དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟངས་གྱང་ལྕགས་རྩིག་བསྐྲུན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཏང་ཨུད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་གལ་ཆེ་ཤོས་ལ་བརྩི་བ་དང་ཚན་ཁག་སྟོབས་ཆེར་གཏོང་རྒྱུ་སྲོག་ཤིང་དུ་བྱས་ཏེ་ཏང་ཡོན་དཔུང་ཁག་དམ་འཛིན་ཡག་པོ་བྱ་རྒྱུ་རྨང་གཞིར་བྱས་པ་དང་ལམ་ལུགས་འཛུགས་རྒྱུ་དང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་འགན་སྲུང་དུ་བྱས་ཐོག་ཏང་ཡོན་དང་ལས་བྱེད་པ་དང་རྒྱ་ཆེའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཁྲོམ་གཞུང་སྡེ་ཁུལ་གྱི་མཐུན་སྦྱོར་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟངས་གྱང་ལྕགས་རྩིག་ཅིག་བསྐྲུན་པ་རེད།

        སྲོག་ཤིང་ཤུགས་ཆེར་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྩ་འཛུགས་རྨང་གཞི་བརྟན་དུ་བཏང་ཞིང་། ཏང་གི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུར་དམ་པོར་དམིགས་ནས་སྡེ་ཁུལ་གྱི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལས་བྱེད་པ་འདེམས་བསྐོ་དང་། གསོ་སྐྱོང་། དོ་དམ་བཅས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཚན་ཁག་གི་བྱང་ཚད་ཧྲིལ་པོ་མཐོ་རུ་བཏང་ཐོག་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྩ་འཛུགས་རྨང་གཞི་བརྟན་དུ་བཏང་བ་རེད། མིག་སྔར་བར་སྐོར་ཁྲོམ་གཞུང་སྡེ་ཁུལ་གྱི “ཨུ་ལྷན་གཉིས ”སུ་ལས་བྱེད་པ་ཁྱོན་28ཡོད་པ་དེའི་ནང་སྡེ་ཁུལ་དོ་དམ་ཉེན་རྟོག་པ་ཚན་ཁག་ནང་ཞུགས་ཚད་10%ཟིན་པ་དང་། གཤམ་གཏོང་བྱས་པའི་ལས་བྱེད་པས་17.9%བཟུང་བ། ལོ་35མན་གྱིས་40%བཟུང་བ། མཐོ་རིམ་སློབ་འབྲིང་ཡན་གྱི་རིག་གནས་ཆུ་ཚད་ལྡན་པས་50.2%བཟུང་བ་བཅས་རེད། “ཚུར་གདན་འདྲེན་པ ”དང “ཕྱིར་བསྐྱོད་པ ”གཉིས་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་ནས་སྡེ་ཁུལ་གྱི་ལས་བྱེད་པའི་གསོ་སྦྱོང་ལས་དོན་ཧུར་ཐག་སྤེལ་ཡོད། 2008ལོ་ནས་བཟུང་བར་སྐོར་ཁྲོམ་གཞུང་ཏང་ཨུད་ཀྱིས་རིམ་རྩིས་བྱས་ན་སྡེ་ཁུལ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་45གཉེར་ཏེ་སྡེ་ཁུལ་ལས་བྱེད་པ་མི་ཐེངས་580ལ་གསོ་སྦྱོང་བྱས་པ་དང་། སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་4པེ་ཅིང་དང་། སི་ཁྲོན། ཡུན་ནན་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་རྟོག་ཞིབ་སློབ་སྦྱོང་བྱེད་པར་བདམས་གཏོང་བྱས་པས་ཁོང་ཚོའི་མཐོང་ཐོས་ཡངས་སུ་ཕྱིན་པ་རེད།

        དཔུང་ཁག་ལ་སྣེ་ཁྲིད་བྱས་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་བྱས་ཤིང་། ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་གཙོ་གནད་དུ་བྱེད་པ་དང་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་ཏང་ཡོན་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ནུས་པ་འདོན་སྤེལ་བྱེད་པའི་སྟེགས་བུ་བསྐྲུན་པ། དོ་དམ་བྱེད་ཐབས་གསར་གཏོད་བཅས་བྱས་ནས་ཏང་ཡོན་དཔུང་ཁག་གི་སྐྱེ་སྟོབས་དང་གསོན་ཤུགས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་བ་དང་བརྟན་ལྷིང་སྲུང་སྐྱོང་དང་མང་ཚོགས་ལ་ཞབས་ཞུ་བྱེད་པའི་ཁྲོད་ཀྱི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། 2008ལོ་ནས་བཟུང་བར་སྐོར་ཁྲོམ་གཞུང་ཏང་ཨུད་ཀྱིས་ཏང་ཡོན་ཁྱོན་11འཕེལ་རྒྱས་བཏང་བའི་ཆ་སྙོམས་ལོ་28ཡིན་པ་དང་། ཏང་ཡོན་7ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྐྱོང་བྱས་པ་དང་། ཕུལ་བྱུང་གི་ཕྱུག་འགྱུར་སྣེ་ཁྲིད་པ་6ཏང་ཡོན་དུ་གསོ་སྐྱོང་བྱས་པ། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་3སྡེ་ཁུལ་ལས་བྱེད་པར་གསོ་སྦྱོང་བྱས་པ་བཅས་རེད། ཁོའོ་རིམ་པའི་ལས་བྱེད་པ་6དང་ཏང་ཡོན་75སྒྲིག་འཛུགས་བྱས་ཏེ་དཀའ་ངལ་ཡོད་པའི་ཏང་ཡོན་དང་དཀའ་ངལ་ཡོད་པའི་མང་ཚོགས་དང་ཆ་སྒྲིག་བྱས་པར་རིམ་རྩིས་བྱས་ན་སྡེ་ཁུལ་གྱི་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་450ལྷག་ཙམ་སྒྲུབ་པ་དེ་མ་དངུལ་སྒོར་ཁྲི་120ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད།

        དོ་དམ་དམ་འཛིན་བྱས་ནས་ཁྲོམ་གཞུང་སྡེ་ཁུལ་གྱི་མཐུན་སྦྱོར་བརྟན་ལྷིང་ལ་སྐུལ་འདེད་བཏང་ཞིང་། གྲོང་ཁྱེར་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་བྱ་རྒྱུ་གོ་སྐབས་སུ་བྱས་ནས་སྒྲིག་སྲོལ་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་བ་དང་དོ་དམ་སྒྲིག་སྲོལ་ལེགས་སྒྲིག་བྱས་ནས “འགོ་ཁྲིད་མ་ལག་དང་ལས་རིགས་ཟུང་འབྲེལ་དང་ལས་རིགས་གཙོ་བོར་བྱེད་པའི ”གྲོང་ཁྱེར་དོ་དམ་ཆགས་སྟངས་ཧུར་ཐག་གཏོད་དེ་ཁྲོམ་གཞུང་སྡེ་ཁུལ་དོ་དམ་ཞབས་ཞུའི་ལས་དོན་ཐད་གོང་འོག་ཚང་མར་ཁྱབ་པ་བྱས་ནས་ཁྲོམ་གཞུང་སྡེ་ཁུལ་གྱི་མཐུན་སྦྱོར་བརྟན་ལྷིང་ལ་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།