དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ས་མཐོའི་གང་སར་ཉམས་འགྱུར་མངོན། ཚྭ་མཚོའི་འགྲམ་དུ་ཏང་དར་དམར།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ད་ཕན་ལོ་ཤས་རིང་དགེ་རྒྱས་རྫོང་ཚྭ་ཁ་ཤང་ཏང་ཨུད་ཀྱིས་ལས་དོན་གྱི་འདུ་ཤེས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་། འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ནན་པོ་བྱེད་པ། རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་འདིང་བ། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་ཁུལ་དུ་ཏང་གི་སྲིད་འཛིན་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་རེད།

        ལྟེ་བར་དམིགས་ནས་ཏང་འཛུགས་ལ་དམ་འཛིན་བྱེད་པ་དང་། ཚན་ཁག་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ཏེ་རང་ངོས་ཀྱི་ནུས་པ་ཆེ་རུ་གཏོང་བ། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་ལ་དེ་བས་མཐོང་ཆེན་བྱེད་པའི་མི་སྤྱོད་ཀྱི་ཚད་གཞི་མཐའ་འཁྱོངས་བྱེད་པ། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལེགས་འདེམས་ཧྲག་སྒྲུག་བྱེད་པ། གྲོང་ཚོ “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་ཚོ “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་སྐབས་བརྗེ་རེས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱས་ནས་ཆབ་སྲིད་ཐད་བློས་འཁེལ་བ་དང་། ལས་ཀའི་ཐད་འཇོན་ཐང་ཡོད་པ། ལས་ཀ་བྱེད་ཐུབ་པ། ལས་ཀ་བྱེད་བསམ་པ་སོགས་ཀྱི་ཤེས་ལྡན་པ་གྲོང་ཚོའི་འགོ་ཁྲིད་ཚན་ཁག་ཁྲོད་དུ་འདེམས་པ། གྲོང་ཚོ “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་ལེགས་འདེམས་ཧྲག་སྒྲུག་བྱེད་པ་བཅས་བྱེད་ཀྱི་ཡོད། ཏང་ཡོན་དཔུང་ཁག་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕ་ཡུལ་དུ་ཕྱིར་ལོག་བྱེད་མཁན་ལས་མི་དང་། སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མ། ཕྱུག་འགྱུར་འཇོན་ཐང་ཅན་བཅས་ཀྱི་ཁྲོད་དུ་ཏང་ཡོན་འཕེལ་རྒྱས་གཏོང་བ་དང་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འཐབ་ཕྱོགས་དང་པོ་དང་བུད་མེད་ཀྱི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

        སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་བྱེད་པ་དང་འདུ་ཤེས་བསྒྱུར་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོས་ཤིང་། ཤང་ཏང་ཨུད་ཀྱིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ལ “གསོད་མི་ཕོད་པ་དང་ཚོང་མི་ཕོད་པ ”དང “སུ་ཞིག་གི་ཁྱིམ་ལ་ཕྱུགས་རིགས་མང་བ་ཡོད་ཚེ་དེ་ཕྱུགས་པོ་ཡོད་པར་བརྩི་བའི ”འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། དངུལ་ལོར་གྱི་འདུ་ཤེས་རིམ་བཞིན་ཆེ་རུ་གཏོང་བ། ཚོང་ཟོག་གི་འདུ་ཤེས་དང་ཁྲོམ་རའི་དཔལ་འབྱོར་གྱི་འདུ་ཤེས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་རིགས་བཤས་གཏོང་བའི་དུས་འཁོར་ཁོང་དུ་ཆུད་པ་བྱེད་པ། ཕྱུགས་རིགས་བཤས་ཚད་མང་དུ་གཏོང་བ་བཅས་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་བཀོད་པ་དང་རྣམ་པར་འགྱུར་ལྡོག་ཧུར་ཐག་བཏང་བ་རེད། ཤང་ཏང་ཨུད་ཀྱིས་མང་ཚོགས་ལ་སྣ་མང་གཉེར་སྐྱོང་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་བ་དང་། དཔལ་འབྱོར་འཁྲུག་ཏུ་ཧུར་ཐག་གཏོང་བ། མང་ཚོགས་ལ་དངུལ་སྨར་ཡོང་འབབ་མང་པོ་ཡོང་ཐབས་བྱེད་པ་དང་། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་དང་སློབ་གསོའི་བྱ་གཞག་ལ་དམ་འཛིན་ཤུགས་ཆེན་བྱེད་ཀྱི་ཡོད།

        འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་བརྟན་ལྷིང་སྲུང་སྐྱོང་དང་། དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་བརྟན་ལྷིང་སྲུང་སྐྱོང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་རེད། གཙོ་གནད་ཁྱབ་ཁོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་དམ་འཛིན་ཡག་པོ་བྱས་ཤིང་། དགོན་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགོན་པའི་སྒྲིག་སྲོལ་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བ། དགོན་པའི་གྲྭ་བཙུན་བཅོས་སྒྲིག་གཙང་བཤེར་དང་ལས་མེད་དལ་སྡོད་བྱེད་མཁན་ཕྱིར་འཐེན་བྱ་རྒྱུར་སྐུལ་མ་ནན་ཏན་གཏོང་བ། བདེ་འཇགས་ཀྱི་དགོན་སྡེ་ཞིག་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། རྒྱ་ཁྱབ་ངང “རྒྱ་རིགས་དང་དེ་བཞིན་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པ་བོད་ཡིག་དང་བོད་སྐད་སློབ་སྦྱོང་བྱ་རྒྱུ་དང་། བོད་རིགས་དང་དེ་བཞིན་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པ་སྤྱི་སྐད་དང་རྩོམ་འབྲི་སློབ་སྦྱོང་བྱ་རྒྱུ། ཤང་ཡོངས་ཀྱི་ས་གནས་གཞན་གྱི་ལས་བྱེད་པས་མཉམ་དུ་ཡུལ་སྐད་སློབ་སྦྱོང་བྱ་རྒྱུ ”བཅས་གཙོ་བོའི་ནང་དོན་བྱེད་པའི “སྐད་ཡིག་གཉིས་དང་སློབ་སྦྱོང་གཉིས ”ཀྱི་བྱེད་སྒོ་སྤེལ་བས་ལས་བྱེད་པའི་སྐད་གཉིས་ཀྱི་སྦྱོང་སྤྱོད་ཆུ་ཚད་མཐོ་རུ་ཕྱིན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།