དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སྟག་རྩེ་རྫོང་གི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གསོ་སྐྱོང་བྱེད་པའི་ལག་ལེན་རྟེན་གཞིའི་སྒོ་བྱང་ཐོག་མ་དེ་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་སྟག་རྩེ་རྫོང་གི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གསོ་སྐྱོང་བྱེད་པའི་ལག་ལེན་རྟེན་གཞིའི་སྒོ་བྱང་ཐོག་མ་དེ་གཙང་ཏོག་ཤང་ཆ་གྲོང་ཚོར་དངོས་སུ་བཀལ་བ་རེད།

        སྒོ་བྱང་གི་ཡོལ་ཁེབས་ཕྱེ་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཚོགས་ཞུགས་མི་སྣས་ཆ་གྲོང་ཚོས་གཏན་འབེབས་བྱས་པའི 《གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གསོ་སྐྱོང་བྱེད་པའི་ལག་ལེན་རྟེན་གཞིའི་དོ་དམ་གྱི་སྒྲིག་སྲོལ་ལམ་ལུགས 》དང 《གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་གླེང་སྟེགས་ཀྱི་བརྗོད་བྱ་གཙོ་བོའི་དཔྱད་གཞིའི་ནང་དོན 》 《གྲོང་ཚོའི་ཏང་ཀྲི་པུའི་ལས་དོན་ལམ་ལུགས 》སོགས་ལམ་ལུགས་བཟོ་ཚུལ་ལ་ལྟ་སྐོར་བྱས་པ་དང་དུས་མཚུངས “གཞི་རིམ་ཏང་འཛུགས་སྐྱོང ”གི་བརྗོད་བྱ་གཙོ་བོ་ཡིན་པར་དམིགས་ཏེ་ཇི་ལྟར་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུའི་སྣེ་ཁྲིད་བྱེད་པ་དང་། ཇི་ལྟར་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འཕྲད་པའི་གནད་དོན་ཐག་གཅོད་བྱེད་པ། ཇི་ལྟར་བྱས་ནས་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་དེ་བས་ལེགས་པ་བྱེད་པ་སོགས་ཀྱི་ཐད་གྲོས་བསྡུར་གཏིང་ཟབ་བྱས་པས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུའི་ཚང་མའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།