དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཆུ་ཤུར་རྫོང་གིས་གོ་གནས་མེད་པའི་ཏང་ཡོན་ལ་ལས་གནས་གསར་འཛུགས་དང་འགན་འཁྲི་གཏན་འཁེལ་གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆུ་ཤུར་རྫོང་གིས་སྔོན་གཏོད་ལེགས་བརྩོན་དང་གཞི་རིམ་ཏང་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་བའི་ནང་ཞིང་འབྲོག་ཁུལ་གྱི་གོ་གནས་མེད་པའི་ཏང་ཡོན་ལ་ལས་གནས་གསར་འཛུགས་དང་འགན་འཁྲི་གཏན་འཁེལ་བྱེད་པའི་བྱེད་སྒོ་དེ་ལས་ཁུངས་དང་། ཁེ་ལས། སློབ་གྲྭ་བཅས་ཏང་རྩ་འཛུགས་ཁྲོད་སྣུར་བསྲིང་བྱས་ནས “ཏང་ཡོན་གྱི་ལས་གནས་ཁས་ལེན་དང་། ཀྲི་པུའུ་ཡི་ལས་གནས་གཏན་འཁེལ། ལས་གནས་བསྒྲུབ་རྒྱུར་སྐུལ་འདེད། ལོ་མཇུག་ཏུ་ལས་གནས་དཔྱད་ཞིབ ”བཅས་ཀྱི་ལས་ཀའི་གོ་རིམ་ལ་གཞིགས་ནས་གོ་གནས་་མེད་པའི་ཏང་ཡོན་ལ་ལས་གནས་དང་འགན་འཁྲི་ཡོད་པའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།

        ལས་ཁུངས་དང་བྱ་གཞག་ཚན་པའི་ཏང་རྩ་འཛུཌ་ལ་སྣུར་བསྲིང་བྱས་པ། ཆུ་ཤུར་རྫོང་གིས་ཚན་པའི་དངོས་ཡོད་དང་ཏང་ཡོན་མི་སྒེར་གྱི་དགེ་མཚན་དང་འདོད་བློར་གཞིཌ་ནས་ཡུལ་བབ་དང་བསྟུན་པ་དང་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ནས་ལས་ཁུངས་དང་བྱ་གཞག་ཚན་པའི་གོ་གནས་མེད་པའི་ཏང་ཡོན་ལ་སྲིད་ཇུས་དྲིལ་བསྒྲཌ་ཞབས་ཞུའི་ལས་གནས་དང་། ལས་སྒོའི་རྐང་འཛིན་གྱི་དཔེ་སྟོན་ལས་གནས། ལས་ཀའི་སྤྱོད་ཚུལ་གྱི་ལྟ་སྐུལ་ལས་གནས། དཔལ་འབྱོར་འཕེལ་རྒྱས་གསལ་འདེབས་དང་ལེན་ལས་གནས་སོཌ་ལས་གནས་16བཙུགས་པ་དང་ལས་ཁུངས་དང་བྱ་གཞག་ཚན་པའི་གོ་གནས་མེད་པའི་ཏང་ཡོན་གྱི་འགན་འཁྲིའི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་ཆེ་རུ་བཏང་ཡོད་པ་རེད།

        སློབ་གྲྭའི་ཏང་རྩ་འཛུགས་ལ་སྣུར་བསྲིང་བྱས་པ། ཆུ་ཤུར་རྫོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཚད་ལོན་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུར་དམ་པོར་དམིགས་ནས་དགེ་རྒན་གྱི་དཔུང་ཁག་ཧྲིལ་པོའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་འབད་བརྩོན་བྱས་ཏེ་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་བཏང་ནས་སློབ་གྲྭའི་ཏང་རྩ་འཛུགས་ཀྱི་གོ་གནས་མེད་པའི་ཏང་ཡོན་ཁྲོད་བསམ་བློ་ཀུན་སྤྱོད་སློབ་གསོའི་ལས་གནས་དང་། ཏང་འཛུགས་སྐྱོང་ལས་དོན་གྱི་ལྟ་སྐུལ་ལས་གནས། དགེ་རྒན་ཀུན་སྤྱོད་ཀྱི་དཔེ་སྟོན་ལས་གནས། སློབ་ཁྲིད་རྐང་འཛིན་གྱི་དཔེ་སྟོན་ལས་གནས་སོགས་ལས་གནས་39བཙུགས་ནས་སློབ་གྲྭའི་གོ་གནས་མེད་པའི་ཏང་ཡོན་གྱི་ནུས་པ་འདོན་སྤེལ་དང་སྔོན་གཏོད་ལེགས་བརྩོན་གྱི་སྤྲོ་སེམས་ལ་སྐུལ་མ་ཐེབས་པ་བྱས་པ་རེད།

        བྱེད་སྒོ་སྤེལ་བ་ནས་བཟུང་ཆུ་ཤུར་རྫོང་གིས་གོ་གནས་མེད་པའི་ཏང་ཡོན་ལ་ཁྱོན་བསྡོམས་ལས་གནས་415འཛུགས་བཟོ་བྱས་པ་དང་གོ་གནས་མེད་པའི་ཏང་ཡོན་637ལས་གནས་ཁས་ལེན་ནང་ཞུགས་ཤིང་། རྫོང་ཡོངས་ཀྱི་གོ་གནས་མེད་པའི་ཏང་ཡོན་གྱིས་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཐབས་ཇུས་100ལྷག་ཙམ་བཏོན་པ་དང་འོས་འགན་གྱི་ཐོག་ནས་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་བྱེད་སྒོའི་ནང་མི་ཐེངས་636ཞུགས་པ་རེད།

        318རྒྱལ་ལམ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་ནི་ལྷ་ས་གྲོང་ཁྱེར་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་ལེགས་སྐྱེས་འབུལ་བའི་ལས་གྲྭ་ཞིག་ཡིན་པ་དང་མིག་སྔའི་བར་ལས་གྲྭ་ཚང་མའི་ནང་ནས་40%ལེགས་གྲུབ་ཟིན་ཞིང་། འདི་ནི་ཆུ་ཤུར་རྫོང་རྟ་དཀར་ཤང་རྟ་དཀར་གྲོང་ཚོའི་མང་ཚོགས་ཀྱིས་བདེ་སྡོད་ལས་གྲྭར་སྒྱུར་བཀོད་དང་རིམ་སྤོར་བྱེད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།