དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གནས་གཅིག་གིས་ཁྱོན་ཡོངས་སྣེ་ཁྲིད་ནས་གསོན་ཤུགས་འཕེལ་བ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་བའི་ལོ་ཤས་ནང་ལྷོ་ཁ་ས་ཁུལ་གྱིས “ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ནུས་པ་ཆེ་རུ་གཏོང་བ ”བཅས་ཀྱི་བླང་བྱ་གཞིར་བཟུང་ཏང་གི་སྲིད་སྐྱོང་ནུས་པ་དང་སྔོན་ཐོན་རང་བཞིན་འཛུགས་སྐྱོང་བྱ་རྒྱུ་གཙོ་བོར་བྱེད་པ་དང་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་བཏོད་པའི་ལས་དོན་དེ་སྒྱུར་བཅོས་གསར་གཏོད་དང་། བློ་ཁོག་ཆེན་པོས་ལག་ལེན། ཏན་ཏིག་དང་ནུས་ལྡན་བཅས་ཀྱི་སྒོ་ནས་སྤེལ་ནས་ལྷོ་ཁ་ས་ཁུལ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་པ་རེད།

        “ཧུར་ཐག་བཞིའི ”གཙོ་གནད་མངོན་གསལ་དོད་པ།

        ལྷོ་ཁ་ས་ཁུལ་རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི “ལེགས་པོ་ལྔ ”ཡི་སྤྱིའི་བླང་བྱར་གཞིགས་ནས་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་གཏོད་པའི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་རེད།

        སྲ་ཞིང་བརྟན་ལ་ནུས་ལྡན་གྱི་འགོ་ཁྲིད་མཉམ་སྡེབ་ཧུར་ཐག་བཏོད་ཅིང་། ལས་ཀའི་སྟོབས་ཤུགས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ནས་ལས་བྱེད་པ་ཤང་གྲོང་རྡལ་དང་གྲོང་ཚོའི (ཡུལ་མི་ཨུ་ཡོན་ལྷན་ཁང )དཔེ་སྟོན་ས་ཚིགས་སུ་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་སྤེལ་བར་འདེམས་མངགས་བྱས་ནས་གྲོང་ཚོ (ཡུལ་མི་ཨུ་ཡོན་ལྷན་ཁང ) ཁག་གི་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་སུ་སློབ་ཆེན་ཐོན་པའི “གྲོང་དཔོན ”བཀོད་སྒྲིག་བྱས་པ་རེད། སྣེ་གདོང་དང་། འཕྱོངས་རྒྱས། སྣང་དཀར་རྩེ། གྲ་ནང་སོགས་རྫོང་དང་ད་དུང་རྫོང་ཐད་གཏོགས་ལས་ཁུངས་ནས་ན་གཞོན་ལས་བྱེད་པ་ཤང་གྲོང་རྡལ་དང་གྲོང་ཚོའི (ཡུལ་མི་ཨུ་ཡོན་ལྷན་ཁང ) དུ་ལས་འགན་འཁུར་བར་མངགས་གཏོང་བྱས་པ་རེད།

        བྱང་ཚད་མཐོ་བའི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱས་ཤིང་། སྔོན་གཏོད་ལེགས་བརྩོན་བྱེད་སྒོ་གོ་སྐབས་སུ་བྱས་པ་དང་རྣམ་པ་སྣ་ཚོགས་སྤྱད་དེ་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་པ་རེད། སྣེ་གདོང་རྫོང་གི་ཏང་འཛུགས་སྐྱོང་དཔེ་སྟོན་ས་ཚིགས་ཏེ། ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་ལྷན་ཏང་ཀྲི་པུས་ཏང་ཡོན་གྱི་ཁས་ལེན་ལམ་ལུགས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་ཏང་ཡོན་གྱི་ཁས་ལེན་བྱེད་སྒོ་སྒོ་ཀུན་ནས་སྤེལ་ཏེ་ཏང་ཡོན་གྱི་འགན་འཁྲི་ཁུར་སེམས་ཆེ་རུ་བཏང་བ་དང་ཏང་ཡོན་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བ་རེད།

        ཚད་ལྡན་དང་ནུས་ལྡན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་ཞིང་། ཚན་རིག་དང་། དངོས་སྒྲུབ། སྤྱོད་གོ་ཆོད་པ། ནུས་པ་ཆེ་བ་བཅས་ཀྱི་རྩ་དོན་ལ་གཞིགས་ནས་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ཀྱིས་དམངས་གཙོའི་ལས་ཀའི་གྲོས་རིམ་གྱི་ལམ་སྲོལ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་འཛུགས་སྐྱོང་གི་རོགས་རམ་ལམ་སྲོལ་སོགས་ལམ་ལུགས་མང་པོ་ཡོངས་ཁྱབ་ངང་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་རེད།

        སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་ཧུར་ཐག་བཏིང་ཞིང་། གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག་གྲོང་ཚོ་རིམ་པའི་འཐབ་ས་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པ་རེད། ལྷོ་ཁ་ས་ཁུལ་གྱིས་འགོ་འཛུགས་ས་མཐོ་པོའི་ཐོག་ནས་འཆར་འགོད་བྱས་པ་དང་ཚད་གཞི་མཐོ་པོས་འཛུགས་སྐྲུན་བྱས་ཏེ་རྒྱལ་ཁབ་ཀྱིས་མ་དངུལ་བཏང་བའི་རྨང་གཞིའི་ཐོག་ཐོན་ཁུངས་བསྡུ་སྒྲིལ་དང་། མ་དངུལ་གྲབས་གསོག ངལ་རྩོལ་ནང་ཞུགས་པ་བཅས་བྱས་ཏེ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ཁག་ཏུ་སྒྲིག་ཆས་ཆ་ཚང་བ་དང་ནུས་པ་ཚང་བའི་བྱེད་སྒོ་སྤེལ་ཡུལ་སྐྲུན་ཡོད་པ་རེད།

        “དོ་སྣང་གསུམ ”ལས་གསོན་ཤུགས་མངོན་པ།

        ལྷོ་ཁ་ས་ཁུལ་གྱི་རིམ་ཁག་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ཀྱིས “ལྟེ་བར་དམིགས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི ”བསམ་བློའི་འདུ་ཤེས་བརྟན་པོ་བཙུགས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་དང་། བརྟན་ལྷིང་སྲུང་སྐྱོང་། མི་སེམས་གཅིག་ཏུ་སྒྲིལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དཔེ་སྟོན་ས་ཚིགས་དེ་ཉིད་ཕྱོགས་ཚང་མའི་ལས་དོན་གྱི་མིག་དཔེར་གྱུར་གང་ཐུབ་བྱས་པ་རེད།

        འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོ་སྣང་བྱས་ཤིང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་དང་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དངོས་ཤུགས་ཆེར་གཏོང་དང་སྤྱི་ཚོགས་བྱ་གཞག་ཁག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་མ་ནུས་ལྡན་བཏང་བ་རེད། ཟངས་རི་རྫོང་ཨུད་ཀྱི་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ཏེ་རོང་ཤང་འཕྲིན་པ་གྲོང་ཚོའི་ཏང་ཀྲི་པུས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིང་འབྲོག་པའི་འབབ་འཕར་གྱི་རྐང་འཛིན་ལས་གྲྭ་ལག་བསྟར་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་ཁྲི་ 141 ཟིན་ཡོད་པ་རེད།

        བརྟན་ལྷིང་སྲུང་སྐྱོང་ལ་དོ་སྣང་བྱས་ཤིང་། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་དེ་འགན་འཁྲི་ཨང་དང་པོར་བརྩིས་ནས་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུས་ནས་འགལ་བ་དང་རྩོད་གཞི་རང་འགུལ་ངང་ཧུར་ཐག་སེལ་བ་དང་མང་ཚོགས་ལ་ཐོབ་པར་དཀའ་བའི་དུས་བབ་བཟང་པོ་དེར་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་བཏང་བ་དང་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་བ་དང་རྨོངས་དད་སེལ་ནས་ཚད་མཐོའི་ཆབ་སྲིད་ཀྱི་ཤེས་ཚོར་སྐྱེན་པོའི་རང་བཞིན་དང་ཆབ་སྲིད་ཀྱི་ཤན་འབྱེད་ནུས་པ་དང་ཆབ་སྲིད་ཀྱི་བློ་བརྟན་འགྱུར་མེད་རང་བཞིན་མངོན་པར་བྱས་ཡོད། ཆུ་གསུམ་དང་ཟངས་རི་སོགས་རྫོང་གི་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ཀྱིས་ཞིང་འབྲོག་པའི་མཉམ་སྲུང་རུ་ཁག་བཙུགས་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།

        དམངས་འཚོ་ལེགས་སུ་གཏོང་རྒྱུར་དོ་སྣང་བྱས་ཤིང་། རྒྱ་ཆེའི་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་ཡག་པོ་དང་། མངོན་འགྱུར་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་མཐའ་འཁྱོངས་བྱ་རྒྱུ་འགོ་འཛུགས་སར་བྱས་ནས་ཏང་གི་དམངས་ཕྱུག་དང་དམངས་ཕན་སྲིད་ཇུས་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ནས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཁྲོད་དམངས་འཚོ་འགན་ལེན་དང་དེ་བས་ལེགས་སུ་བཏང་ཐོག་མང་ཚོགས་ཀྱི་སྣེ་འཁྲིད་དེ་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།