དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྷུན་གྲུབ་རྫོང་གིས་རྩ་འཛུཌ་མི་དོན་དང་སྒྲིག་ཁུངས་ཀྱི་ལོ་འཁོར་གྱི་རང་བཤེར་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷུན་གྲུབ་རྫོང་གིས་ཆེད་དོན་མི་སྣ་སྒྲིག་འཛུགས་བྱས་ནས་རྫོང་ཡོངས་སུ་རྩ་འཛུགས་མི་དོན་དང་སྒྲིག་ཁུངས་ཀྱི་རང་བཤེར་ལས་དོན་གཏིང་ཟབ་ངང་སྤེལ་བ་རེད།

        རང་བཤེར་ལས་དོན་དེ་རྨང་གཞིའི་རྩིས་ཐོ་དང་དཔྱད་གཞིའི་ཡིག་རིགས་ལེགས་སྒྲིག་དང་ཚད་ལྡན་ཡོང་རྒྱུར་དམིགས་ནས་དུས་ཐོག་ཏུ་རང་བཤེར་གྱི་སྙན་ཞུ་ཞིབ་ཚགས་བྱས་པ་དང་ལོ་ཧྲིལ་པོའི་ལས་དོན་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཐོག་ལས་ཀའི་དམིགས་ཚད་དང་བསྡུར་བ་དང་ལས་ཀའི་མི་འདང་བའི་ཆ་བཙལ་ཏེ་2011ལོའི་ལས་ཀའི་འཆར་གཞི་ཆགས་པ་བྱས་པ་རེད། ལོ་ཧྲིལ་པོའི་ལས་དོན་ལ་ཕྱོགས་སྡོམ་དང་ཕྱིར་མིག་བལྟ་བ་དང་ལས་ཀའི་ལྷུ་ཚིགས་ཞན་ས་འཚོལ་མཁས་པོ་བྱེད་པའི་རྨང་གཞིའི་ཐོག་རྫོང་དེས་སྔོན་གཏོད་ལེགས་བརྩོན་དང “གཞི་རིམ་ཏང་འཛུགས་སྐྱོང་ལོའི ”བྱེད་སྒོར་སྐུལ་འདེད་གཏོང་བ་སོགས་2010ལོའི་གཙོ་གནད་ལས་དོན་ཁག་དགུ་སྔར་བས་ཁ་གསལ་པོ་ཡོང་བ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།