དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྷུན་རྩེ་རྫོང་གིས“འདུ་འགོད་ལྔ”ལག་ལེན་བསྟར་ནས་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་ལྷུན་རྩེ་རྫོང་གིས་བརྗོད་བྱ་གཙོ་བོ་ཡིན་པའི་མཐའ་དར་དམངས་ཕྱུག་ལ་དམིགས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་ཐམས་ཅད་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་འདུ་འགོད་ལྔ་ལག་ལེན་ཤུགས་ཆེན་བསྟར་བར་བརྟེན་གཞི་རིམ་གྱི་ཏང་གི་སྲིད་སྐྱོང་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ་སྟེ།

        བྱང་ཚད་མཐོར་གཏོང་གི་འདུ་འགོད་ལག་ལེན་བསྟར་ཞིང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག ”གི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་ཡོན་གྱི་ཏང་གཤིས་ཀྱི་སློབ་གསོ་དང་དམིགས་ཡུལ་གྱི་སློབ་གསོ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་སློབ་སྦྱོང་བྱེད་ཟབ་ཏུ་བཏང་ནས་ཏང་ཡོན་ལ་རྒྱུན་ལྡན་རང་བཞིན་གྱི་སློབ་གསོ་གཏོང་བ་དང་དོ་དམ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཡོད།

        “གསོ་སྦྱོང་གསུམ་དང་སྣེ་ཁྲིད་གཉིས ”ཀྱི་འདུ་འགོད་ལག་ལེན་བསྟར་ཞིང་། ལྷུན་རྩེ་རྫོང་གིས་ཞིང་འབྲོག་ཁུལ་གྱི་ཏང་ཡོན་ཁྲོད་དུ “གསོ་སྦྱོང་གསུམ་དང་སྣེ་ཁྲིད་གཅིག ”གི་བྱེད་སྒོ་ཤུགས་ཆེན་སྤེལ་ནས་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་བྱེད་ནུས་ཆེན་པོ་ལྡན་པའི་ཞིང་འབྲོག་པའི་ཏང་ཡོན་དཔུང་ཁག་དང་གྲོང་གསེབ་ཀྱི་ལས་བྱེད་པའི་སྟོབས་ཤུགས་འཛུགས་སྐྱོང་ཧུར་ཐག་བྱས་ཡོད། “གསོ་སྦྱོང་གསུམ་དང་སྣེ་ཁྲིད་གཅིག ”ལས་དོན་གྱི་བཀོད་སྒྲིག་འོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འཇམ་དབྱངས་གཞོན་པ་དང་། ལྗོངས་ཡོངས་ཀྱི་ཕྱུག་འགྱུར་འཇོན་ཐང་ཅན་བག་གྲོ་རྒན་པ། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་བསོད་ནམས་རྡོ་རྗེ་སོགས་འཇོན་ཐང་ཅན་འབོར་ཆེན་གསོ་སྦྱོང་བྱས་ཡོད།

        ལས་དོན་སྒྲུབ་ཡུལ་སྐྲུན་རྒྱུའི་འདུ་འགོད་ལག་ལེན་བསྟར་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་སྐྲུན་རིང་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་རྒྱུ་གཙོ་བོར་བྱས་ཏེ་ཞིང་པའི་དཔེ་དེབ་ཁང་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་། རྒྱང་ཁྲིད་སློབ་གསོའི་ས་ཚིགས། སྒོ་རྩིས་ཚོང་ཁང་ཆུང་གྲས་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་སྐྲུན་པས་རྒྱ་ཆེའི་ཞིང་འབྲོག་པར་རང་ཉིད་ཀྱི་ཆབ་སྲིད་དང་རིག་གནས་ཀྱི་བྱེད་སྒོའི་ལྟེ་གནས་དང་གྲོས་ཞིབ་བྱ་ཡུལ་དངོས་འབྲེལ་བྱུང་ཡོད། ལམ་ལུགས་གསར་གཏོད་ཀྱི་འདུ་འགོད་ལག་ལེན་བསྟར་ཞིང་། རྫོང་དེས་རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དང་དེ་བཞིན་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ནང་དོན་གཙོ་བོ་ཡིན་པའི་ལོ་འཁོར་གྱི་ལས་གནས་དམིགས་ཚད་དང་དོ་དམ་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བས་ལས་དོན་ཁག་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་ཐེབས་པ་དང་འབྲེལ 《ཤང་གྲོང་ཏང་ཨུད་ཧྲུའུ་ཅིས་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་འགན་འཁྲི་སྒྲུབ་ཚུལ་ཞུ་བའི་དཔྱད་ཞིབ་ལམ་ལུགས 》སོགས་ལམ་ལུགས་བཟོས་པས་གཞི་རིམ་གྱི་ལས་དོན་དེ་བས་ཚད་ལྡན་ངང་སྒྲུབ་ཐུབ་པ་བྱུང་ཡོད།

        དམངས་ཕྱུག་མཐའ་སྲུང་གི་འདུ་འགོད་ལག་ལེན་བསྟར་ཞིང་། རྫོང་དེས་རྣམ་གྲངས་འཛུགས་སྐྲུན་དང་། ཏང་འཛུགས་སྐྱོང་། སྲིད་དབང་འཛུགས་སྐྱོང་། དམག་ཉེན་དམངས་གསུམ་གྱི་མཉམ་འགོག་ལམ་སྲོལ་འཛུགས་སྐྱོང་བཅས་དང་ཟུང་འབྲེལ་བྱས་ཏེ་དམངས་ཕྱུག་མཐའ་སྲུང་གི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བས་མང་ཚོགས་ཕྱུག་པོ་ཆགས་པ་མ་ཟད། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་མང་ཚོགས་ཀྱི་འདུ་ཤེས་དེ་བས་ཟབ་ཏུ་ཕྱིན་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།