དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • འབྲོང་པ་རྫོང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་ལས་དོན་དོན་འཁྱོལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་འབྲོང་པ་ནས་ཟླ་12ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་འབྲོང་པ་རྫོང་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར་ཉེ་བའི་ལོ་ཤས་རིང་ཁྲིམས་ཁང་དེས “བླ་ན་མེད་པ་གསུམ ”གྱི་དུས་སྐབས་གསར་པའི་ཁྲིམས་ཁང་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པའི་ཁར “མི་རྩ་བར་འཛིན་པ ”ཞེས་པའི་སྲོག་ཤིང་དེར་དམིགས་ཏེ་བྱེད་ཐབས་སྣ་ཚོགས་སྤྱད་ནས་འབྲོག་ཁུལ་གྱི་ཁྲིམས་ཁང་གི་གཟུགས་བཪྙན་རྒྱུན་ཆད་མེད་པར་བཏོད་པ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་ལས་དོན་དོན་འཁྱོལ་བྱས་ཡོད་པ་རེད།

        ཁྲིམས་སར་འདྲི་གཅོད་བྱས་པ་ཟིན་འགོད་བྱ་རྒྱུ་རྩིས་རྒྱག་འཕྲུལ་འཁོར་ཅན་དུ་བསྒྱུར་ནས་ནང་སའི་ཁྲིམས་ཁང་དང་འབྲེལ་མཐུད་གང་མགྱོགས་ཡོང་བ་བྱ་ཆེད་ཉེ་བའི་ལོ་ཤས་རིང་འབྲོང་པ་རྫོང་ཁྲིམས་ཁང་གིས་ཁྲིམས་སའི་ཟིན་འགོད་པ་བོད་ལྗོངས་ཁྲིམས་དཔོན་སློབ་གླིང་དུ་ཁྲིམས་སའི་ཟིན་འགོད་པས་ཟིན་འགོད་མགྱོཌ་པོ་བྱེད་པའི་རྨང་གཞིའི་ཤེས་བྱ་སློབ་སྦྱོང་བྱེད་པར་འདེམས་གཏོང་བྱས་པ་དང་དུས་མཚུངས་སུ་འབྲོང་པ་རྫོང་གི་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཞུ་སྦྱོར་སྔ་མ་ནི་ས་གནས་དེ་གའི་མི་ཡིན་པའི་དོན་དངོས་གཞིར་བཟུང་འབྲོག་པ་མང་ཚོགས་ཀྱིས་ཞུ་གཏུག་རྒྱག་རྒྱུར་སྟབས་བདེ་བསྐྲུན་ཆེད་ལས་དོན་མི་སྣ་བོད་ལྗོངས་ཁྲིམས་དཔོན་སློང་གླིང་དུ་བོད་ཡིག་གསོ་སྦྱོང་ནང་ཞུཌ་པར་བཏང་ཡོད་པ་རེད།

        ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་སྐོང་ཆེད་ཁྲིམས་ཁང་དེས་ལོ་ལྟར་ད་དུང་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་གཞི་རིམ་ཤང་གྲོང་དུ་བསྐྱོད་ནས “གྲོང་གསེབ་དང་། དགོན་པ། ལས་ཁུངས། སློབ་གྲྭ སྡེ་ཁུལ། ཚན་པ། ཁེ་ལས་བཅས་སུ་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་པར་བསྐྱོད་པ ”ཞེས་པའི་བརྗོད་དོན་གཙོ་བོའི་ཕྱོགས་གཅིག་ནས་གྱོད་དོན་ཐག་གཅོད་དང་ཕྱོགས་གཞན་ཞིག་ནས་དྲིལ་བསྒྲགས་བྱེད་པའི་ཁྲིམས་ལུགས་དྲིལ་བསྒྲགས་ལས་དོན་སྤེལ་བ་དང་གྲོང་གསེབ་དང་། དགོན་པ། ལས་ཁུངས། སློབ་གྲྭ སྡེ་ཁུལ། ཚན་པ། ཁེ་ལས་བཅས་སུ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་བསྐྱོད་པ་དང་ཆེད་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་སྒྲོག་འགྲེལ་བྱས་པར་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།