི་སྣ་དང་གཙང་སྦྲའི་ལས་མི་ཁག་གཅིག་གིས་ཀྱང་མ་སྐུལ་དང་བླངས་ཀྱིས་ཞལ་འདེབས་ཕུལ་ཞིང་། འདི་ནི་སྐྱིད་རས་དོན་གཅོད་ཁང་གི་སྡེ་ཁུལ་ཁག་གི་ལས་བྱེད་པ་དང་། ཏང་ཡོན། གྲོང་མི་སོགས་ཀྱིས་སེམས་རྩ་འཁོལ་པོས་ཞལ་འདེབས་འབུལ་བའི་གནས་ཚུལ་དངོས་ཡིན་པ། (འཕྲིན་སྤེལ་བ་པད་མ་དགྲ་འདུལ་གྱིས་འཕྲིན་སྤེལ་པར་ལེན་བྱས )