བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་2ཉིན་གནས་ཚུལ་འབྱོར་གསལ། ད་ཕན་ལོ་ཤས་རིང་ལྷུན་གྲུབ་རྫོང་རིམ་ཁག་གཞི་རིམ་ཏང་རྩ་འཛུགས་ཀྱིས་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་དེ་ཏང་འཛུགས་ལས་དོན་གྱི་ལས་འགན་གཙོ་བོར་བརྩིས་ཏེ་བོད་སྐྱོར་མ་དངུལ་རག་ཐབས་དང་། ཚན་པ་ཆ་འགྲིག་གི་རོགས་སྐྱོར། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། མཉམ་ལས་རྩ་འཛུགས་འཛུགས་པ་བཅས་བྱེད་ཐབས་བཞིར་བརྟེན་ནས “དངུལ་མེད་ན་ལས་དོན་སྒྲུབ་ཐབས་མེད་པའི ”ཏང་རྩ་འཛུགས་ཀྱི་དཀའ་གནད་ཐག་གཅོད་ཧུར་ཐག་བྱས་ཏེ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ནུས་ལྡན་ངང་ཆེ་རུ་བཏང་བ་རེད།
བོད་སྐྱོར་མ་དངུལ་རག་ཐབས་བྱས་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ཞིང་། རྫོང་དེ་ཡོངས་ཀྱི་ཤང (གྲོང་རྡལ )ཁག་གི་ཏང་ཨུད་ཀྱིས་ཤང་གི་མཉམ་སྡེབ་དཔལ་འབྱོར་ཉམས་ཞན་དང་ནོར་སྲིད་ཡོང་འབབ་ཚད་ཡོད་ཀྱི་དོན་དངོས་ལ་དམིགས་ནས “རང་བརྟེན་འཕེལ་རྒྱས་མཐའ་འཁྱོངས ”དང “ཕྱིའི་རོགས་སྐྱོར་བརྩོན་ལེན་ཧུར་ཐག་བྱེད ”པའི་ཐབས་ལམ་གཉིས་ཀྱི་ལས་དོན་བསམ་ཕྱོགས་གྲུབ་པ་བྱས་ཏེ་མིག་རྒྱང་བོད་སྐྱོར་མ་དངུལ་ལ་ཕྱོགས་ཏེ་བོད་སྐྱོར་ལས་བྱེད་པའི་མཐུན་སྦྱོར་འབྲེལ་མཐུད་བརྒྱུད་རྫོང་དེ་ཡོངས་ཀྱི་ཤང (གྲོང་རྡལ )10དང་སུའུ་ཀྲོའུ་གྲོང་ཁྱེར་གྱི་ཤང (གྲོང་རྡལ་དང་སྡེ་ཁུལ )བཅུའི་དབར་ཆ་འགྲིག་སྟེ་སྔ་རྗེས་སུ་བོད་སྐྱོར་མ་དངུལ་སྒོར་ཁྲི་1000རག་ཐབས་བྱས་ནས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སྟོབས་དང་ལྡན་པའི་མ་དངུལ་གྱི་འགན་ལེན་མཁོ་འདོན་བྱས་པ་རེད།
ཆ་འགྲིག་མཉམ་གཏོད་བྱས་ཏེ་མཉམ་སྡེབ་དཔལ་འབྱོར་ལ་རོགས་སྐྱོར་བྱས་ཤིང་། སྔོན་གཏོད་ལེགས་བརྩོན་དང “གཞི་རིམ་ཏང་འཛུགས་ལོའི ”བྱེད་སྒོའི་ཁྲོད་རྫོང་དེ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁག་གིས “གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་འཛུགས་ཆ་འགྲིག་འདུ་འགོད ”གཏིང་ཟབ་ངང་སྤེལ་བའི་ཕན་ཡོད་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ཆ་འགྲིག་ཚན་པའི་མ་དངུལ་དང་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་པ་རེད། ལས་དོན་དེའི་ཁྲོད་རྫོང་དེའི་བྱང་ཁ་ཤང་དང་མཁར་རྩེ་ཤང་སོགས་ཤང (གྲོང་རྡལ )ཁག་གིས་སྔ་རྗེས་སུ་སྡོང་ཕྲུག་གསོ་བ་དང་། བོད་བྱ་གསོ་ཚགས། ཆུ་ཡུར་ཉམས་གསོ། ཞིང་འབྲོག་མང་ཚོགས་ཀྱི་ཨར་ལས་རུ་ཁག་སོགས་རྣམ་གྲངས་12བརྩོན་ལེན་བྱས་པར་མ་དངུལ་སྒོར་ཁྲི་220ཟིན་ཡོད་པ་རེད། ཤང (གྲོང་རྡལ )ཁག་གཅིག་གི་ཏང་ཨུད་ཀྱིས་ད་དུང་རྣམ་གྲངས་དེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་སུ་གཏན་འཁེལ་བྱས་ཏེ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་འགན་གཙང་ལེན་པ་དང་། དོ་དམ་བྱེད་པ། ཕན་པ་ཐོབ་པ་བཅས་བྱས་པས་གཞི་རིམ་གྱི་རང་བརྟེན་ནུས་པ་ནུས་ལྡན་ངང་ཆེ་རུ་ཕྱིན་པ་རེད།
ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་ཞིང་། རྫོང་དེ་ཡོངས་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་1300ལྷག་ཙམ་བཏང་སྟེ་འདེབས་འཛུགས་གསོ་ཚགས་ཀྱི་ཁྱད་ལྡན་ཐོན་ལས་རྟེན་གཞི་32བཙུགས་པ་དང “ཀྲི་པུའུ་དང་རྟེན་གཞི ”ཟུང་འབྲེལ་བྱེད་པའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་ཧུར་ཐག་བཏང་ནས་མཉམ་སྡེབ་དཔལ་འབྱོར་གྱི་རང་བརྟེན་འཕེལ་རྒྱས་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད། གསུམ་འཕྲེང་ཤང་ཏང་ཨུད་ཀྱིས་མ་དངུལ་སྒོར་ཁྲི་121གྲབས་གསོག་བྱས་ཏེ་བཞོན་མ་ཁྲ་ཁྲ་གསོ་ཚགས་དང་རྫོང་ཞོལ་བོད་ཕག་གསོ་ཚགས་སོགས་ཁྱད་ལྡན་ཐོན་ལས་ར་བའི་རྟེན་གཞི་6བཙུགས་པ་དང་མཁར་རྩེ་ཤང་ཏང་ཨུད་ཀྱིས་མ་དངུལ་སྒོར་ཁྲི་15གྲབས་གསོག་བྱས་ཏེ་ཤང་གཉེར་བྱ་གསོ་ར་བའི་རྟེན་གཞི་བཙུགས་ནས་ཤང་དང་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་རེད།
མཉམ་ལས་རྩ་འཛུགས་བཙུགས་ཏེ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ཞིང་། རྫོང་དེ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁག་གིས “བར་ཚོང་བ ”དང “བར་མི ”ཡག་པོ་བྱས་ཏེ་སྔ་རྗེས་སུ་རིཌ་ཁག་གི་དཔལ་འབྱོར་མཉམ་ལས་རྩ་འཛུཌ་དང་ཆེད་ལས་མཉམ་ལས་རྩ་འཛུགས་11བཙུགས་པ་རེད། དགའ་ལྡན་ཆོས་འཁོར་གླིང་གྲོང་རྡལ་ལྕང་རྒྱབ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་2009ལོའི་ཟླ་2པར་ཞིང་འཕྲུལ་མཉམ་ལས་ཁང་བཙུགས་པ་དང་ལོ་དེ་རང་ལ་ཁེ་བཟང་སྒོར་ཁྲི་2ལྷག་ཙམ་བྱུང་བ་རེད།
མིག་སྔར་ལྷུན་གྲུབ་རྫོང་གི་ཤང (གྲོང་རྡལ )ཁག་གཅིག་གི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་50ཡན་ཟིན་པ་དང་གྲོང་ཚོ་ཁག་གཅིག་གི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་རྩ་བ་ནས་མེད་པའི་རྣམ་པར་འགྱུར་ལྡོག་བྱུང་ནས་ཤང་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱིས་མང་ཚོགས་ལ་ཞབས་འདེཌ་ཞུ་བ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་བ། དམངས་འཚོ་ལེཌ་སུ་གཏོང་བ་སོཌ་ཀྱི་ལས་དོན་ཁྲོད་ཀྱི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་རེད།