དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སྙེ་མོ་རྫོང་གིས་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཉེ་ཆར་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བྱ་སྤྱོད་ཀྱི་སྐུལ་སློང་ཚོགས་འདུ་འཚོགས་ཏེ་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་བྱས་པ་རེད།

        གྲལ་བཤེར་ལས་དོན་ཚོགས་ཆུང་དེ་རྫོང་བདེ་འཇགས་ལྟ་སྐུལ་ཅུས་དང་དེ་བཞིན་རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། སྤྱི་བདེ། མེ་ཟོན། ཡུལ་སྐོར་སྤྲོ་འཆམ་སོགས་ཀྱི་ཚན་ལས་སྒྲུབ་ཅིང་། སྔ་རྗེས་སུ་དྲ་ཁང་དང་། སྣེ་ལེན་ཁང་། སྣུམ་སྣོན་ས་ཚིགས། རླངས་སྣོན་ས་ཚིགས། ཚོན་ཁྲ་ཅན་གྱི་ཤོག་སྦག་ཚོང་ཁང་། ལས་མཚམས་བཞག་མེད་པའི་ཟངས་ལས་ཀུང་སིའི་གཏེར་འདོན་ས་ཚིགས་སོགས་སུ་གྲལ་བཤེར་བྱས་པ་རེད།

        ཞིབ་བཤེར་བྱས་པ་བརྒྱུད་གྲལ་བཤེར་ཚོགས་ཆུང་གིས་སྣུམ་ཀྲིན་གྱི་ཁ་ནས་སྣུམ་འཛག་པ་དང་མེ་ཟོན་གྱི་སྒྲིག་ཆས་ཆ་མི་ཚང་བ་སོགས་ཚུད་པའི་གནད་དོན་ཤེས་རྟོགས་བྱུང་བ་འཕྲལ་དུ་བཅོས་སྒྲིག་བྱེད་དུ་བཅུག་པ་རེད། ཚན་པ་དང་བྱེད་སྒོ་སྤེལ་ཡུལ་ཁག་གཅིག་གི་འཕྲོད་བསྟེན་གྱི་ཆ་རྐྱེན་ཞན་པ་དང་། མེ་ཟོན་གྱི་སྒྲིག་ཆས་མི་ཚང་བ། བདེ་འཇགས་ཐོན་སྒོའི་མཚོན་རྟགས་གསལ་པོ་མེད་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་བས་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་གནས་པའི་ཚོང་པ་དང་ཁེ་ལས་ཀྱིས་གཟའ་འཁོར་གཅིག་ནང་ཚུན་དུ་ཚང་མ་བླང་བྱ་གཞིར་བཟུང་བཅོས་སྒྲིག་བྱས་ཚར་བ་བྱེད་དགོས་པའི་བཀའ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།